མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཚོས་མི་མང་ལ་ངན་སྐུལ་བྱས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་ནང་གི་དགེ་འདུན་པ་དང་མང་ཚོགས་བར་ཕན་ཚུན་འགྲོགས་འདྲིས་མི་ཆོག་པ་དང༌། ས་མཚམས་ཚད་བཀག་བྱས་ནས་འགྲོ་བསྐྱོད་རང་དབང་མེད་པར་གྱུར་རྐྱེན་འཚོ་བའི་དགོས་འཁོ་ཟས་རིགས་ཉོ་སྒྲུབ་བྱེད་པ་ལ་ཡང་ཉིན་རེ་ནས་ཉིན་རེར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་འདུག

ཁམས་སྡེ་དགེ་ལྡན་ཆོས་འཁོར་དགོན་གྱི་གྲྭ་བ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལ་དང་ལེན་མ་བྱས་པ་དང༌། ༧གོང་ས་མཆོག་ལ་མཚན་སྨོད་མ་ཞུས་པའི་རྐྱེན་གྱིས་འཇུ་བཞིན་པའི་གནས་ཚུལ་བྱུང་འདུག ཕྱི་ཟླ་ ༡ ཚེས་ ༥ དང་ ༡༠ ཉིན་གཉིས་ལ་ཁམས་སྡེ་དགེ་ལྡན་ཆོས་འཁོར་དགོན་པའི་ཉེ་འཁྲིས་ཆོས་འཁོར་ཤང་དུ་འབར་རྫས་དོན་རྐྱེན་བྱུང་བ་དང༌། མི་མང་གིས་ཞི་བའི་ངོ་རྒོལ་བྱས་རྐྱེན་ཚེས་ ༡༢ ནས་བཟུང་ཆབ་མདོ་དང་འཇོ་མདའ་རྫོང་གི་དྲག་ཆས་ཉེན་རྟོག་པ་དང་དམག་དཔུང་འབྱོར་ནས་དེང་སྐབས་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་འཛིན་བཟུང་དང་དྲག་རྡུང་བྱེད་བཞིན་ཡོད་འདུག གོང་ཚེས་ཉིན་འབར་རྫས་གཡུག་མཁན་ཤེས་རྟོགས་མ་བྱུང་ཡང་ནག་ཉེས་དེ་དགོན་པའི་དགེ་འདུན་པར་བཀལ་ཏེ། དེང་སྐབས་མི་མང་དང་དགེ་འདུན་པ་ཕན་ཚུན་འགྲོ་སྐྱོད་མི་ཆོག་པ་མ་ཟད། དུས་ཚོད་ངེས་མེད་ལ་དམག་དཔུང་དང་དྲག་ཆས་ཉེན་རྟོག་པ་ཟུང་འབྲེལ་ཐོག་གྲྭ་ཤག་ནང་དུ་ཡོང་ནས་དགེ་འདུན་པ་གཉིས་གསུམ་རེ་བྱས་ནས་ཤང་གི་ལས་ཁུངས་སུ་བཙན་ཁྲིད་ཐོག་འདྲི་བརྩད་དང༌། ༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པ་སོགས་འཁོད་པའི་ཡིག་ཆའི་ཐོག་ཏུ་མིང་རྟགས་འགོད་དགོས་སྐོར་བརྗོད་ཀྱང་དགེ་འདུན་པ་ཚོས་ཁས་ལེན་མ་བྱས་སྟབས། ཚེས་ ༡༦ ཉིན་ལྡན་ཆོས་འཁོར་དགོན་པའི་དབུ་མཛད་ཆེན་མོ་རྒན་འཇམ་ཤེས་ལགས་འཇུས་ཏེ་དེང་སྐབས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་མི་འདུག ཚེས་ ༢༤ ཉིན་དགོན་པའི་དབུ་མཛད་ལས་ཐོག་པ་ཉི་མ་ཚེ་རིང་དང༌། དགེ་བསྐོས་ལྷུན་འགྲུབ། དགེ་བསྐོས་ཟུར་པ་ཉི་གཅེས། དགེ་བསྐོས་ཟུར་པ་ཚེ་རིང་དཔལ་ལྡན། གཉེར་པ་ཟུར་པ་ངག་དབང་བཀྲ་ཤིས། བཀྲ་རྡོ། བཀྲ་ཤིས་ཟླ་བ་སོགས་དགེ་འདུན་པ་བདུན་འཇུས་ཏེ་འཇོ་མདའ་རྫོང་དུ་བཀག་ཉར་བྱས་ཡོད་ཀྱང༌། མི་སུར་ཡང་ཐུག་འཕྲད་བྱེད་དུ་འཇུག་གི་མེད་ཚུལ་འདུག

