མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་ས་ནས་ལག་འཁྱེར་མེད་ན་སྡོད་ཐུབ་པ་མི་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ད་སྐབས་ལྷ་ས་གྲོང་ཁྱེར་དུ་གནས་སྡོད་ཆོག་མཆན་ལག་འཁྱེར་མེད་ན་ཉིན་གཅིག་ལའང་འདུག་མི་ཆོག་པའི་བཀའ་རྒྱ་བསླེབས་འདུག་ལ། དེ་ནི་གསུམ་བཅུའི་དུས་དྲན་ཐོན་ལ་ཉེ་བའི་དབང་གིས་རེད་ཟེར།

འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ཆར་ནས་ལྷ་ས་གྲོང་ཁྱེར་དུ་གནས་སྐབས་རིང་བསྡད་ཆོག་པའི་ལག་འཁྱེར་ཙན་དྲོའུ་དྲན་ཟེར་བ་དེ་མེད་ན་ཡུལ་ལུང་གཞན་པ་ནས་ཡོང་བའི་བོད་མི་རྣམས་ལྷ་ས་ནས་ཉིན་གཅིག་ལའང་བསྡད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། བཀའ་རྒྱ་དེ་དངོས་སུ་ལག་བསྟར་ལའང་འདེབས་ཀྱིན་འདུག་ཟེར། ཕྱི་ཚེས་ ༢༥ ཉིན་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་རྒྱུར། ཉེ་སྔོན་ང་དང་ངའི་གྲོགས་པོ་སྐོར་ཞིག་གིས་ལྷ་ས་ནས་ཚོང་ཙག་ཙིག་རེ་བརྒྱབས་ནས་རྒྱ་གར་དུ་འབྲོ་ཨེ་ཐུབ་ལ་རེ་བ་བྱས་ནས་བསྡད་པ་ཡིན། ཉིན་ཞིག་དྲག་ཆས་ཉེན་རྟོག་པ་འགའ་ཡོང་ནས་ཁྲོམ་ལམ་དུ་ང་ཚོའི་ཉིན་རེའི་འཚོ་བ་སྐྱེལ་ཐབས་ཀྱི་ཚོང་ཟོག་ཙག་ཙིག་དེའང་འཕྲོག་ནས་འགྲོ་སོང་བ་མ་ཟད། ང་ཚོར་གནས་སྐབས་རིང་ལྷ་སར་བསྡད་ཆོག་པའི་ལག་འཁྱེརཙན་དྲོའུ་དྲནམེད་པས་བདུན་ཕྲག་གཅིག་ཙམ་ལ་བཙོན་ཁང་ནང་བཅུག་སོང༌། ང་ཚོ་ཙམ་མ་རེད། ང་ཚོ་འདྲ་བོའི་མི་གཞན་པའང་གནས་སྡོད་ཆོག་མཆན་གྱི་ལག་འཁྱེར་མེད་པར་བསྙད་ནས་འཛིན་བཟུང་བྱེད་ཀྱིན་འདུག ད་ལོ་ནི་ན་ནིང་ལས་ཀྱང་དམ་དྲག་ཤུགས་ཆེན་པོ་འདྲ་བོ་མཐོང་སོང་ལ༌། དྲག་སྤྱོད་བྱེད་སྟངས་ཀྱི་རྣམ་པའང་འགྱུར་བ་ཐེབས་པ་འདྲ་བོ་མཐོང་སོང༌། ད་སྐབས་ལྷ་སའི་ཁྲོམ་ར་དང་གླིང་ཀ་གཏོང་ས་སོགས་ལྟ་སྐོར་བ་མང་བོ་ཡོང་ས་དེ་འདྲ་ན་དྲག་ཆས་ཉེན་རྟོག་པ་དེ་འདྲའི་མང་བོ་མཐོང་རྒྱུ་མི་འདུག་ཀྱང༌། ཁོང་ཚོས་དམ་དྲག་བྱ་རྒྱུའི་ཐོག་གྲ་སྒྲིག་ཡག་ཐག་ཆོད་བྱས་ཡོད་འདུག གལ་སྲིད་ན་ནིང་ནང་བཞིན་འོས་ལངས་ཤིག་བྱས་པ་ཡིན་ན་མི་གཅིག་ཀྱང་འགུལ་རྒྱུ་མེད་པའི་བཟོ་འདྲ་བོ་འདུག དེ་ངའི་མཐོང་སྣང་ཡིན་ཞེས་བརྗོད་སོང༌།

ལྷ་སར་གནས་སྐབས་རིང་བསྡད་ཆོག་པའི་ལག་ཁྱེར་ཡོད་ན་བདེ་འཇགས་ག་འདྲ་ཡིན་མིན་གྱི་ཐད་ནས་དྲིས་པར་ཁོང་གིས། གནས་སྡོད་ཆོག་མཆན་གྱི་ལག་འཁྱེར་དེ་ཡོད་ཀྱང་སོ་སོ་འགྲོ་ཤེས་འདུག་ཤེས་མ་བྱས་ན་བདེ་འཇགས་ཡོད་པ་མ་རེད། དཔེར་ན་ཁྲོམ་ནས་སྐད་འདྲ་མིན་རྒྱག་རྒྱུ་དང་མི་མང་སྐོང་ཚོགས་བྱ་རྒྱུ་འདྲ་བོ། ཡང་ན་དྲག་ཆས་ཉེན་རྟོག་པ་ཁོ་ཚོའི་སྣང་བར་མི་འགྲོ་བའི་རྣམ་པ་འདྲ་བསྟན་ན་དྲག་ཆས་ཉེན་རྟོག་པ་དེ་ཚོས་ཉེས་རྡུང་བཏང་ཆོག་ཆོག་ཅིག་རེད། དེ་ནི་ཁོང་ཚོའི་ཐོབ་ཐང་འདྲ་བོ་ཆགས་ཡོད་པ་རེད། ལྷག་པར་དུ་ཨ་མདོ་དང་ཁམས་ཕྱོགས་ནས་ཡོང་བའི་བོད་པ་དེ་ཚོར་དམིགས་བསལ་གྱིས་དེ་འདྲ་བྱེད་ཀྱིན་འདུག ང་རང་གི་བསམ་ཚུལ་ལ་དྲག་ཆས་ཉེན་རྟོག་པ་དེ་ཚོས་གང་འདོད་དུ་འཛིན་བཟུང་བྱེད་པ་ད་ནི་གོང་རིམ་གྱི་སྒྲིག་གཞི་གསར་བ་དེ་འདྲ་མ་རེད་བསམ་གི་འདུག དྲག་ཆས་ཉེན་རྟོག་པ་ཚོས་སྒོར་མོ་བསྡུ་ཐབས་ལ་དེའདྲ་བྱེད་ཀྱིན་ཡོད་པ་འདྲ་བོ་མཐོང་སོང༌། གང་ཡིན་ཅེ་ན། མི་གཅིག་འཇུས་ནས་མར་གློད་པ་ལ་རྒྱ་སྒོར་ ༥༠༠ ནས་ ༦༠༠ དེ་འདྲ་སྤྲོད་དགོས་པ་རེད། ཅེས་བརྗོད་བྱུང༌།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist