མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡུང་རྡེག་གི་ལས་འགུལ་འཕྲལ་དུ་མཚམས་འཇོག་རོཌ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གི་དམ་དྲག་ཤུགས་ཆེན་ཡོད་མེད་ལ་མ་ལྟོས་པར། ང་ཚོའི་འཐབ་རྩོད་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་སྙིང་ལ་བཅངས་ཏེ། མཐའ་གཅིག་ཏུ་འཚེ་མེད་ཞི་བའི་རྒྱ་ལས་མ་འདས་ཤིང༌། ལྷག་པར་དུ་རང་གི་ལུས་སྲོག་ལ་གནོད་འཚེ་ཕོག་པ་དང༌། དོན་མེད་བཙོན་འཇུག མནར་གཅོད་སོགས་ཡོང་གཞིའི་ལས་འགུལ་རིགས་མི་གནང་བར། བཟོད་བསྲན་གྱིས་ཞི་འཇམ་བརྟན་ལྷིང་གང་ཐུབ་དང༌། ལྷག་པར་རྒྱ་མི་རིགས་དང་མཉམ་དུ་ཁ་བྲལ་འཁོན་འཛིན་མི་ཡོང་བའི་ཐབས་ཤེས་གང་ཐུབ་གནང་སྐྱོང་ཡོང་བ་ཞུ། ཞེས་བཀའ་ཤག་གིས་འབོད་སྐུལ་གནང་ཡོད།

 

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ དང་ཕྱེད་ཀའི་ཐོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་གཉིས་ཀྱིས་ད་ལྟའི་བོད་ནང་གི་གནས་ཚུལ་ཁག་ཅིག་དང་འབྲེལ། རྒྱ་གཞུང་གིས་བོད་ཐོག་བྱེད་སྟངས་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་གྱི་བཀའ་ཤག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་ལ། སྐབས་དེར་རྒྱ་གར་དང་བོད་པ། ཕྱི་རྒྱལ་བཅས་ཀྱི་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་སོང༌།

 

 

བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་དབྱིན་ཡིག་ནང་སྒྲོག་སྦྱོང་གནང་གྲུབ་རྗེས། དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་བོད་ཡིག་ནང་སྒྲོག་སྦྱོང་གནང་དོན། སྔར་ལོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་ཡོངས་ཀྱི་བོད་མིའི་ངོ་རྒོལ་དྲག་གནོན་དང༌། ཆེས་དམ་དྲག་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་རྗེས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཆབ་སྲིད་ཀྱི་ངོ་རྒོལ་འགོག་ཐབས་དང་བརྟན་ལྷིང་སྲུང་སྐྱོབ་ཟེར་བའི་ཉིན་ ༤༢ རིང་གི་རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་ཐོན་པར་བློ་ཕམ་ཚད་མེད་བྱུང༌།

 

 

ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ལྷ་སའི་སྤྱི་ཚོགས་བདེ་འཇགས་ལས་ཁུངས་ཀྱིས་བོད་མིའི་ཁྱིམ་ཚང་དང་ཟ་ཁང་ཁག་བསྔོག་བཤེར་བྱས་ཏེ། དོགས་གཞི་ཅན་གྱི་མི་ ༥༧༦༦ ཙམ་ལ་འདྲི་བརྩད་བྱས་འདུག དེ་བཞིན་ཟླ་ ༡ ཚེས་ ༢༧ ཉིན་སྡེ་དགེ་དགོན་ཆེན་ནང་མཚན་གུང་མེ་མདའ་བརྒྱབས་པའི་གནས་ཚུལ་ཡང་བྱུང་འདུག སྔ་ལོ་ཟླ་ ༣ པའི་ནང་བོད་རྒྱ་ཁྱབ་ཏུ་བྱུང་བའི་གྱེན་ལངས་ཀྱི་རྗེས་སུ་ལས་འགུལ་འདི་ཆབ་སྲིད་ཀྱི་ངོ་བོར་གྱུར་ཟིན་པ་དང༌། ཆབ་སྲིད་ཀྱི་འདོད་ཚུལ་མི་མཐུན་པའི་མི་རྣམས་རྩ་མེད་བཟོ་རྒྱུའི་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད། ཅེས་དང༌།

 

 

རྒྱ་གཞུང་དབང་འཛིན་པ་ཚོས་རྡུང་རྡེག་དང་མནར་གཅོད་ཚབས་ཆེན་བཏང་བའི་དབང་གིས་ཟླ་ ༡ ཚེས་ ༢༣ ཉིན་ཆབ་མདོར་བོད་རིགས་ན་གཞོན་པདྨ་ཚེ་དཔག་རྐྱེན་ལམ་དུ་སོང་བའི་གནས་ཚུལ་ཐོས་པར་བློ་ཕམ་ཆེན་པོ་བྱུང༌། དེ་སྔོན་ཟླ་ ༡ ཚེས་ ༢༠ ཉིན་པདྨ་ཚེ་དཔག་གིས་བོད་རིགས་གཞན་གཉིས་དང་མཉམ་དུ་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་བྱས་འདུག ད་ལྟའི་ཆར་བོད་རིགས་གཞན་གཉིས་ཀྱི་གནས་སྟངས་ཤེས་རྟོགས་མེད་པར་གྱུར་ཡོད། ཅེས་གསུངས་བྱུང༌།

 

 

བཀའ་ཤག་གི་གསལ་བསྒྲགས་ལྟར་ན། སྔར་ལོའི་ཟླ་ ༣ པའི་གྱེན་ལངས་ཁྲོད་བོད་མི་འདས་གྲོངས་ཕྱིན་པ་ཚོར་མྱ་ངན་གུས་འདུད་ཞུ་ཆེད། བོད་མི་ཚོས་འདི་ལོའི་ལོ་གསར་སྲུང་གཙི་ཞུ་འདོད་མེད་བཞིན་དུ་སྲུང་གཙི་ཞུ་དགོས་པའི་གནོན་ཤུགས་སྤྲད་ཅིང༌། སི་ཁྲོན་ཁོངས་གཏོགས་རྔ་བ་བོད་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་རྒྱ་གཞུང་གི་དབང་འཛིན་པ་ཚོས་ལོ་གསར་སྲུང་གཙི་བྱ་ཆེད། མི་རེར་རྒྱ་སྒོར་ ༥༠༠ རེའི་བརྔན་པ་སྤྲད་ཡོད་ཚོད་འདུག་ཟེར་ལ།

 

 

རྡུང་རྡེག་ཚ་ནན་ཟེར་བའི་ལས་འགུལ་ཡང་བསྐྱར་སྤེལ་ཞིང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁྲེགས་འཛིན་སྲིད་བྱུས་གཞན་རྣམས་སྤེལ་ཤུགས་ཆེ་རུ་བཏང་བ་འདིས་བོད་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་བརྡལ་བཤིག་ཚབས་ཆེན་ཕོག་རྒྱུ་རེད། ད་ལྟའི་ཆར་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་འཇིགས་སྣང་དང་དངངས་འཚབ་ཀྱི་གནས་སྟངས་ཇེ་ཆེར་གྱུར་འདུག རྒྱ་གཞུང་གིས་ལས་འགུལ་འདི་ཡང་བསྐྱར་སྤེལ་དགོས་པའི་ཀུན་སློང་ནི་ལས་འགུལ་འདིའི་མཇུག་འབྲས་ཞི་བདེ་ལྷིང་འཇགས་མེད་པ་ཡོང་རྒྱུ་ཁོ་ན་ཡིན་སྟབས། རྒྱ་གཞུང་གི་དབང་འཛིན་པ་ཚོས་དྲག་གནོན་ཇེ་ཆེར་གཏོང་ཐབས་ལ་ཁ་གཡར་ས་ཞིག་བཟོ་བཞིན་མེད་དམ་སྙམ་པའི་དོགས་གཞི་ཆེན་པོ་འདུག་ཟེར།

 

 

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་རྡུང་རྡེག་ཚ་ནན་ཟེར་བའི་ལས་འགུལ་གྱིས་མཚོན་བོད་ནང་ལག་བསྟར་བྱེད་བཞིན་པའི་མཁྲེགས་འཛིན་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་འདུན་ནན་པོ་འདོན་རྒྱུ་དང༌། སྔར་ལོའི་ཟླ་ ༣ པའི་ནང་བྱུང་བའི་ཡིད་སྐྱོའི་དོན་རྐྱེན་དེ་རིགས་འདི་ལོ་ཡང་བསྐྱར་མི་ཡོང་ཆེད་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་གྲོས་ཚོགས་དང༌། གཞུང༌། དེ་བཞིན་གང་ཟག་སྒེར་བཅས་ནས་རྒྱ་ནག་གཞུང་ལ་གོ་བསྐོན་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཅེས་དང༌།

 

 

བོད་མི་ཚོས་དམ་དྲག་དང་དྲག་གནོན་ཤུགས་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་ང་ཚོའི་འཐབ་རྩོད་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་སྙིང་ལ་བཅངས་ཏེ། མཐའ་གཅིག་ཏུ་འཚེ་མེད་ཞི་བའི་རྒྱ་ལས་མ་འདས་པ་དང༌། ལྷག་པར་དུ་རང་གི་ལུས་སྲོག་ལ་གནོད་འཚེ་ཕོག་པ་དང༌། དོན་མེད་བཙོན་འཇུག མནར་གཅོད་སོགས་ཡོང་གཞིའི་ལས་འགུལ་རིགས་མ་གནང་བར་བཟོད་བསྲན་གྱིས་ཞི་འཇམ་བརྟན་ལྷིང་གནས་གང་ཐུབ་དང༌། ལྷག་པར་རྒྱ་མི་རིགས་དང་མཉམ་དུ་ཁ་བྲལ་འཁོན་འཛིན་མི་ཡོང་བའི་ཐབས་ཤེས་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་ཞུ་རྒྱུ་ཡིན། ཞེས་གསུངས་སོང༌།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 4

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ང་ཚོས་ཤེས་དགོས་པ་ནི། བོད་ནང་གི་བོད་མི་དག་གི་ཚེ་སྲོག་ལ་འགན་ཆགས་པའི་ཐབས་ཤེས་ག་འདྲ་ཡོད་མེད་དེ་དག་བརྡ་འཕྲིན་གྱི་རིགས་འདྲ་མིན་བརྒྱུད་དེ་་བོད་ནང་གི་བོད་པ་དེ་དག་གི་ཚེ་སྲོག་རྒྱ་ནག་སྲིད་གཞུང་གི་འདོད་ཧམ་འགྲུབ་ཆེད་དུ་ད་ལོ་ཡང་ཚེ་སྲོག་མང་བོ་ཞིག་ཆུད་ཟོས་སུ་མི་འགྲོ་བ་དེའི་ཕྱོགས་སུ་བསམ་ཚུལ་དང་གྲོས་མོལ་མང་ཞིག་བྱེད་ཐུབ་པ་ཡིན་ན་ཡག་པོ་འདུག་གོ དེ་མིན་ཕྱི་ནས་གང་ཞིག་བཤད་ན་ཡང་རང་དབང་རེད་དེ། བོད་ནང་གི་བོད་མི་དེ་དག་ལ་མནར་གཅོད་མིའི་སེམས་ཁོང་དུ་ཡང་དྲན་མི་ཐུབ་པ་དེ་འདྲ་ཞིག་བྱུང་ན་ནི་དངོས་ནས་འཕོང་བོ་རེད།

    Reply
  2. འཁྱམས་པོ། says:
    ལོ་ 17 སྔོན།

    ད་ནི་གཏུམ་སྤྱོད་ཁྲག་འཐུང་གི་རྒྱ་དམར་དབང་འཛིན་པ་ཚོས་རུལ་སོངས་ཀྱི་གནོང་ལ་ཐུགས་དེ་རྩ་བ་རུལ་ཡོང་གིན་ཡོད་པས་ ཅི་ཡང་བྱེད་སྲིད་ སྒུག་དང་ཁོ་ཚོས་འུ་ཅག་བོད་པ་ཚང་ལ་གང་བྱས་པ་དང་གང་སྤྲད་པ་དེ་མི་འགྱིངས་པར་ཕྱིར་སློགས་དང་ཁོ་ཚོར་རེག
    སྡིག་ཕོང་བསགས་པས་རི་བོ་དང་སྡིག་ཁྲག་བསགས་པས་རྒྱ་མཚོ་ དྲག་སྤྱོད་དང་ཁྲག་སྦྱོར་གྱི་རྗེས་འབྲས་ཅི་ཡོང་ཁོ་ཚོས་མི་རིང་པར་མཐོང་ངེས།

    Reply
  3. དགྲ་འདུལ། says:
    ལོ་ 17 སྔོན།

    དེ་ཡིན་དུས་ཀྲང་ཆིན་ལི་གཤིན་རྗེ་ཆོས་རྒྱལ་ཡིན་ས་རེད། ཁོ་ལ་ཆོ་ལོ་དེ་སྤྲད་ན་གང་འདྲ་འདུག

    Reply
  4. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    བོད་ཡུལ་ནི་ད་ལྟ་གཤིན་རྗེའི་གྲོང་ཁྱེར་ལྟ་བུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese