མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ནག་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཡིས་ད་ལོའི་ལོ་གསར་ལ་དགའ་སྟོན་བྱ་རྒྱུ་མིན་པར་ལོ་ནག་པོ་སྲུང་གཙི་བྱ་རྒྱུ་ཡིན་ཟེར།

ཚེས་ ༢༧ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཁང༌། བོད་རང་དབང་སློབ་ཕྲུག་ཚོགས་པ་དང་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱིས། ད་ལོ་ས་གླང་ལོའི་བོད་ལུགས་ལོ་གསར་འདི་སྲུང་གཙི་བྱ་རྒྱུ་མིན་པ་དང༌། དེའི་ཚབ་ཏུ་ལོ་ནག་པོ་ཞེས་པ་སྲུང་གཙི་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་རེད། འདིའི་ཐད་ཚོགས་པ་བཞིའི་བོད་སྐད་མགྲིན་ཚབ་པ་དགུ་བཅུ་གསུམ་ལས་འགུལ་ཁང་གི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་འདི་ག་གསར་ཁང་ལ་བརྗོད་དོན། ད་ལོ་༧གོང་ས་མཆོག་གཙོས་པའི་བོད་མི་རྣམས་བཙན་བྱོལ་ལ་སླེབས་ནས་མི་ལོ་ ༥༠ འཁོར་བ་དང༌། གཞིས་ལུས་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་འོག་འཚོ་བ་རོལ་ནས་མི་ལོ་ ༥༠ འཁོར་གྱིན་ཡོད་པ་དང༌།  དམིགས་བསལ་གྱིས་སྤྱི་ལོ་ ༢༠༠༨ ལོར་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་མང་པོས་རང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་བ་དང༌། ད་ལྟའི་ཆར་བཙོན་ཁང་དུ་སྡུག་པོ་མྱོང་བཞིན་པ་སོགས་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་ལ་རྒྱར་རང་དབང་ལུང་པར་ཡོད་པའི་བོད་མི་ཚོ་ཧང་སངས་དགོས་པ་དེ་འདྲ་རེད། བོད་མིའི་སྲོལ་རྒྱུན་དུ་ནང་གི་སྤུན་ཟླ་དང་ཉེ་མི་འདས་གྲོངས་ཕྱིན་སྐབས་ནང་མི་ཚོས་ལོ་གཅིག་ལ་མྱ་ངན་ཞུ་གི་ཡོད་པ་ལྟར། བོད་རིགས་སྤུན་ཟླ་མང་པོ་རང་གི་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་ཏེ་ལོ་གཅིག་གི་དུས་ཡུན་ད་དུང་རྫོགས་མེད་པས་ང་ཚོའི་བཙན་བྱོལ་བོད་མི་རྣམས་ཀྱིས་མྱ་ངན་ཞུ་དགོས་པ་དང༌།  ཟླ་འདིའི་ཚེས་ ༢༣ ཉིན་ཆབ་མདོ་ཚ་བ་མཛོ་སྒང་དུ་བོད་མི་ཞི་རྒོལ་བ་ཞིག་བསད་པ་བཅས་གཞི་རྩར་བཞག་སྟེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཡི་ངོས་ནས་རང་དབང་ལུང་བའི་ནང་གི་བོད་རིགས་མི་མང་རྣམས་ལ་ལོ་གསར་བར་དགའ་སྟོན་ལ་མི་རོལ་བའི་འབོད་སྐུལ་ཞུ་གི་ཡོད།  ལོ་ནག་པོ་གཙི་སྲུང་བྱེད་སྟངས་ནི་ལོ་གསར་ཚེས་ ༡ ཉིན་མི་མང་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ལ་འཛོམས་ནས་བསྔོ་སྨོན་གསོལ་འདེབས་ཞུ་རྒྱུ་ཡིན། མི་མང་དེ་ཚོས་ནམ་རྒྱུན་ལོ་སར་ཆེད་དངུལ་འབོར་ཆེན་བེད་སྤྱོད་བཏང་ནས་སྤྲོ་སྐྱིད་ལ་རོལ་བའི་ལུགས་སྲོལ་ཡོད་ཀྱང། ད་ལོར་འགྲོ་སོང་དེ་ཚོའི་ཁྲོད་ནས་ཉུང་ཙམ་ལས་ཞལ་འདེབས་ལ་འདུལ་མི་ཐུབ་ཀྱང་འབུལ་རོགས་ཞུ་རྒྱུ་ཡིན། ༢༠༠༩  ལོ་ནི་བོད་མི་རིགས་ལ་མཚོན་ན་ལོ་རྒྱུས་ནང་གི་ལོ་ཁྱད་པར་བ་ཞིག་ཡིན་པས་ལས་འགུལ་གྱི་རིགས་མང་པོ་སྤེལ་གི་རེད། ས་གནས་སོ་སོ་ནས་ཚོགས་པ་གང་ཞིག་ཡིན་ཡང་བོད་དོན་ཆེད་ལས་འགུལ་སྤེལ་ཚེ་དེ་ལ་འགྲོ་སོང་དགོས་པ་བཞིན། བོད་མི་ཚོས་ལོ་སར་གྱི་འགྲོ་སོང་ནང་ནས་ཉུང་ཙམ་རེ་རང་རང་གི་ས་གནས་ནས་མི་རིགས་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་མཁན་ཚོར་ཞལ་འདེབས་སུ་འབུལ་རོགས་ཞུ་རྒྱུ་ཡིན།  ཞེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣

མཆན། 1

  1. བསེ་རུ། says:
    ལོ་ 17 སྔོན།

    ད་ལོའི་ལོ་གསར་བརྩི་ལུགས་འདི།།
    ལོ་ནག་མྱ་ངན་ལོ་རུ་བརྩི།།
    ང་དགུ་དྲན་གསོའི་ལོ་རུ་བརྩི།།
    ལོ་རྒྱུས་ནང་གི་བརྗེད་ཐོ་ཞིག།

    ལོ་གསར་ཚེས་གཅིག་མྱ་ངན་བྱེད།།
    ཆུ་ཕུད་ཇ་ཕུད་ཟས་ཕུད་སོགས།།
    ཚེ་སྲོག་འབུམ་གྱི་རྣམ་ཤེས་ལ།།
    མྱ་ངན་མཆོད་པའི་ཚུལ་དུ་འབུལ།།

    ཕྱག་དང་མཆོད་པ་བསངས་གསོལ་རྣམས།།
    འདས་ཟིན་དཔའ་བོ་དཔའ་མོ་ཡི།།
    རྣམ་ཤེས་ཚུར་ལ་འགུག་བཞིན་དུ།།
    དྲིན་བྱས་དྲིན་གཟོའི་སླད་དུ་འབུལ།།

    ཕྱོགས་བཞི་མཚམས་བརྒྱད་བཞུགས་པ་ཡི།།
    བོད་རིགས་མགོ་ནག་རྩམ་གཟན་རྣམས།།
    ཡིད་གདུང་མཆི་མས་བརླན་བཞིན་དུ།།
    ཉིས་སྟོང་དགུ་ཡི་ལོ་གསར་བསུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese