མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལོ་བཞིའི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༠༩/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་མདོ་རྔ་པའི་བོད་མི་ཞིག་ལ་ངོ་རྒོལ་སྐད་འབོད་ཀྱི་མགོ་འཁྲིད་མཁན་དང་ཉེན་རྟོག་ཁང་གཏོར་བཅོམ་བྱེད་མཁན། རྒྱལ་དར་མེར་བསྲེག་གཏོང་མཁན་བཅས་ཀྱི་ཉེས་མིང་འོག་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཚེས་ ༣༠ ཉིན་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་དབུར་འཇམ་བཟོད་པས་འདི་གའི་གསར་ཁང་ལ་གནས་ཚུལ་སྤྲད་པ་ལྟར་ན། ༢༠༠༨ ལོའི་ཕྱི་ཟླ་ ༤ པའི་ནང་བོད་མིའི་ཞི་རྒོལ་སྐབས་ཀྱི་ཉེས་མིང་འོག་རྔ་པ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་དབུར་འཇམ་ཚང་གི་རང་ལོ་ ༣༣ ལ་སོན་པའི་ཆོས་འཕེལ་འཇུ་བཟུང་བྱས་ཡོད་པ་དང༌། དེ་ནས་བཟུང་ནང་མི་ཚོས་ས་ཁུལ་གང་དང་བཙོན་ཁང་གང་དུ་བཅུག་ཡོད་པ་ཤེས་རྟོགས་ཐུབ་མི་འདུག ཟླ་ ༡༡ ཚེས་ ༤ ཉིན་ཆོས་འཕེལ་གྱི་ནང་མིར་རྔ་པའི་ཉེན་རྟོག་ཁང་ནས་ཁ་པར་ཡོང་སྟེ་ཆོས་འཕེལ་ལ་སང་ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བཤད་པ་ལྟར། ནང་མི་དང་ཉེ་འབྲེལ་སོགས་རྔ་པ་རྫོང་ཐོག་གི་ཁྲིམས་ཁང་ལ་སོང་ཡང་མི་གཉིས་ལས་ཁྲིམས་ཐག་གཅོད་སར་ཡོང་གི་བཅུག་མེད་པ་དང༌། ཚེས་ ༤ ཉིན་རྔ་པ་རྫོང་ཁྲིམས་ཁང་གིས། ཆོས་འཕེལ་ནི་ངོ་རྒོལ་སྐད་འབོད་ཀྱི་མགོ་འཁྲིད་མཁན་དང༌། ཉེན་རྟོག་ཁང་གཏོར་བཅོམ་བྱེད་མཁན། རྒྱལ་དར་མེར་བསྲེག་མཁན་གསུམ་གྱི་གཙོ་གྲས་ཡིན་པས་ལོ་ ༤ རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། 

དེ་རྗེས་ནང་མི་ཚོས་ཆོས་འཕེལ་བཙོན་ཁང་གང་དུ་བསྐྱལ་ཡོད་མེད་རྩད་གཅོད་བྱེད་སྐབས་ཁྲིན་ཏུའུ་གྲོང་ཁྱེར་ནས་ལེ་བར་ ༢༠༠ མཚམས་ཀྱི་མེན་ཡང་ཞེས་པའི་ཁྲིམས་ཁང་དུ་བསྐྱལ་ཡོད་འདུག བཙོན་པར་ཐུག་འཕྲད་དུ་བསྐྱོད་སྐབས་ཞང་ཐོག་གི་ཉེན་རྟོག་ཁང་ནས་ཆོག་མཆན་ཡི་གེ་ཁྱེར་ནས་འགྲོ་དགོས་པ་བཞིན་ཆོས་འཕེལ་གྱི་ནང་མི་ཞིག་ཐུག་འཕྲད་དུ་སོང་སྐབས། ཁང་པ་གཉིས་ཀྱི་བར་ཤེལ་གྱིས་བཅད་དེ་ཕར་ཚུར་མཐོང་ས་ནས་ཁ་པར་ནང་སྐད་ཆ་བཤད་དགོས་པ་དང༌། སྐད་ཆ་ཡང་རྒྱ་སྐད་མ་གཏོགས་བོད་སྐད་བཤད་མི་ཆོག་པ། དངུལ་མ་གཏོགས་ཅ་དངོས་དང་ཟ་མ་གང་ཡང་སྤྲོད་ལེན་བྱེད་བཅུག་མི་འདུག་པ་མ་ཟད།  ཆོས་འཕེལ་གྱི་མིག་གཡོན་པས་ཅི་ཡང་མཐོང་མི་ཐུབ་པར་གྱུར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

སྐར་མ ༥༢ སྔོན་ལ།
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist