མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་རྒོལ་བ་ ༧ གློད་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཞི་རྒོལ་བ་དེ་དག་མྱུར་དུ་གློད་གྲོལ་མི་གཏོང་ན། སྡེ་དཔོན་གྱིས་མི་མང་གི་འགན་ལེན་ཐུབ་ཀྱིན་མེད་ལ། མི་མང་གིས་བཙོན་ཁང་མདུན་སྒོ་ནས་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ཞུས་པར་བརྟེན་བོད་མི་ ༧ གློད་ཡོད་འདུག

དེ་རིང་དགའ་ལྡན་བྱང་རྩེ་གྲྭ་ཚང་ཕ་ར་ཁང་ཚན་གྱི་གྲྭ་བློ་བཟང་ཆོས་སྐྱབས་ལགས་ཀྱིས་གནས་ཚུལ་བརྗོད་པ་ལྟར་ན། ཚེས་ ༡༥ དང་ ༡༦ ཉིན་གཉིས་ཀྱི་རིང་ལི་ཐང་རྫོང་ཐོག་ཏུ་བོད་མི་ཚོས་ཞི་རྒོལ་བྱས་རྗེས། འབའ་ཐང་རྫོང་ནས་ལི་ཐང་ས་ཁུལ་ལ་གནས་སྤོར་བའི་གད་མོ་གྲོང་སྡེ་ཡི་བོད་མི་ ༡༦ དང་ལི་ཐང་རྫོང་དང་བར་ཐག་ཉེ་བའི་འབྲོག་སྡེ་ཁག་ནས་བོད་མི་ ༥ བཅས་ཁྱོན་བོད་མི་ ༢༡ བཟུང་བའི་ནང་ནས། འབའ་ཐང་རྫོང་ནས་ལི་ཐང་ལ་གནས་སྤོར་བའི་བོད་མི་ ༧ འབའ་ཐང་རྫོང་ཉེན་རྟོག་པས་གློད་གྲོལ་བཏང་ཡོད་འདུག བོད་མི་དེ་དག་གི་མིང་དང་བཙོན་ཁང་དུ་གནད་དོན་ག་རེ་བྱུང་མིན་སོགས་ཤེས་རྟོགས་བྱུང་མེད་པ་དང༌། གནས་ཚུལ་མཁོ་འདོན་པས་བརྗོད་པ་ལྟར་ན། བོད་མི་དེ་དག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པས་སྐད་ཆ་བཤད་ཐུབ་ཀྱིན་མི་འདུག་ཟེར།
 
ཚེས་ ༢༠ ཉིན་འབའ་ཐང་རྫོང་ནས་དམག་མི་ ༤༠༠༠ ལྷག་ལི་ཐང་ལ་ཡོང་ཡོད་པ་དང༌།  འབའ་ཐང་རྫོང་ཁོངས་ནས་གནས་སྤོར་མཁན་གྱི་གད་མོ་གྲོང་སྡེའི་མི་མང་རྣམས་ཚོགས་འདུ་འཚོགས་དགོས་པའི་བཀའ་བཏང་བ་ལྟར་མི་མང་རྣམས་ཚོགས་འདུར་ཞུགས་ཡོད་འདུག་ལ། ཚོགས་ཐོག་ཏུ་འབའ་ཐང་རྫོང་ཁོངས་ནས་གནས་སྤོར་བའི་བོད་མི་ཚོར་འབའ་ཐང་རྫོང་གི་ཉེན་རྟོག་པ་དང་སྤྱི་བདེ་ལས་ཁུངས་ལ་འགན་ཡོད་པ་དང༌། དེ་བཞིན་གནས་སྤོར་བའི་བོད་མི་ཚོའི་དགོན་པ་གནས་སྒོ་གྲྭ་ཚང་གིས་སྔོན་ཆད་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་སྐབས། གནས་སྒོ་དགོན་པའི་གྲྭ་བ་ཚོ་ཚོགས་མི་འཚོགས་དོན་ག་རེ་ཡིན་མིན་སོགས་ཀྱི་ཐད་ལ་དྲི་བ་དྲིས་ཡོད་འདུག དེར་གྲྭ་བ་ཚོས། ང་ཚོ་ཚོགས་འཚོགས་ཚེ་རང་གི་རྩ་བའི་བླ་མར་མཚན་སྨད་ཞུ་དགོས་ཀྱིན་འདུག་ལ། རང་གི་མཆོད་བཤམ་ནང་གི་༧གོང་ས་མཆོག་གི་སྐུ་འདྲ་སོགས་མར་བླངས་ནས་མའོ་ཙེ་ཏུང་གི་འདྲ་པར་ཡར་འཇོག་དགོས་ཀྱིན་འདུག དེ་འདྲ་ང་ཚོས་རྩ་བ་ནས་ཞུ་ཐུབ་པ་མི་འདུག་ཅེས་བརྗོད་ཡོད་འདུག དེ་བཞིན་གད་མོ་གྲོང་སྡེ་ཡི་མི་མང་ཚོས་གལ་ཏེ་ཚེས་ ༡༥ དང་ ༡༦ ཉིན་བཟུང་བའི་བོད་མི་ཞི་རྒོལ་བ་དེ་དག་མྱུར་དུ་གློད་གྲོལ་གཏོང་གི་མིན་ན། ང་ཚོས་མུ་མཐུད་ནས་ཞི་རྒོལ་དང་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་པའི་བསམ་ཚུལ་བཤད་འདུག་ལ། ད་དུང་གད་མོ་གྲོང་སྡེ་ཡི་སྡེ་དཔོན་གྱི་མིང་ཐོག་ནས་བོད་མི་ཞི་རྒོལ་བ་དེ་དག་མྱུར་དུ་གློད་གྲོལ་མི་གཏོང་ན། སྡེ་དཔོན་གྱིས་མི་མང་གི་འགན་ལེན་ཐུབ་ཀྱིན་མེད་པ་དང༌། མི་མང་གིས་བཙོན་ཁང་གི་མདུན་སྒོ་ནས་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་པ་སོགས་ཀྱི་གནས་སྟངས་བཤད་ཡོད་འདུག 

ཚེས་ ༢༢ ཉིན་འབའ་ཐང་རྫོང་གི་ཉེན་རྟོག་པས་ཞི་རྒོལ་བ་དེ་དག་ལི་ཐང་གི་ས་ཁུལ་གཞན་ཞིག་ཏུ་ཁྲིད་ཡོད་འདུག་ལ། དེའི་ནང་གི་བོད་མི་བདུན་འབའ་ཐང་རྫོང་ཐོག་ནས་གློད་གྲོལ་བཏང་ཡོད་འདུག་ཀྱང༌། རྨས་སྐྱོན་ལྕི་མོ་ཕོག་སྟེ་སྐད་ཆ་བཤད་ཐུབ་ཀྱི་ཡོད་མི་འདུག 

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༧ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese