མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་བུད་མེད་རྩོམ་པ་པོ་ཞིག་གི་གཏམ་བརྒྱུད།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་པས་རང་བཙན་བརྩད་ན་འདྲ་ལ། དབུ་མའི་ལམ་བརྩད་ཀྱང་ཆོག མཐའ་མའི་ཐག་གཅོད་ཀྱི་དབང་ཆ་དེ་བོད་མི་རིགས་ལ་ཡོད་པ་ཞིག་ལས་རྒྱ་ནག་གཞུང་དམངས་གཉིས་ཀྱིས་ཐེ་གཏོགས་བྱེད་ཆོག་པ་ཞིག་མ་རེད། བོད་པར་བདེ་སྐྱིད་ཡོད་པའི་ལམ་ཁ་གང་ཞིག་བདམས་ཀྱང༌། ངས་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

 

ཁ་སང་གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད་ ༥ སྟེང་བཞུགས་སྒར་ངྷ་རམ་ས་ལའི་བདེ་དོན་ཚོགས་ཁང་དུ། བོད་དོན་གླེང་བ་ཞུ་བའི་གོ་སྒྲིག་འོག རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་བུད་མེད་རྩོམ་པ་པོ་ལྕམ་སྐུ་ཀྲུའུ་རེའི་ལགས་ཀྱིས་མོ་རང་གིས་བོད་ཐོག་ལ་འཛིན་པའི་ལྟ་བ་དང་ཉམས་མྱོང་སྐོར་ལ་གཏམ་བཤད་དང༌། གསན་མཁན་རྣམ་པའི་དྲི་བར་ལན་འདེབས་བྱས་ཡོད། སྐབས་དེར་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་རིགས་བུད་མེད་རྩོམ་པ་པོ་ཁོང་ངོ་སྤྲོད་བྱས་དོན། རྒྱ་རིགས་རྩོམ་པ་པོ་ཀྲུའུ་རེའུ་ལགས་ནི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་མ་ཟད། སྔོན་མ་ནས་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ལས་རོགས་རེད། གཞུང་གི་ལས་ཀའི་ཞོར་དུ་རྩོམ་ཡིག་མང་པོ་བྲིས་ཤིང༌། མཐར་རྒྱ་ནག་གཞུང་དང་ལྟ་བ་མ་མཐུན་སྟབས། ཕྱི་རྒྱལ་ལ་བཙན་བྱོལ་དུ་ཕྱིན་ཏེ་ད་སྐབས་ཁེ་ན་ཌར་བཞུགས་ཡོད་པ་རེད། མོ་རང་གིས་རྒྱ་ཡིག་ཐོག་བོད་དོན་དང་འབྲེལ་བའི་རྩོམ་ཡིག་སྤེལ་ཏེ། རྒྱ་རིགས་ཁྲོད་བོད་དོན་ལ་གོ་རྟོགས་སེལ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད།  ཅེས་ངོ་སྤྲོད་བྱས་སོང༌།

 

དེ་རྗེས་བོད་དོན་གླེང་བའི་ཚོགས་མིའི་སྐད་སྒྱུར་འོག རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུའུ་རེའུ་ལགས་ཀྱིས་གཏམ་བཤད་གནང་དོན། གྲོགས་པོ་བསྟན་འཛིན་བརྩོན་འགྲུས་དང་བོད་ཀྱི་གཞོན་ནུ་ཚོགས་པ་སོགས་ངས་སྔོན་མ་ནས་གོ་མྱོང་ཡོད་ཀྱང༌། སྐབས་དེར་འཇིགས་སྐུལ་རིང་ལུགས་རྐྱང་རྐྱང་ཡིན་རྒྱུ་རེད་དྲན་ཡོད། རྗེས་སུ་ང་རང་འདིར་འབྱོར་ཏེ་དངོས་སུ་འབྲེལ་འདྲིས་བྱུང་སྐབས། ང་རང་གི་སྔོན་ཆད་ཀྱི་བསམ་ཚུལ་ཚང་མ་ནོར་འཁྲུལ་རེད་འདུག དེ་རིང་འདིར་ང་རང་གི་མྱོང་ཚོར་འགའ་ཞིག་ཞུ་འདོད་བྱུང་ལ། ཁྱེད་ཚོར་དྲི་བ་གང་ཞིག་ཡོད་ཀྱང་ཐད་ཀར་དྲིས་ཆོག ང་རང་སྐྱེས་ས་རྒྱ་ནག་བྱང་ཤར་ས་ཁུལ་ཡིན། ཆུང་དུས་ངའི་ཕ་ཡུལ་དུ་རྟག་པར་ཚོགས་འདུ་ཞིག་འཚོགས་ཀྱིན་འདུག ཚོགས་འདུ་དེའི་སྟེང་སྔོན་མ་བོད་བཅིངས་འགྲོལ་མ་བཏང་གོང་གི་བྲན་གཡོག་ཅིག་གིས་བོད་པའི་སྤྱི་ཚོགས་རྙིང་པའི་སྐོར་བཤད་ཀྱིན་ཡོད། སྤྱི་ཚོགས་རྙིང་བའི་རོ་སྐྱུར་མོ་ལ་དགག་རྒྱག་དང༌། སྤྱི་ཚོགས་གསར་བའི་རོ་མངར་མོ་ལ་དགའ་ཞེན་བྱ་དགོས་ཟེར་གྱིན་ཡོད། སྤྱི་ཚོགས་རྙིང་བའི་སྐབས་ཀྱི་བཀས་བཀོད་རྒྱུད་འཛིན་པ་དང་ཞིང་བྲན་ལམ་ལུགས། ཕྱུག་བདག་གྲལ་རིམ་སོགས་ཀྱིས་མང་ཚོགས་ལ་སྡུག་པོ་གཏོང་སྟངས་དང༌། མང་ཚོགས་ལ་ཟ་མ་སྐྱུར་མོ་སྤྲད་དེ། འདི་ནི་བོད་ནང་གི་བྲན་གཡོག་ཚོའི་ཟ་མ་རེད་ཟེར་གྱིན་ཡོད། སྐབས་དེར་ང་ཚོ་ཚང་མས་སྐད་ཆ་དེ་ལ་ཡིད་ཆེས་བྱས་ཏེ། ཏཱ་ལའི་བླ་མ་ཟེར་བ་དེ་མིའི་པགས་པ་བཤུ་མཁན་གྱི་སྡིག་ཆེན་ཞིག་ཡིན་པའི་ཚོར་སྣང་བྱུང་སོང༌།

 

 

ལོ་རབས་བརྒྱད་ཅུའི་ནང་རྒྱ་ནག་ཅུང་གུ་ཡངས་སུ་ཕྱིན་སྐབས། བོད་ནང་ལོ་བདུན་ཟེར་བ་སོགས་ཀྱི་ཕྱི་རྒྱལ་གྱི་རྩོམ་ཡིག་འགའ་རེ་ཀློག་རྒྱུ་བྱུང༌། རྩོམ་ཡིག་གི་ནང་དོན་དེ་འདྲའི་ཡིད་འགུག་པ་ཞིག་མིན་ཡང༌། བོད་ཀྱི་ཡུལ་ལྗོངས་དང༌། རང་བྱུང་ཁོར་ཡུག་བྲིས་ཡོད་པ་དེ་དག་གིས་ཡིད་འཕྲོག་པ་ཞིག་བྱུང་སོང༌། སྤྱི་ལོ་ ༡༩༩༧ ལོར་ང་བོད་ལ་ཐོག་མར་ཕྱིན་པ་ཡིན། སྐབས་དེར་ཨ་མདོ་མཚོ་སྔོན་རྩྭ་ཐང་བརྒྱུད་དེ་འགྲོ་སྐབས། ཕྱི་རྒྱལ་གྱི་རྩོམ་ཡིག་ནང་བཀོད་པའི་མཛེས་སྡུག་ལྡན་པའི་རྩྭ་ཐང་དང་འབྲོག་པའི་སྦྲ་གུར་མཐོང་བས། ང་རང་རླངས་འཁོར་ལས་བབས་ཏེ་འབྲོག་པའི་སྦྲ་གུར་གྱི་ཕྱོགས་སུ་སོང་བ་ཡིན། འབྲོག་པ་ཚོས་ཡུན་རིང་མ་ཐུག་པའི་གཉེན་ཉེ་ཞིག་སླེབས་པ་དང་འདྲ་བར་ངའི་ཕྱོགས་སུ་ཡོང་སྟེ། དགའ་དགའ་སྤྲོ་སྤྲོའི་མགྲོན་བསུ་བྱས་སོང༌། ང་རང་སྦྲ་གུར་ནང་འཛུལ་སྐབས། ཁོ་ཚོའི་འཚོ་བ་ཧ་ཅང་སྐྱོ་བོ་ཡིན་པའི་ཚོར་སྣང་བྱུང་ལ། ཉལ་ཆས་འགའ་རེ་ལས་སྦྲ་ནང་དུ་བཅའ་དངོས་སྤུས་གཙང་ཞིག་མཐོང་རྒྱུ་མི་འདུག ཁོ་ཚོས་ཉལ་ཆས་དེ་དག་སར་བཏིང་སྟེ། ང་དེའི་སྟེང་སྡོད་དུ་བཅུག་ཅིང༌། མར་ཆེན་པོ་འཕངས་ཏེ་ཇ་བླུད་སོང༌། སྐབས་དེར་བོད་པ་ཚོ་སེམས་པ་བཟང་བ་དང་རྒྱ་གུང་ཁྲན་གྱིས་བོད་བཅིངས་འགྲོལ་བཏང་ཡོད་ཟེར་ཡང༌། བོད་པའི་གནས་སྟངས་ཧ་ཅང་སྐྱོ་བ། མང་ཚོགས་ཀྱི་འཚོ་བ་འདྲ་མཉམ་མིན་པ་བཅས་ཀྱི་སེམས་ཚོར་བྱུང་སོང༌།

 

 

དེ་རྗེས་སྐུ་འབུམ་དགོན་པར་ཕྱིན་ཏེ་གྲྭ་བ་ཞིག་གི་ནང་འཛུལ་སྐབས། ཕོ་བྲང་པོ་ཏ་ལ་དང་དེའི་སྟེང་འཇའ་ཤར་ཡོད་པ། མདུན་དུ་དགེ་འདུན་པ་ཞིག་འཛུམ་དམུལ་ལེར་བཞུགས་ཡོད་པའི་དཔར་ཆེན་པོ་ཞིག་མཐོང་སོང༌། གྲྭ་བ་ཞིག་གིས་དཔར་གྱི་སྟེང་གི་དགེ་འདུན་པ་དེ་༧རྒྱལ་བ་རིན་པོ་ཆེ་རེད་ཅེས་འགྲེལ་བཤད་བྱས་སྐབས། ང་རང་གི་སེམས་ལ་ཏཱ་ལའི་བླ་མ་ཟེར་བ་དེ་མིའི་པགས་པ་བཤུ་མཁན་ཞིག་ཨེ་ཡིན་ནམ་སྙམ་ཞིང༌། དུས་དེ་ནས་བཟུང་རྒྱ་གུང་ཁྲན་གྱིས་བཤད་པའི་སྐད་ཆ་དག་ལ་དོགས་པ་དང༌། ཞིབ་འཇུག་བྱ་རྒྱུའི་འདུན་པ་འཁོར་སོང༌། དེ་རྗེས་ང་རང་ལྷ་སར་སྐྱོད་སྐབས་སྔོན་མའི་སྐུ་དྲག་ཕོ་ལྷ་བ་ཟེར་བའི་གཞིས་ཀར་ཕྱིན་པ་ཡིན། དེ་ནི་གསར་བརྗེ་སློབ་གསོ་སྤྲོད་སའི་འགྲེམས་སྟོན་ཁང་ཞིག་ཆགས་འདུག གཞིས་ཀ་དེའི་ནང་འཛུལ་མ་ཐག་ཕོ་ལྷ་བའི་དཔར་ཞིག་མཐོང་སོང༌། དཔར་དེའི་སྟེང་ཕོ་ལྷ་བ་ཟེར་བ་དེ་ཧ་ཅང་གཟི་བརྗིད་ཆེན་པོ་ཅན་ཞིག་འདུག ལྷ་སའི་རྒྱ་ནག་གི་མགོ་ཁྲིད་ཚོ་དང༌། བོད་རིགས་ལས་བྱེད་མཐོ་བོ་ཚོས་ང་དགུའི་གོང་གི་གནས་སྟངས་ལ་ཁ་རྡུང་གཏོང་གིན་འདུག་མོད། ང་རང་གིས་གུང་ཁྲན་ཏང་གིས་བོད་པར་སྡུག་པོ་ཅི་ཙམ་བཏང་ཡོད་པ་དང༌། བོད་རིགས་མང་ཚོགས་ད་ལྟའི་འཚོ་བར་འདོད་པ་མེད་པ་ཤེས་སོང༌།

 

 

སྐབས་དེ་ནས་ང་ལ་བོད་སྐོར་གྱི་རྩོམ་ཡིག་འབྲི་འདོད་སྐྱེས་སོང༌། བོད་ནང་སྡོད་སྐབས་བྱ་བའི་ཞོར་དུ་དེབ་ཅིག་བཏོན་ཡོད་མོད། བོད་ཀྱི་ཆོས་ལུགས་དང་རིག་གཞུང་སྐོར་བྲིས་ཡོད་པ་མང་པོ་ཞིག་མེད་པ་བཟོས་འདུག སྐབས་དེར་བོད་རིགས་རྩོམ་པ་པོ་ཞིག་གིས་ང་ལ་ཁྱོད་ཀྱིས་བོད་སྐོར་ད་དུང་ཞེ་དྲག་ཧ་གོ་མི་འདུག་ཟེར་ནས། བོད་ཀྱི་རིག་གཞུང་གི་གནད་འགག་ཁ་ཤས་ངོ་སྤྲོད་གནང་བ་དེས་ང་རང་ཡིད་འཕྲོག་པ་ཞིག་བྱུང་སོང༌། དེ་དང་མཉམ་དུ་བོད་པའི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་རིག་གཞུང་ལ་གོ་རྟོགས་ཡག་པོ་ཞིག་ལེན་རྒྱུར་ད་དུང་ལམ་ཐག་རིང་བ་དང༌། བོད་རྒྱ་མི་རིགས་གཉིས་བར་ཕན་ཚུན་རྒྱུས་ལོན་དང་གོ་རྟོགས་སེལ་རྒྱུར་ད་དུང་གང་འཚམ་ཡོད་པའི་ཚོར་སྣང་བྱུང༌། འོན་ཀྱང༌། རྒྱ་རིགས་མང་པོར་ང་བཞིན་བོད་པར་རྒྱུས་ལོན་གྱི་གོ་སྐབས་རག་ན། བོད་པའི་རིག་གཞུང་ལ་དགའ་ཞེན་དང༌། བོད་པ་སྲུང་སྐྱོབ་ཀྱི་འདུ་ཤེས་ཤིག་ཏན་ཏན་སླེབས་གི་རེད། 

 

ང་རང་ཉེ་ཆར་ཏཱ་ལའི་བླ་མར་ཞལ་མཇལ་སྐབས། ཁོང་ནི་བྱམས་དང་སྙིང་རྗེ་ཆེན་པོ་ལྡན་པའི་བོད་པའི་རྒྱལ་བོ་ངོ་མ་ཞིག་དང༌། ལྷག་པར་དུ་བག་ཡོད་ཞི་དུལ་ཅན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པའི་ཚོར་སྣང་བྱུང་ལ། ཁོང་ནི་བོད་ཕྱི་ནང་གཉིས་གཙོས་པའི་འཛམ་གླིང་ཡོངས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཆེ་བའི་རླབས་ཆེན་ཞིག་རེད། དཔེ་མཚོན་ཆུང་ཆུང་ཞིག་ཞུས་ན། ང་ཚོས་མཉམ་དུ་བཀའ་མོལ་གནང་སྐབས། གཟིམ་ཤག་ཅུང་གྲང་མོ་འདུག ལས་ཀ་བྱེད་མཁན་དང་སྐུ་སྲུང་བ་མང་པོ་ཡོད་བཞིན་དུ། ཏཱ་ལའི་བླ་མ་ཁོ་རང་བཞེངས་ནས་ཕར་སོང་སྟེ། ཚ་གློག་བཏང་སོང་ལ། བར་སྐབས་ཤིག་ལ་ཅུང་ཚ་དྲག་སྟབས། ཡང་བསྐྱར་ཕར་སོང་སྟེ་གློག་ཤུགས་ཆུང་དུ་བཏང་སོང༌། མི་སུ་ཞིག་ཡིན་རུང་སེམས་འགུལ་ཐེབས་པ་ཞིག་རེད། གནས་སྟངས་འདི་ཧུའུ་ཅིན་ཐའོ་ཡིས་མཐོང་ན་སེམས་ཚོར་གང་འདྲ་སླེབས་སྲིད་དམ། བོད་པས་རང་བཙན་བརྩད་ན་འདྲ་ལ། དབུ་མའི་ལམ་བརྩད་ཀྱང་ཆོག མཐའ་མའི་ཐག་གཅོད་ཀྱི་དབང་ཆ་དེ་བོད་མི་རིགས་ལ་ཡོད་པ་ཞིག་ལས་རྒྱ་ནག་གཞུང་དམངས་གཉིས་ཀྱིས་ཐེ་གཏོགས་བྱེད་ཆོག་པ་ཞིག་མ་རེད། བོད་པར་བདེ་སྐྱིད་ཡོད་པའི་ལམ་ཁ་གང་ཞིག་བདམས་ཀྱང༌། ངས་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང༌།

 

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 13

  1. རྩམ་པ། says:
    ལོ་ 16 སྔོན།

    ད་བོད་ཀྱི་གནད་དོན་འདི་རྒྱ་རིགས་ཚོའི་ལྟོ་གོས་འཚོལ་སྒྲུབ་བྱེད་སའི་སྡིངས་ཆ་ཡག་ཤོས་དང༌། མྱུར་ཤོས་དེར་ཏན་ཏན་གྱུར་འདུག

    དེ་ཚོ་དང་པོ་བོད་ནང་དུ་ཡོང༌། ད་ནི་རྒྱ་གར་ཙམ་དུ་མ་ཟད། ༸གོང་ས་མཆོག་གི་དྲུང་དུའང་ཕྱིན་འདུག

    ཁོང་ནིསྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པས། སྡུག་པོ་ཞིག་ནམ་ཡང་གནང་གི་མ་རེད།

    Reply
  2. གངས་རི། says:
    ལོ་ 16 སྔོན།

    རྒྱ་འདི་ཚོས་རང་ཉིད་ཀྱི་གཞུང་སྲོལ་དམངས་གཙོར་བསྒྱུར་འདོད་ཡོད་པ་དང་། རང་རེ་རྣམས་ནས་བདག་དབང་དོར་ནས་རང་སྲིད་རང་སྐྱོང་དགོས་ཟེར་བ་འདི་གཉིས་འདྲ་བོ་མ་རེད། སོང་ཙང་། འུ་ཚོའི་དབར་དུ་མཉམ་ལས་བྱས་ཆོག་པ་དང་མི་ཆོག་པ་ཡོད་པས།
    ཁ་དང་ཁ་སྤུ་མ་འདྲེས་པ་བྱེད་རྒྱུ་བརྗེད་མི་རུང་བ་ཞིག་རེད།

    Reply
  3. རྩེ། ཆུ་མིག says:
    ལོ་ 16 སྔོན།

    ཁོ་རང་གིས་བཤད་པའི་སྐད་ཆ་ཡག་རྩོག་གང་ཡིན་ལ་རྩད་མི་ཆོད་ན་ཁོ་རང་ལ་ཁ་རྡུང་གཏོང་རྒྱུ་ལས་རྟགས་དཔྱད་བྱོས་ན་ཡག་པོ་འདུག ཁོམོའི་ཕྱིའི་རྣམ་པ་ལ་བལྟོས་ནས་སྐྱོན་བརྒྱག་མཁན་ཡང་འདུག་པས་དེ་ནི་ཧ་ཅང་ནོར་བ་རེད།
    དཔེར་ན་ཨ་རིག་དགེ་མཐོང་ལྟ་བུ་རེད།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ང་དང་རྒྱ་མོ་གཉིས་ཞེས་པའི་ཆེད་རྩོམ་དེར་ལྟོས།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    རྒྱ་རྒན་མ་འདིའི་སྣ་བལྟས་ན་ཡང་ཡག་པོ་མེད་པ་ལྟ་བུར་མཐོང་སོང་།

    Reply
  6. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    རྒྱ་རིགས་གཅིག་གིས་བོད་ཀྱི་གནས་ཚུལ་ལ་གོ་བ་ལེན་ཐུབ་ན་དེ་ཡང་ལེགས་པོ་ཞིག་རེད།

    Reply
  7. Dhonling Bhu says:
    ལོ་ 16 སྔོན།

    Hello friend Tak Ngyon lak,
    I am felt ashamed of seeing your very very poor suggestion. The staff in His Holiness private office are not a foolish and crazy people. Try to learn something much better than that suggestion. So don’t worry about that. First you should try to improve your way of thinking…Ok

    Sorry Looo…Tashi Delek

    Reply
  8. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    གོང་དུ་བཤད་པ་ནང་བཞིན་རྒྱ་དམར་གྱིས་བོད་ཀྱི་སྤྱི་ཚོགས་རྙིང་བ་དེ་ཆེས་ཀླ་ཀློ་དང་ཆེས་གདུག་རྩུབ་ཡིན་པར་ནམ་ཡང་བཤད་ཀྱིན་འདུག་སྟེ་བོད་ལྗོངས་གྱི་གནའ་དེང་ཞེས་ནམ་ཡང་མགོ་སྐོར་གཏོང་གྱིན་ཡོད་པ་རེད།

    Reply
  9. མདའ་སྨྱུག says:
    ལོ་ 16 སྔོན།

    ད་ལྟའི་དུས་རབས་འདི་མི་མང་པོ་ཞིག་གིས་གདོང་དང་གདོང་ཐུགས་ན་སྐད་ཆ་སྙིང་རྗེ་པོ་འདི་ལྟ་བུ་རྐྱང་རྐྱང་
    བྱེད་པ་ནི་རང་བཞིན་གྱི་གནས་ཆུ༹ལ་་ཞིག་རེད
    ཧང་སངས་རྒྱུ་༷ཅི་ཡང་མེད
    ལྷག་པར་དུ་རྒྱ་མོ་འདི་ཆོ༹་མི་མང་གི་ཁྲོད་ནས་སྐད་ཆ་བཤད་རྒྱུ་ཐེ་ཆོ༹མས་
    ༷སྤུ་ཅ༹མ་ཡང་མེད།
    འདི་ངའི་ཉམས་མྱོང་ཡིན

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སྟག་སྨྱོན་མི་ཡོང་ཡོང་ཚང་མ་ལ་དོགས་པ་བྱེད་དགོས་ཀྱི་མེད་པ་སུས་ཀྱང་བཤད་ཡོད་རྒྱུ་མ་རེད། ཨ་ལ་ཀུ་རེ་ཡིན། མང་གཙོ་དོན་གཉེར་བ་ཞིག་ཡིན་པ་ནི་བདེན་པ་ཡིན་རྒྱུ་རེད། ཡིན་ཡང་བོད་དོན་ལ་དོན་གཉེར་བྱེད་མཁན་ཞིག་ཡིན་མིན་ནི་གཏམ་བཤད་གཅིག་གིས་འདོད་བློ་འཁང་མཁན་ནི་ཕལ་ཆེར་ཡོད་རྒྱུ་མ་རེད། ཡིན་ཡང་། རྒྱ་མོ་དང་བོད་པའི་སྤྱི་ཚོགས་ནང་དུ་ཡོང་ནས་གཏམ་བཤད་བྱེད་པའི་གོ་སྐབས་ཤིག་རེག་པ་ནི་དངོས་ནས་ཡག་པོ་རེད་ལ། ཚུར་སྒོ་འགྲམ་དུ་འབྲེལ་བ་བྱེད་དུ་ཡོང་མཁན་གཞུང་སྒེར་སུ་ཡིན་ཡང་དགའ་བསུ་ཞུས་ན་མ་འཚམ་པ་མི་འདུག རེད་དེ། སྟག་སྨྱོན་གྱིས་བཤད་པ་ལྟར། ངེད་ཅག་གིས་མི་གང་བྱུང་མང་བྱུང་སྐུ་མདུན་ལ་དམིགས་གསལ་འཇལ་ཁ་ཐོབ་རྒྱུར་དཀའ་ངལ་མེད་པ་འདི་ནི་དངོས་ནས་ཡག་པོ་ཞིག་ཡིན་མིན་དེ་དངོས་ནས་བསམ་བློ་གཏོང་དགོས་པ་ཞིག་རེད།

    Reply
  11. སྟག་སྨྱོན། says:
    ལོ་ 16 སྔོན།

    རྒྱ་མི་རིགས་ཞིག་ལ་བློ་འགེལ་དང་ནང་འབྲེལ་བྱས་ན་ཉེན་ཁ་ཆེན་པོ་རེད། དམིགས་བསལ་རྒྱ་རིགས་འདི་འདྲ་མཇལ་ཁ་གནང་སྐབས་ལྷག་པར་དུ་ཉེན་ཁ་ཆེན་པོ་རེད། ་་་་་་་་་་་་་་་་་་་་་་་་་

    Reply
  12. རྭ་ལོ། says:
    ལོ་ 16 སྔོན།

    རྩར་བརྟག་གི་ཡོང་བ་ཡིན་ན་ག་རེ་བྱེད་དགོས་པ་རེད། བོད་པ་འདི་ཚོ་དགའ་ཆོག་ཆོག་དང་སྡུག་ཆོག་ཆོག

    Reply
  13. གླེན་པ་ལུག says:
    ལོ་ 16 སྔོན།

    སྤྱིར་བཏང་བཤད་ན་རྒྱ་དང་སོག་པོ་བོད་བཅས་ཨེ་ཤ་ཡའི་མི་རིགས་མགོ་ནག་གདོང་ལེབ་གཟུགས་ཐུང་འདི་ཚོར་གཅིག་མཐུན་དང་། ཀུན་ཁྱབ་ཀྱི་བསམ་བློ་རེ་སྐྱེ་དགོས་པ་འདྲ་མོད། དེ་སྔའི་ལོ་རྒྱུས་ཁྲོད་ཀྱི་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུགས་དེ་དག་གིས་སངས་དཀའ་བའི་རྨ་ཁ་ཟབ་མོར་བརྐོས་ཡོད་པས། ད་དུང་ཡང་ལོ་རྒྱུས་ཀྱི་ནད་རྙིང་དྲག་རྒྱུ་ཧ་ཅང་དཀའ། རྒྱ་རིགས་ཨ་ཅེ་འདིའི་སྐད་ཆར་དོན་སྟེང་ནས་རློམ་ཐུབ་ཀྱི་འདུག་གམ། མི་རིགས་རིང་ལུགས་ཀྱི་གུ་དོག་པའི་བསམ་བློ་དང་། རང་གཅེས་ཀྱི་རྒྱ་རྙི་ཆེས་རྣོ་ས་ནི་རྒྱ་གར་དང་རྒྱ་ནག་གི་རྒྱ་ཆེ་བའི་ཞིང་ལས་ས་ཁུལ་དུ་སྦག་ལ་མར་ཐིམ་པ་ལྟར་གནས་ཡོད། ཅིའི་ཕྱིར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese