མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁམས་ལི་ཐང་ནས་བོད་མི་ ༡༦ གིས་སྐད་འབོད་བྱས་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་ཁམས་ལི་ཐང་ཁུལ་དུ་བོད་མི་ ༡༥ ཡིས་བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། ད་ལོ་བོད་ལ་ལོ་གསར་མེད་ཅེས་སོགས་ཞི་བའི་སྐད་འབོད་བྱས་སྟབས་རྒྱ་གཞུང་གིས་འཇུས་འདུག

དགའ་ལྡན་བྱང་རྩེ་གྲྭ་ཚང་ཕ་ར་ཁང་ཚན་གྱི་གྲྭ་བློ་བཟང་ཆོས་སྐྱབས་ཀྱིས་འདི་གར་གནས་ཚུལ་སྤྲད་པ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་གྱི་རྒྱ་ནག་གི་ཆུ་ཚོད་ ༡༢ ཐོག འབའ་མཐའ་རྫོང་གནས་སྒོ་དགོན་པའི་གད་མོ་ཁང་ཚན་གྱི་རང་ལོ་ ༣༨ ཡིན་པ་གྲྭ་བློ་བཟང་ལྷུན་གྲུབ་ཀྱིས།  ལི་ཐང་རྫོང་གི་སྲང་ལམ་ནས་༧རྒྱལ་བ་རིན་པོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་རང་བཙན་ཡིན།  ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།  བོད་མི་ཚོར་ལོ་སར་མེད་ཅེས་སྐད་འབོད་བྱས་ཡོད་འདུག  གནས་ཚུལ་མཁོ་འདོན་པ་ལྟར་ན། སྐད་འབོད་བྱེད་མཁན་གྱིས་རྒྱ་ནག་གི་ཆུ་ཚོད་ ༡༢ ཐོག་སྐད་རྒྱག་དོན་ནི་རྒྱ་ནག་གི་ལས་བྱེད་ཚོའི་ཉིན་གུང་ཞལ་ལག་གི་མཚམས་སུ་ཡིན་ལ། སྐབས་འདིར་སྐད་བརྒྱབ་ན་དུས་ཡུན་རིང་ཙམ་ལ་སྐད་རྒྱག་པའི་གོ་སྐབས་རག་ཆེད་ཡིན་འདུག   སྐར་མ་ཁ་ཤས་ལ་སྐད་འབོད་བྱས་རྗེས་རྫོང་ཉེན་རྟོག་པས་འཇུས་ཡོད་པ་དང༌། ཉིན་དེར་ལི་ཐང་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག

དེ་རིང་སྔ་དྲོར་བློ་བཟང་ལྷུན་གྲུབ་གྱི་སྤུན་ཆུང་རང་ལོ་ ༢༩ ཡིན་པ་བསོད་ནམས་བསྟན་པ་གཙོས་པའི་བོད་མི་ ༡༥ ཡིས།  ད་ནངས་ཞོགས་པའི་རྒྱ་ནག་གི་ཆུ་ཚོད་ ༡༡ དང་སྐར་མ་ ༤༠ ཙམ་གྱི་སྒང་ལི་ཐང་རྫོང་ཐོག་ནས། ཁ་བཏགས་གཡོག་ཡོད་པའི་༧གོང་ས་མཆོག་གི་སྐུའི་པར་སྒྲོམ་ཞིག་བཟུང་ནས།  བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་མི་ཚོར་ལོ་སར་མེད་ཅེས་པའི་འབོད་ཚིག་བསྒྲགས་ཞོར་ཞི་རྒོལ་གནང་སྐབས་ཉེན་རྟོག་པས་འཇུས་ཡོད་འདུག་ལ། གནས་ཚུལ་མཁོ་འདོན་པས་བརྗོད་ན། ཞི་རྒོལ་བ་ཚོས་སྐད་འབོད་གནང་སྐབས་དྲག་ཆས་སྤྲས་པའི་དམག་མི་ཚོས་ཞི་རྒོལ་བ་ཚོའི་མཐའ་བསྐོར་ནས་ཞི་རྒོལ་བ་ཚོར་ཚོད་མེད་དུ་དྲག་རྡུང་བྱེད་ཞོར། འཇུས་ནས་ཉེན་རྟོག་པའི་རླངས་འཁོར་ནང་བླུགས་པ་དང༌། སྐབས་དེར་སྐད་འབོད་པ་ཚོའི་མགོ་དང་རྐང་ལག སྣ་ཁུང་སོགས་སུ་ཁྲག་བཞུར་གྱིན་ཡོད་འདུག

དེ་རིང་གི་ཞི་རྒོལ་བ་རྣམས་ནི། རང་ལོ་ ༢༩ ཡིན་པའི་བསོད་ནམས་བསྟན་པ་དང༌། རང་ལོ་ ༣༠ ཡིན་པའི་བྱམས་པ་ཐོགས་མེད། རང་ལོ་ ༢༦ ཡིན་པའི་དགེ་ལེགས་ཀུན་དགའ། རང་ལོ་ ༢༣ ཡིན་པའི་བློ་བཟང་བསྟན་འཛིན། རང་ལོ་ ༣༧ ཡིན་པའི་བློ་བཟང་དཔལ་ལྡན། རང་ལོ་ ༣༠ ཡིན་པའི་བྱམས་པ་ཡོན་ཏན། རང་ལོ་ ༢༩ ཡིན་པའི་སེང་གེ།  རང་ལོ་ ༢༨ ཡིན་པའི་བྱམས་པ་ཚེ་རིང༌། རང་ལོ་ ༣༠ ཡིན་པའི་བློ་བཟང་དབང་ཕྱུག  རང་ལོ་ ༢༡ ཡིན་པའི་བློ་བཟང་བཀྲ་ཤིས། རང་ལོ་ ༣༠ ཡིན་པའི་དགེ་མདུན་ཆོས་འཕེལ། རང་ལོ་ ༣༧ ཡིན་པའི་དར་རྒྱས། རང་ལོ་ ༢༩ ཡིན་པའི་དགེ་འདུན།  རང་ལོ་ ༤༠ ཡིན་པའི་བྱམས་པ། རང་ལོ་ ༤༡ ཡིན་པའི་ཨ་མདོ་རྒྱལ་མཚན་བཅས་ཡིན་འདུག་ལ། གོང་གི་ཞི་རྒོལ་བ་རྣམས་ལི་ཐང་ས་ཁུལ་གྱི་འབྲོག་པའི་གྲོང་སྡེ་ཁག་ནས་ཡིན་འདུག

གྲྭ་བློ་བཟང་ལྷུན་གྲུབ་ཀྱིས་ཉིན་ཤས་སྔོན་གྲོགས་པོ་ཞིག་ལ་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་དུས་ལ་བབ་ཡོད་ཚུལ་དང་ལས་འགུལ་ཁྲོད་ཁོ་ཤི་སོང་ན། བེམ་པོ་བྱ་ལ་གཏོར་དགོས་པ། གལ་ཏེ་ཉེན་རྟོག་པས་འཇུས་སོང་ན། བཙོན་ཁང་ནང་གི་དཀའ་ངལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཡོད་པ་དང་ནང་མི་ལ་སེམས་ཁྲལ་བྱེད་མི་དགོས་པའི་ལན་སྐྱེལ་རོགས་ཞུས་འདུག་ཀྱང༌།  གྲོགས་པོ་དེ་ཡིད་ཆེས་བྱུང་ཡོད་མི་འདུག  གནས་ཚུལ་འདི་ཁོང་གི་ཨ་མས་ཐོས་རྗེས།  བུས་བོད་མི་ས་ཡ་དྲུག་གི་དོན་དུ་སྐད་བརྒྱབས་པ་རེད། བཙོན་ཁང་དུ་ཁྲིད་ཀྱང་མ་རྒན་ངས་སེམས་ཁྲལ་བྱེད་ཀྱིན་མེད། ཅེས་གསུངས་ཡོད་འདུག

གྲྭ་བློ་བཟང་ལྷུན་གྲུབ་ནི་ ༢༠༠༢ ལོར་རྒྱ་གར་ལ་ཡོང་ནས་དུས་འཁོར་དབང་ཆེན་ལ་སྒུག་སྟེ་ ༢༠༠༣ ལོར་དུས་འཁོར་དབང་ཆེན་ཞུས་རྗེས་ཕྱིར་བོད་ནང་དུ་ལོག་ཡོད་པ་ཞིག་རེད་འདུག་ལ།  རྐང་པར་སྐྱོན་ཡོད་མཁན་ཞིག་ཀྱང་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 12

  1. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ལི་ཐང་པ་དེ་ཚོར་ཆ་རྒྱུས་ང་ཆེ། ཁོ་ཚོ་མི་འཁྲེགས་པོ། གཤིས་ཀ་གྱོང་པོ། རང་ཤེད་ཚ་པོ། སྤྱིར་བོད་ལ་ཞེན་ཁོག་ཆེན་པོ། རྒྱལ་བ་རིན་པོ་ཆེ་ལ་ཞེན་ཁོག་ཚ་པོ། ལི་ཐང་ལ་ཞེན་ཁོགས་ཚ་པོ། རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱེད་མཁན་ཐེངས་དང་པོའི་གྲས་ཡིན་ཚུལ་འདུག ད་དུང་ཡང་སེམས་ཤུགས་འདྲ་པོ་མ་ཆག་པ་ངོ་མཚར་ཆེན་པོ་རེད་བསམ།

    Reply
  2. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    ལི་ཐང་དཔའ་བོའི་གྲོང་ཞེས་པ་ད་རེར་དོན་ལ་གནས་སོང་བ་རེད། ད་རེར་ངོ་རྒོལ་སྐད་འབོད་བྱས་པ་འདི་དགོས་དུས་ཤིག་ལ་ཐུག་པ་རེད། ཨ་མདོ་དང་དབུས་གཙང་གི་ཡུལ་ན་དམ་དྲག་ཤུགས་ཆེན་བྱས་ཡོད་སྟབས། འགུལ་དབང་འཕག་དབང་མི་འདུག་ཟེར། ད་ནི་བོད་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་བ་རེད།དཔའ་བོ་འདི་དག་ལ་རྗེས་སུ་ཡི་རངས་ཡོད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ལྕམ་ཁི་ལིན་ཊོན་གྱིས། མི་སེར་རྣམས་རང་གི་སྙིང་ཉེ་བ་དག་གི་འཁྲིས་ནས་འཇུས་ཏེ་བཙོན་ཁང་དུ་ཁྲིད་མ་འགྲོ་རོགས་ཞེས་གསུངས་ཡོད་པ་རེད། དེང་སྐབས་བོད་མི་རིགས་ལ་མཚོན་ན་སྙིང་ཉེ་བ་རྣམས་འཇུས་ནས་ཁྲིད་འགྲོ་གི་འདུག ཁོང་སང་ཉིན་པེ་ཅིན་གྱི་མགོ་ཁྲིད་ཚོར་ཐུག་དུས་སྐད་ཆ་འདི་ཡང་བསྐྱར་བཤད་རྒྱུ་བྱུང་ན་ཅི་མ་རུང་། དེ་ཡང་ཁོང་གིས་ཉིན་ཤས་སྔོན་ཨེ་ཤ་ཡའི་དབུ་ཁྲིད་ཚོར་ཐུག་སྐབས་བགྲོ་གླེང་གི་གནད་དོན་རྣམས་ཤུགས་ཆེན་པོ་དང་ནན་པོར་བཤད་གི་ཡིན་ཅེས་གསུངས་པ་ལྟར་བྱུང་ན་ཅི་མ་རུང་། ཡིན་ཡང་། ཁོང་ཉིད་བོད་དོན་ཐད་ཁ་དན་ཚིག་ལ་གནས་རྒྱུ་ཁག་པོ་ཡིན།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ལྕམ་ཁི་ལིན་ཊོན་གྱིས། མི་སེར་རྣམས་རང་གི་སྙིང་ཉེ་བ་དག་གི་འཁྲིས་ནས་འཇུས་ཏེ་བཙོན་ཁང་དུ་ཁྲིད་མ་འགྲོ་རོགས%

    Reply
  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ནོར་བཅོས། གནས་ཚུལ་གསལ་བོ་རེག་མེད་ན།

    Reply
  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    བཙན་རྒོལ་རྒྱལ་སྐྱོབ་ཀྱི་དཔའ་བོ་ཚོའི་ནང་ན་ཡང་ཁམས་ལི་ཐང་ཕྱོགས་ཀྱི་མང་། དངོས་གནས་དཔའ་བོ་རེད་།
    མཆན་བུ་འདི་དང་འབྲེལ་ནས་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དང་གསར་འགོད་པ་ཟུང་ལ་བསྐྱར་དུ་རེ་བ་ཞིག་འདོན་གྱི་ཡིན།
    ཁམས་ལི་ཐང་ནས་བོད་མི་༡༦སྐད་འབོད་བྱས་འདུག་ཟེར་རྒྱུའི་ཚབ་ལ་ཁམས་ལི་ཐང་ནས་བོད་མི་༡༦གིས་སྐད་འབོད་བྱས་འདུག་ལབ་ན་བརྗོད་པ་ཏག་ཏག་བསྡད་པ་འདྲ་བོ་འདུག
    དེ་མིན། ཁམས་ལི་ཐང་ནས་བོད་མི་༡༦སྐད་འབོད་བྱས་འདུག་ལབ་ན། བོད་མི་༡༦དེ་སྐད་འབོད་བྱེད་མཁན་ཡིན་པའི་དོན་དག་དེ་བརྗོད་པ་དེས་སྟོན་ཐུབ་ཀྱི་མེད།
    དེར་བརྟེན། ཆད་ལྷག་ཆུང་ངུའི་རིགས་ལ་ཡང་དོ་སྣང་སྤྲོད་རོགས་གནང་། དེ་མིན། སྐུའི་བདེ་ཐང་སྐོར་གྱི་གསར་འགྱུར་དེ་དང་ཤེས་ཡོན་འཐུས་ཤོར་ངོས་འཛིན་དང་སླར་གསོ་བྱ་ཐབས་སྐོར་གྱི་གསར་འགྱུར་དེ་གཉིས་ཀར་ངེད་ཀྱིས་དོགས་སློང་བྱས་ཡོད། འོན་ཀྱང་། ལན་རེག་མ་སོང་། གསར་འགོད་པས་གནས་ཚུལ་འཁྱེར་ཡོང་བ་མ་གཏོགས་གནས་ཚུལ་གསལ་བོ་མེད་ནི་ངེད་ཀྱིས་བསྐྱར་དུ་དོགས་སློང་བྱེད་པའི་ངལ་བ་མི་བསྟེན།

    Reply
  7. དགྲ་འདུལ། says:
    ལོ་ 17 སྔོན།

    འཇིག་རྟེན་འདི་ན་ཁྲིམས་ལུགས་དྲང་མོ་ཞིག་ཡོད་ན་ང་ལ་ཤོད་དང་ངས་ཞུ་གཏུགས་བྱེད། སའི་གོ་ལའི་སྟེང་གི་ལྷ་མི་ཚང་མས་ཤེས་སོང་ན་ཅིག་བྱེད་ཡ་འདྲ་ཡོད་ན། ང་དེང་སྐབས་སྐྲག་ས་ནི་གནས་ལུགས་ཟེར་བ་དང་བདེན་པ་ཟེར་བ་འདི་ཚོ་རེད། འདི་ཚོར་བློས་བཀལ་ནས་བསྡད་པ་ཡིན་ན་ནམ་ཞིག་གནས་ལུགས་འགྱུར་འགྲོ་ལ་བདེན་པའང་ཡལ་འགྲོ་གི་འདུག ཁྲིམས་ཟེར་བ་འདི་རྩོད་རྒྱུ་ཞིག་རེད། རང་སྲོག་བློས་བཏང་ནས་རྩོད་རྒྱུ་ཞིག་རེད། དེ་མ་གཏོགས་ཁོ་དྲང་པོར་གནས་ཏེ་བྱ་བའི་ལེགས་ཉེས་དང་བདེན་རྫུན་གྱི་ཚད་གཞི་འཛིན་བྱེད་ཅིག་མ་རེད།

    Reply
  8. kalsang says:
    ལོ་ 17 སྔོན།

    སྐད་འབོད་བྱས་པའི་སྙིང་སྟོབས་ཧང་སངས་དགོས་པ་ཡིན་མོད། ཡིན་ན་ཡང་མི་རིགས་ཀྱི་དོན་དུ་དགོངས་ནས་ཀྱང་སོ་སོའི་ཚེ་སྲོག་རང་དགར་མི་གཡུགས་རོགས་གནང་། སྡུག་གྱོང་རེག་པ་གཅིག་པུ་མ་ཡིན་པར་ཁྲིམས་ཀྱི་སྒང་ལ་འཛེགས་ཨེ་ཐུབ་བལྟ་དགོས་རེད། མང་པོ་ཁྲིམས་གཏུགས་བྱས་ནས་སྡུག་རྩུབ་ཀྱི་དྲག་སྤྱོད་ལམ་སློང་མ་ཡོང་བ་བྱ་དགོས། ཞི་བའི་ཐབས་ལམ་གྱིས་མང་པོ་འབྲི་དགོས། བཤད་དགོས། གཏུགས་དགོས། རིམ་པ་གོང་འོག་རྒྱལ་ཁབ་ཕྱི་ནང་མི་རིགས་འདྲ་མིན་མདོར་ན་སའི་གོ་ལའི་སྟེང་གི་ལྷ་མི་ཚང་མར་ཤེས་སུ་འཇུག་དགོས། ང་ཚོར་གནས་ལུགས་དང་བདེན་པ་ཡོད་པའི་སྐྲག་དགོས་ཡོད་མ་རེད།

    Reply
  9. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ཁམས་རིགས་ཚོའི་ནང་ན་དཔའ་བོ་དང་སྡར་མ་གཉིས་ཀ་ཡོད།
    འདས་པའི་ལོ་རྒྱུས་ལ་བལྟས་ན་ལི་ཐང་བ་ཚོའི་ཁྲོད་ན་སྡར་མ་ལས་དཔའ་བོ་མང་།

    Reply
  10. བུ says:
    ལོ་ 17 སྔོན།

    ཁམས་ལི་ཐང་དཔའ་བོའི་ཕ་ས་རེད། དངོས་གནས་སེམས་འགུལ་ཐེབས་དགོས་པ་རང་རེད།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དཔའ་རྒོད་འདི་དག་གི་སྙིང་སྟོབས་ལ་ཉམས་པ་མེད་རུང་། ཁམས་ལི་ཐང་གི་ཕོ་གསར་ཚོའི་གྲངས་ཀ་ལ་ཚད་ཡོད་པ་རེད། འདི་ལྟར་བཅུ་སྐོར་རེ་བྱས་ནས་ཕེབས་ཚེ་ཤུལ་གྱི་ཡུལ་སྡེ་ཚོ་ཁག་འདི་དག་སུས་སྐྱོང་དགོས་པ་རེད། བོད་ཕྱི་ནང་ལ་འཁོད་པའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཕོ་རྒོད་ཚོས་སྟག་ཤར་འདི་དག་གི་ཤུལ་ལུས་ནང་མི་ཚོར་འགན་ལེན་དགོས་པ་རེད། ཁོང་ཚོའི་རེ་འདུན་དང་ཁ་ཆེམས་ལ་བདག་པོ་རྒྱག་དགོས་པ་རེད།

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཁམས་ལི་ཐང་གི་ཕོ་རྒོད་འདི་དག་གི་སྙིང་སྟོབས་མངོན་པར་བསྟོད། ལྷག་པར་དུ་རྒྱ་ནག་གི་གདུག་རྩུབ་ངོ་མ་དེ་གང་འདྲ་ཡིན་མིན་ལོ་ཕྱི་ནང་འདིར་ཁ་ཐོག་མིག་ཐོག་ལ་ཤར་ཡང་། ད་དུང་ཡང་སྙིང་སྟོབས་ཞུམ་པ་མེད་པ་འདིར་གུས་ཕྱག་འབུལ། དེ་རིང་དཔའ་རྒོད་ ༡༥ ཡིས་དཔུང་བ་མཉམ་དུ་གཤིབ་ནས་རྒྱའི་བཙོན་ཁང་དུ་ཕྱིན་སོང་། ངས་དྲ་ཐོག་ལ་བསམ་ཚུལ་འདི་འབྲི་དུས་ཀྱི་སྐད་ཅིག་མ་དེ་དག་གི་རིང་དུའང་ཁོང་ཚོས་ག་ཚོད་ཅིག་མྱོང་གི་ཡོད་པར་བསམ་དུས་ཞེ་རྩ་འདར་ཞིང་ལག་རྩའང་ལྷོད་འགྲོ་གི་འདུག རྒྱ་གར་གྱི་གློག་བརྙན་དཔའ་བོ་གསུམ་ཞེས་པ་དེ་མིག་ལམ་ལ་ཡང་ཡང་ཤར་ཡོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese