བོད་ཀྱི་དུས་བབ་གསར་ཁང་ལ་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ནང་རང་རྐྱ་འཕེར་བའི་ལས་བྱེད་ཅིག་དགོས་ཀྱི་ཡོད།
དགོས་ངེས་ཆ་རྐྱེན་ནི།
༡། བོད་ཡིག་དང་དབྱིན་ཡིག་གཉིས་རང་རྐྱ་འཕེར་བའི་ཐོག་ཕར་ཚུར་བསྒྱུར་ཐུབ་པ།
༢། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ R.C ཡོད་པ།
༣། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ།
༤། ལས་ཁུངས་གཞན་དུ་ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཁུངས་དེ་ནས་དགག་བྱ་མེད་པའི་རྒྱབ་གཉེར་ཡི་གེ་ཡོད་པ།
༥། ཉུང་མཐར་ཡང་ལོ་གསུམ་རིང་བོད་ཀྱི་དུས་བབ་ལས་ཁུངས་སུ་ཞབས་ཞུ་སྒྲུབ་ཐུབ་པ། བཅས་ཡིན།
ཐུགས་འདོད་ཡོད་རིགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༢༤ འགྱངས་མེད་འདི་གར་སྙན་ཞུ་འབུལ་རྒྱུ་དང་། སྙན་ཞུའི་ཡི་གེ་སྦྲགས་ཐོག་དང་གློག་འཕྲིན་གང་རུང་ནས་བསྐུར་ཆོག་ལ། དོ་བདག་གི་ཁ་བྱང་དང་། གློག་འཕྲིན་ཁ་བྱང་། ཁ་པར་ཨང་བཅས་གང་ཡོད་སྙན་ཞུ་མཉམ་དུ་བསྐུར་ཡོང་བ་ཞུ།
བོད་ཀྱི་དུས་བབ་གསར་ཁང་ནས།