གཞན་ཡང་དགོན་པའི་མཁན་པོ་ལས་ཐོག་པ་བསྟན་འཛིན་རྒྱལ་མཚན་ལགས་དེང་སྐབས་གར་སོང་ཆ་མེད་དུ་གྱུར་ཡོད་ལ། ཁོང་ནི་ ༡༩༩༥ ལོ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་གནང་ཡོད་པ་དང༌། ༢༠༠༣ ལོར་རང་དགོན་དུ་ཕེབས་ནས་ད་བར་དགོན་པའི་ནང་མཚན་ཉིད་སློབ་ཁྲིད་གནང་ཡོད། ༢༠༠༨ ཕྱི་ཟླ་ ༡༡ པའི་ནང་དགོན་པའི་མཁན་པོར་བསྐོས་ཡོད་འདུག གོང་གསལ་དགེ་འདུན་པ་དེ་དག་འཇུ་དོན་ནི་ཚེས ༥ ཉིན་འབར་རྫས་གཡུག་མཁན་ཡིན་པ་དང༌། ཚེས་ ༡༠ ཉིན་མི་མང་ཞི་རྒོལ་སྐབས་སུ་ངན་སྐུལ་བྱས་པའི་ནག་ཉེས་ཀྱི་དབང་གིས་ཡིན་ཚུལ་འདུག དོན་དངོས་ནི་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་སྤྲད་པར་དང་ལེན་མ་བྱས་པ་དང༌། ༧གོང་ས་མཆོག་ལ་མཚན་སྨོད་མ་ཞུས་པའི་རྐྱེན་གྱིས་ཡིན་ཚུལ་གནས་ཚུལ་མཁོ་སྤྲོད་ཀྱིས་བརྗོད་བྱུང་། དེ་མིན་གྲྭ་ཚེ་བརྟན་བསོད་ནམས་དང༌། ཆོས་སྐྱོང་གཉིས་ཐེངས་མང་པོར་འཇུས་སྐབས་ཉེས་རྡུང་ཚབས་ཆེན་ཕོག་ནས་གོམ་པ་སྤོ་མི་ཐུབ་པའི་གནས་སུ་ལྷུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 10

  1. འཁྱམས་པོ། says:
    ལོ་ 17 སྔོན།

    ཡ ཡ ཡ ང་ཚོ་བོད་པ་ཚང་གི་བྱིས་པ་ཚོ་་་་བྱིས་ཡག་པོ་རྐྱང་རྐྱང་ཡོད། མགོ་ལ་རྡོ་གཞུས་ཀྱང་མགོ་བཏུམ་རེ་བྱས་ནས་སྡོད་རྒྱུ་ལས་རྒྱ་ཕྲུག་བསམ་མེད་ཚོར་ལག་ཡ་བྱེད་མཁན་རེ་ཁེགས་པོ་རེད། ཡིན་རྒྱུ་ནི་ང་ཚོར་རྨི་ལམ་ལས་སད་དགོས་པས་གོ་བརྡ་ཞིག་རེད་་

    Reply
  2. རིག་རང་སྐྱེས། says:
    ལོ་ 17 སྔོན།

    ངོ་མ་རྒྱ་རྒན་འདི་ཡ་ཚང་གི་ག་རེ་བསམ་གི་ཡོད་ན། བྱིས་པའི་རྩེད་མོ་རྐྱང་རྐྱང་རྩེད་གི

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    མྱི་སྨྱོན་འདིའི་ཆབ་སྲིད་སྐོར་ལ་སྐད་ཆ་སྙིང་རྗེ་བོ་གོ་རྒྱུ་ཅན་རེ་བཤད་པ་མང་།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    རྭ་ལོ་ལགས ། ཁྱོས་བཤད་སྟངས་ནོར་འདུག མི་ལོ ༥༠ ལ་སྐྱ་སེར་གཉིས་ཁ་ཁར་ཕྱེ་མེད་ན དེའི་པར་དུ་སྐྱ་མིན་སེར་མིན་བྱས་ནས་བསྡད་པ་ཡིན་ནམ ། གང་ལྟར་ཡང་སྐྱ་སེར་གཉིས་ཀ་ཁ་ཁར་ཕྱེ་དགོས་ནི་རེད ། ཨ་ལ་ཀུ་རེ་ཡིན ། རྒྱ་རྒན་འདི་བ་ཚང་བྱིས་བ་བསམ་མེད་ཞིག་དང་འདྲ་བོ་རེད །

    Reply
  5. རྭ་ལོ། says:
    ལོ་ 17 སྔོན།

    མི་ལོ་ ༥༠ རིང་ལ་སྐྱ་སེར་གཉིས་ཀ་ཁ་ཁར་ཕྱེ་བའི་སྲིད་བྱུས་ཤིག་བཟུང་བ་གོ་མྱོང་མེད། འདི་ནི་དུས་རབས་ཕྱེད་ཀ་ཞིག་གི་རྗེས་ནས་རྒྱ་ནག་གི་སེམས་ལ་འཁོར་བའི་ཇུས་ཤིག་ཡིན་པ་འདྲ།

    Reply
  6. བསེ་རུ། says:
    ལོ་ 17 སྔོན།

    ང་ཚོའི་སེམས་ཁམས་སུ་ཇི་ཙམ་རྨ་ཁ་བཟོས་པ་དེ་ཙམ་གྱིས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་བརྟན་བརླིང་ལ་གནོད་སྐྱོན་ཆེ་བ་ཡོང་ངེས།

    ཉིས་སྟོང་བརྒྱད་ནས་བོད་མདོ་དབུས་ཁམས་གསུམ་གྱི་སྙིང་ཁམས་གས་གཏོར་བཏང་ཡང་།སེམས་ཀྱི་དམ་ཚིག་མདུད་པ་མི་ཤིགས་པའི་རྒྱ་རུ་བཏབ་ཟིན།

    Reply
  7. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    རྒྱ་ནག་གིས་ནམ་ཡང་ཁུངས་མི་འཁྱོལ་བ་ཞིག་བཟོས་ནས་བསྡད་ཡོད་པ་རེད། འདི་ལ་ལྡོག་ཕྱོགས་ནས་བསམ་བློ་བཏང་ན་ང་ཚོར་ཕན་གྱི་ཡོད། གོ་རྟོགས་མེད་པ་དག་ལ་གོ་རྟོགས་སྤེལ་གྱིན་ཡོད་པ་དང་འདྲ། འདི་ནི་གནས་ཚུལ་ཡག་པོ་ཞིག་ཏུ་འགྱུར་ངེས།

    Reply
  8. རྭ་ལོ། says:
    ལོ་ 17 སྔོན།

    དཔེར་ན། ཁྱེད་ཀྱིས་གསུངས་དང་།

    Reply
  9. མྱི་སྨྱོན། says:
    ལོ་ 17 སྔོན།

    རྒྱ་ནག་གི་བོད་ཕྱོགས་ཀྱི་གནས་ཚུལ་སྡུག་པོ་འདི་དག་ལྡོག་ཕྱོགས་ནས་བསམ་བློ་བཏང་ན་ང་ཚོས་འཐབ་རྩོད་ཀྱི་གོ་སྐབས་གལ་ཆེན་ཞིག་རེད། ང་ཚོས་འཐབ་རྩོད་པ་དག་གིས་དམ་འཛིན་བྱེད་དགོས་པའི་དུས་ཚོད་བཟང་པོ་ཞིག་ཡིན་་་

    Reply
  10. ར྄་ལོ། says:
    ལོ་ 17 སྔོན།

    ད་ལོ་རྒྱ་ནག་གཞུང་གིས་བོད་མི་སྐྱ་སེར་གཉིས་ཁ་བཀར་ནས་འཚོ་རྒྱུ་རེད། འདི་ལ་རྒྱུ་མཚན་ཆེན་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese