དཀར་མཛེས་སུ་བཙུན་མ་ཞིག་གིས་སྐད་འབོད་བྱས་པར་བརྟེན་འཇུས་འདུག
ངྷ་ས་ཏྲེ་ཧོར་སྐྱིད་སྡུག་གིས་གནས་ཚུལ་སྤྲད་པ་ལྟར་ན། ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པར་དཀར་མཛེས་རྗོང་ཐོག་ཏྲེ་ཧོར་དར་རྒྱས་རུ་མདའ་གྲོང་ནས་ཡིན་པ། ཕ་ཕུར་བུ་རབ་བརྟན་དང་མ་བསོད་ནམས་དཔལ་སྐྱིད་གཉིས་ཀྱི་བུ་མོ་རང་ལོ་ ༤༣ ལ་སོན་པ། དར་རྒྱས་ཧ་དྷི་བཙུན་དགོན་གྱི་བཙུན་མ་བསོད་ནམས་ཆོས་སྐྱིད་ཀྱིས་༧གོང་ས་མཆོག་སྐུ་ཚེ་བརྟན་པ་དང་། རང་ཡུལ་གངས་ཅན་ཞིང་དུ་བཞུགས་གདན་འཇགས་དགོས་པ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པ། བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་ཀྱི་སྐད་འབོད་བྱས་མ་ཐག་ཉེན་རྟོག་པས་ཉེས་རྡུང་གཏོང་བཞིན་འཇུས་ཡོད་ཚུལ་འདུག