མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་དགུན་དུས་ཀྱི་དྲག་རྡུང་ལས་འགུལ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཤས་གོང་ནས་རྒྱ་གཞུང་གིས་དགུན་དུས་དྲག་རྡུང་གི་ལས་འགུལ་སྤེལ་ཏེ་བདུན་ཕྲག་གཅིག་གི་རིང་ལྷ་ས་གྲོང་ཁྱེར་དུ་མི་ ༨༤༢༤ ལྷག་ལ་ཞིབ་བཤེར་དང་མི་ ༨༡ བཀག་ཉར་བྱས་ཡོད་འདུག ད་དུང་ལྷ་ས་སྤྱི་བདེ་ཁང་གིས་གྲོང་ཁྱེར་ཡོངས་སུ་དམག་མི་ ༦༠༠ དང་དམག་མིའི་རླངས་འཁོར་ ༡༦༠ གསར་དུ་བཀྲམས་ཏེ་གཞིས་གྲོང་ཁག་ ༧ དང་བོགས་གཏོང་མགྲོན་ཁང་ ༡༩༢༢། གསོལ་མགྲོན་ཁང་ ༡༤། དྲ་ཁང་ ༣ བཅས་སུའང་ཞིབ་བཤེར་བྱས་ཡོད་འདུག

ཕྱི་ཚེས་ ༢༩ ཉིན་འདི་གའི་གསར་འགོད་པས་གནས་ཚུལ་འདིའི་སྐོར་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལས་རོགས་པ་འཇམ་དཔལ་སྨོན་ལམ་ལགས་སུ་དྲིས་པར་ཁོང་གིས། བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བ་དང་ལྷ་སའི་དགོང་དྲོའི་ཚགས་པར་ནང་ཐོན་པ་ལྟར་ན། ཟླ་འདིའི་ཚེས ༡༨ ནས་དགུན་དུས་ཀྱི་དྲག་རྡུང་ལས་འགུལ་དེ་ལྷ་ས་གྲོང་ཁྱེར་ནང་མགོ་བཙུགས་འདུག ད་ཐེངས་ཀྱི་ལས་འགུལ་འདི་ནི་རྒྱ་ཆེན་པོ་ཞིག་རེད། དཔེར་ན་ལྷ་སའི་དགོང་དྲོའི་ཚགས་པར་ལྟར་་ན་དམག་མིའི་མོ་ཌ ༡༦༠ དང་དམག་མི ༦༠༠ ལྷག་ཅིག་གིས་ལྷ་ས་གྲོང་ཁྱེར་ཁྱོན་ཡོངས་སུ་ཞིབ་བཤེར་བྱེད་པར་མགོ་བརྩམས་ཡོད་པ་རེད། ད་སྐབས་དྲག་རྡུང་ལས་འགུལ་ཟེར་བ་ཞིག་དང༌། ཕྱོགས་ཡོངས་ཀྱི་སྔོག་བཤེར་ལས་འགུལ་ཟེར་བ་གཉིས་འགྲོ་བསྡད་འདུག སྔོག་བཤེར་བྱས་པའི་ལས་འགུལ་དེའི་ནང་མི ༥༧༦༦ ལ་སྔོག་བཤེར་དང༌། དེ་བཞིན་མགྲོན་ཁང་དང་དྲ་ཁང་སོགས་ལའང་སྔོག་བཤེར་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་འདི་ནི་ལྷ་སའི་བདེ་འཇགས་ཀྱི་ཆེད་དུ་ཡིན་སྐོར་བཤད་ཀྱིན་ཡོད་པ་རེད་དེ། ང་ཚོས་འདི་ནི་་ཆབ་སྲིད་ཀྱི་གཙང་བཤེར་ཞིག་རེད་ཟེར་གྱིན་ཡོད། དེ་ག་རེ་རེད་ཟེར་ན། ན་ནིང་གི་གསུམ་བཅུའི་དུས་དྲན་ནས་བཟུང་བོད་པར་དོགས་ཟོན་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། ༢༠༠༩ ལོར་དེ་འདྲ་ཞིག་མི་ཡོང་བའི་ཆེད་དུ་སྔོན་འགོག་བྱེད་ཀྱིན་ཡོད་པ་རེད། ང་ཚོར་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན་ལྷ་ས་གྲོང་ཁྱེར་ནང་གཏན་འཇགས་ལས་ཀ་མེད་མཁན་དང་གནས་སྐབས་རིང་བསྡད་ཆོག་པའི་ལག་འཁྱེར་མེད་པ། ད་དུང་སྐྱེས་ཡུལ་ལྷ་ས་ནས་མིན་པ་དེ་ཚོའི་རིགས་དང༌། ནམ་རྒྱུན་བོད་དོན་ཐོག་དོ་སྣང་ཡོད་རིགས་ལ་དཀའ་ངལ་ཆེན་པོ་ཡོང་གི་འདུག་ཟེར། རྒྱ་ནག་གཞུང་གིས་དོགས་པ་ཡོད་རིགས་ཀྱི་མི་རྣམས་ཉེས་པ་མེད་ཀྱང་འཛིན་བཟུང་བྱས་ནས། ཁྱེད་རང་ཟླ་བ་གསུམ་པའི་ཚེས་པ་བཅུ་བཞིའི་ཉིན་མོ་གང་དུ་ཡོད་མེད་དང་དཔང་རྟགས་སུས་བྱེད་མིན་སོགས་འདྲི་གི་འདུག་ཟེར། དེ་དུས་ལན་ཏག་ཏག་བསྐྱོན་མ་ཐུབ་པ་དང་སྐད་ཆ་ཏག་ཏག་མ་བསྡད་པའི་རིགས་ཚང་མ་འཛིན་བཟུང་བྱེད་ཀྱིན་འདུག་ཟེར། དེ་བས་རྒྱ་ནག་གིས་བཤད་པ་ནང་བཞིན་གྲོང་ཁྱེར་གྱི་བདེ་འཇགས་གཅིག་པོ་མ་རེད། ཆབ་སྲིད་ཀྱི་གཙང་བཤེར་ཞིག་རེད་ཟེར་གྱིན་ཡོད་ཅེས་འདི་ག་གསར་ཁང་ལ་བརྗོད་བྱུང༌།
ཕྱི་ཚེས་ ༢༩ ཉིན་གྱི་གནས་ཚུལ་ལྟར་ན། ད་ཐེངས་ཀྱི་དགུན་དུས་དྲག་རྡུང་གི་ལས་འགུལ་འདིའི་ནང་མི ༦༠༠༠ ལ་ཞིབ་བཤེར་དང་མི ༨༡ བཀག་ཉར་བྱས་པའི་ཁྲོད་ཀྱི་མི་གཉིས་ལ་ལག་འཁྱེར་ཁ་པར་ནང་གསར་བརྗེ་ངོ་ལོག་གི་གཞས་ཉར་པའི་ཉེས་མིང་འོག་འཛིན་བཟུང་དང་མི་ ༣༠ སྨད་འཚོང་མ་དང་རྐུན་མ། ཇག་པ་བཅས་ཀྱི་ཉེས་མིང་འོག་བཀག་ཉར་བྱས་འདུག་ལ། མི ༥༡ ལ་ཉེས་མིང་གསལ་མེད་པར་བཀག་ཉར་བྱས་འདུག་འདིའི་ཐད་ཁོང་གིས། གཞས་ག་རེ་ཡིན་མིན་དང་མི་དེ་གཉིས་སུ་ཡིན་མིན་གསལ་ཁ་མེད། སྤྱིར་ལྷ་ས་ནས་དེའི་སྐོར་ལ་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། ཉེ་སྔོན་ཡང་མི་ལྔ་ཞིག་གསར་བརྗེ་ངོ་ལོག་གི་གཞས་ཀྱི་ཉེས་མིང་འོག་ལྷ་ས་ནས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། བཀག་ཉར་བྱས་པའི་མི ༥༡ དེ་ང་ཚོས་ཚོད་དཔག་བྱས་པ་ལྟར་ན་ཞི་བའི་ངོ་རྒོལ་སྐབས་ཀྱི་མི་དེ་འདྲ་རེད་ཟེར་གྱིན་ཡོད། ཟླ་འདིའི་ཚེས ༢༣ ཉིན་མི་ ༥༧༦༣ ལ་ཞིབ་བཤེར་བྱས་འདུག  དེ་ནས་ཉིན་གསུམ་འགོར་རྗེས་ཞིབ་བཤེར་བྱས་པའི་མི་གྲངས་ ༨༠༠༠ ལ་བསླེབས་འདུག དེ་འདྲ་བྱས་ནས་ཉིན་རེ་ཉིན་རེར་མི་གྲངས་འཕར་ནས་འགྲོ་གི་ཡོད་པ་རེད། དེའི་ནང་ནས། ང་རང་གི་བསམ་ཚུལ་ལ་མང་ཤོས་ཤིག་ཆབ་སྲིད་ཀྱི་གནད་དོན་ཐད་ནས་འཛིན་གྱིན་ཡོད་པ་རེད་བསམ་གི་འདུག ད་ཁོ་རང་ཚོས་བཀག་ཉར་བྱས་པ་དེའང་གཤང་བཙོང་མ་དང་རྐུན་མ་དེ་ཚོར་ཁ་གཡར་བ་མ་གཏོགས་དོན་དངོས་སྟེང་ཆབ་སྲིད་ཀྱི་གཙང་བཤེར་ཆེན་པོ་ཞིག་རེད་བསམ་གི་འདུག གང་ཡིན་ཟེར་ན་ཉེ་ཆར་ལྷ་ས་ལྗོངས་ཡོངས་ཀྱི་བདེ་སྲུང་ཉེན་རྟོག་པ་ཚོར་ངོ་རྒོལ་ལ་སྲུང་སྐྱོབས་བྱེད་ཆེད་ཀྱི་གོ་ལག་རྒྱ་སྒོར་ཁྲི་སྟོང་ཕྲག་མང་བོའི་རིན་ཐང་ཅན་གྱི་གོ་ལག་སྤྲད་ཡོད་པ་རེད། ཆེད་དུ་ཞི་བའི་ངོ་རྒོལ་ལ་རྡུང་རྡེག་བྱེད་ཆེད་ཀྱི་ཅ་ལག་དེ་འདྲ་སྤྲད་ཡོད་པ་རེད། མིག་ཆུ་ཡོང་བྱེད་ཀྱི་མེ་མདའི་རྫས་ཤིག་ཡོད་པ་རེད། དེ་སྤྲད་ཡོད་པ་རེད། ཕུབ་འདྲ་མིན་སྣ་ཚོགས་སྤྲད་ཡོད་པ་རེད། དེ་ཚོར་བལྟས་ན་ད་ཐེངས་ཀྱི་ལས་འགུལ་འདིའང་ཞི་རྒོལ་བ་ཚོ་སྔོན་བཀག་གི་ཆེད་དུ་ཡིན་པ་ནི་གསལ་བོ་གསལ་རྐྱང་རེད་ཟེར།
དྲག་རྡུང་ལས་འགུལ་འདི་ནི་ཐོག་མར་ ༡༩༨༣ ནས་མགོ་བཙུགས་པ་ཞིག་རེད། དེར་བརྟེན་ད་ལོ་དང་འདས་པའི་ལོ་ངོ ༢༦ རིང་གི་གནས་སྟངས་འདྲ་མིན་ཐད་ཁོང་གིས།  སྔོན་མ་དང་བསྡུར་ན་ད་ཐེངས་རྒྱ་ཆེན་པོ་དང་གཏིང་ཟབ་མོ་འདྲ་བོ་རེད། སྔོན་མ་ཡིན་ན་ཁང་བ་དང་འགྲིམ་འགྲུལ་སྐོར་ཞིབ་བཤེར་བྱེད་ཀྱིན་ཡོད་པ་མ་རེད། རྐུན་མ་དང་ཉེས་ཅན་པ་དེའི་རིགས་མ་གཏོགས་སྔོག་བཤེར་བྱེད་ཀྱིན་ཡོད་པ་མ་རེད། ཡིན་ནའང་ད་ལོར་རྒྱ་ནག་ལ་མཚོན་ན་བློ་འཚབ་ཆེན་པོ་ཡོད་ས་རེད། ལྷག་པར་དུ ༢༠༠༩ ལོ་ནི་ན་ནིང་ལ་བལྟས་ནའང་ཛ་དྲག་གི་ལོ་ཞིག་མཐོང་གི་ཡོད་ས་རེད་ཟེར། ཡང་རྒྱ་ནག་གིས་ཉེས་ཅན་པར་བརྩི་བའི་མི་འདུག་སའི་ས་གནས་ཁག་ཅིག་ལ་སྔོག་བཤེར་བྱས་ནས་མི ༦༠༠༠ བཀག་ཉར་བྱས་ཡོད་པ་དང་ས་ཁུལ་དེ་དག་གང་ཡིན་མིན་གྱི་སྐོར་ནས་དྲིས་པར་ཁོང་གིས་བརྗོད་དོན། དེ་གསལ་བོ་མ་ཤེས་ཏེ་ཕལ་ཆེར་ལྷ་སའི་བར་སྐོར་དང་བོད་མི་གནས་བསྡོད་བྱེད་སའི་ས་ཁུལ་ཚང་མ་འཁེལ་གྱི་ཡོད་པ་རེད་བསམ་གི་འདུག་ཟེར།  མཐའ་མཇུག་ད་ལོར་དམིགས་བསལ་གྱིས་དྲག་རྡུང་ལས་འགུལ་འདི་འདྲ་ཞིག་སྤེལ་བའི་ཐོག་ལ་ཁྱེད་རང་གི་ངོས་ནས་ག་རེ་བསམ་གི་ཡོད་མེད་དྲིས་པར་ངས་ད་ཐེངས་ཀྱི་དྲག་རྡུང་ལས་འགུལ་འདི་དམིགས་བསལ་གྱི་ཆབ་སྲིད་གཙང་སེལ་གྱི་ལས་འགུལ་ཞིག་རེད་བསམ་གི་ཡོད། ལྷག་པར་དུ་ལྷ་ས་དེ་བོད་མི་ཚོས་ངོ་རྒོལ་བྱེད་སའི་གཡུལ་ས་ལྟ་བུ་ཞིག་ཆགས་ཡོད་པ་རེད། དེ་བས ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གནས་ཚུལ་འདི་འདྲ་ཞིག་གི་སྒང་ན་ཡོད་དུས་ཡང ༢༠༠༩ ལོར་གནས་ཚུལ་གསར་བ་ཞིག་ཁ་སྣོན་བྱེད་ན་ཁོང་ཚོར་ཡང་དཀའ་ངལ་ཡོད་པ་རེད། དེའདྲ་མི་ཡོང་བའི་ཆེད་དུ་སྔོན་འགོག་བྱེད་ཀྱིན་ཡོད་པ་རེད་བསམ་ཡོད་ཅེས་ནས་བརྗོད་སོང༌། 

ཟླ་འདིའི་ཚེས་ ༡༩ ཉིན་རྒྱ་ནག་གི་སྐབས་དགུ་བའི་མི་དམངས་ཚོགས་འདུ་ཐེངས་གཉིས་པའི་མཇུག་བསྡོམས་ཐོག དེང་སྐབས་བོད་ལྗོངས་ནི་ཁ་བྲལ་བར་ངོ་རྒོལ་བྱེད་པའི་ཚ་རླབས་ཀྱི་དུས་ཡིན་པ་དང༌། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཁ་བྲལ་བར་ངོ་རྒོལ་དང༌། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང༌། བོད་ལྗོངས་བརྟན་ལྷིང༌། དགྲ་བོའི་གནས་ཚུལ་གྱི་འགྱུར་ལྡོག་ལ་དོགས་ཟོན་གྱིས་མགོ་མཇུག་བར་གསུམ་དུ་དྲག་གནོན་རྒོལ་འཛིངས་ཀྱི་སྟ་གོན་བྱ་རྒྱུ། གཞན་ཡང་བོད་ལྗོངས་ཞིང་བྲན་ཁྲི་བརྒྱ་བཅིངས་འགྲོལ་བྱས་པའི་དུས་དྲན་སྲུང་གཙིའི་ལས་འགུལ་རྒྱུན་སྐྱོང་བྱས་ཏེ། བོད་ལྗོངས་ཡུན་རིང་བརྟན་ལྷིང་བདེ་འཇགས་ཡོང་བར་བསམ་བློའི་རྨང་གཞི་འཛུགས་དགོས་ཞེས་ཀྱང་བརྗོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    རྒྱ་ནག་གིས་བོད་ཡུལ་བཙན་འཕྲོག་བྱེད་རྒྱུ་དང་བོད་པར་དྲག་རྡུང་བྱེད་རྒྱུ་དེ་ཁོ་ཚོའི་ཐོབ་ཐང་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད་ཟེར། དངོས་གནས་དེ་འདྲ་ཞིག་ཡིན་དེ་ལ་བོད་གཞུང་གི་ངོས་ནས་ག་རེ་བྱེད་དགོས་ཀྱིན་འདུག མི་སྒེར་གྱི་ངོས་ནས་ག་རེ་བྱེད་དགོས་ཀྱིན་འདུག ང་ཚོར་གྲ་སྒྲིག་ཅི་ཡོད། འདིའི་སྐོར་ལ་གླེང་སློང་ཤུགས་ཆེ་ཙམ་བྱས་ན་ལམ་ཀ་ཞིག་རྙེད་ཀྱི་རེད། རྣམ་པ་ཚོས་གཟིགས་ན།

    Reply
  2. འཁྱམས་པོ། says:
    ལོ་ 17 སྔོན།

    འཕྲོག་བཅོམ་དང་རྐུ་འཁྱེར་ རྡུང་རྡེག་དང་གསོད་གཏུབ་་ དོན་དངོས་ཐོག་རྒྱ་གཞུང་ནི་ དྲག་སྤྱོད་པ་དང་ཇག་རྐུན་ཚོགས་པ་དངོས་ཞིག་རེད།
    ད་སྐབས་ཁོ་ཚོས་ཧམ་སེམས་རྐུབ་སྟེགས་དེ་ཆག་ལ་ཉེ་པས་གནོང་ལ་ཐུགས་ཡོང་དུས་ད་སྨྱོ་ལ་ཁད་གྱིས་ཅི་ཡང་བྱེད་གྱིན་ཡོད་པ་རེད།

    Reply
  3. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    ད་རྡུང་གཅོག་འཕྲོག་བཅོམ་གྱི་ལས་ཀ་ངོ་མ་བྱེད་མཁན་དེ་ཁོ་རང་ཚང་རེད་མ་སོང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese