མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནང་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་བྱས་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

 མདོ་སྨད་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་དག་གིས་བོད་ས་མོ་གླང་ལོའི་ལོ་སར་ཚེ་གཅིག་ཉིན་ཞི་བའི་མར་མེ་ཁྲོམ་སྐོར་བྱས་ཏེ། རྒྱ་དམར་གྱིས་དྲག་པོའི་བཙན་འཛུལ་བྱས་ནས་མི་ལོ་ལྔ་བཅུ་འཁོར་བར་དུས་དྲན་དང་། བོད་བསྟན་སྲིད་ཀྱི་དོན་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་ལོ་ནག་སྲུང་གཙི་བྱས་ཡོད།

 

འདི་ག་གསར་ཁང་དུ་འབྲེལ་ཡོད་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་དང་། བོད་ས་མོ་གླང་ལོའི་ལོ་སར་ཚེས་གཅིག་གི་ཉིན་གྱིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ དང་ཕྱེད་ཀའི་ཐོག མདོ་སྨད་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་ ༢༠༠ ལྷག་གིས་ལཱ་མོ་ཡོངས་འཛིན་རིན་པོ་ཆེའི་ལྷ་ཁང་ནས་མགོ་བཙུགས་ཏེ། སྤྱི་ལེ་ ༡ ལྷག་གི་སར་ཡོད་པའི་མང་ར་རྫོང་སྲིད་གཞུང་གི་བར་ཏུ་མེར་མེ་ཁྲོམ་སྐོར་གནང་ཡོད་པ་དང་། རྫོང་མི་དམངས་སྲིད་གཞུང་གི་སྒོ་ཆེན་མདུན་དུ་འདུ་འཛོམས་ཀྱིས་དགོས་འདུན་ཁག་བཞི་བཏོན་ཡོད་འདུག  དང་པོ། བོད་མི་གཞོན་སྐྱེས་ཚོའི་བསམ་ཚུལ་དང་སེམས་དོན་རྒྱ་གཞུང་གིས་ཤེས་རྟོག་ཡོང་རྒྱུ། གཉིས་པ། ད་ལོའི་མར་མེ་ཁྲོམ་སྐོར་འདིས་མཚོན་ཞི་བའི་ལས་འགུལ་དག་འདས་ལོ་ལས་གཞི་རྒྱ་ཆེ་བ་ཡོང་རྒྱུ་ཡིན་པ་ཤེས་རྟོགས་ཡོང་རྒྱུ། གསུམ་པ། ཀླུ་ཚང་དགོན་པའི་མར་མེ་ཁྲོམ་སྐོར་འདི་ནི་གཞིས་བྱེས་གཉིས་ཀྱི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་ནག་གི་རྗེས་དྲན་ལག་སྐྱེས་སུ་ཕུལ་བ། བཞི་པ། བོད་དོན་བདེན་མཐའ་མྱུར་དུ་སེལ་དགོས་པ་བཅས་ཀྱི་དགོས་འདུན་བཅས་བཏོན་ཡོད་འདུག  སྐབས་དེར་ས་གནས་བོད་རིགས་ལས་བྱེད་རྒན་གྲས་དང་དགོན་པའི་དགེ་རྒན་རྣམས་སླེབས་ཏེ། ཞི་བའི་ངོ་རྒོལ་མཚམས་འཇོག་གནང་སྟེ་དགེ་འདུན་པ་རྣམས་ཕྱིར་དགོན་པར་ཕེབས་དགོས་པའི་འབོད་སྐུལ་ཞུས་པ་བཞིན་ལས་འགུལ་དེ་རེ་ཞིག་མཚམས་འཇོག་བྱས་ཡོད་འདུག

 

ཁ་སང་ཕྱི་ཚེས་ ༢༦ ཉིན་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲོམ་སྲང་དུ་གསལ་བསྒྲགས་ཤིང་སྤེལ་བའི་ནང་།  ཆུ་ཚོད་ ༢༨ ནང་ཚུད་དུ་ངོ་རྒོལ་བ་ཚོས་རང་འགུལ་གྱིས་མགོ་འདོག་དང་ཉེས་བ་ངེས་ལེན་བྱེད་དུ་མ་ཡོང་ཚེ་ཁྲིམས་གཅོད་ནན་མོ་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག  གཞན་ཡང་རྒྱ་ནག་གཞུང་ནས་དམག་མིའི་རླངས་འཁོར་ཆེ་བ་གསུམ་དང་སྤྱི་སྤྱོད་རླངས་འཁོར་གཉིས། གཞན་རླངས་འཁོར་ཆུང་བ་བཅུ་ལྷག་འབྱོར་དེ་མང་ར་རྫོང་གི་མཁར་གྲོང་དང་ཀླུ་ཚང་དགོན་པ་ཡོངས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ས་གནས་རྫོང་ཐོག་གི་གློག་ཀླད་ཁང་ཚང་མ་སྒོ་བརྒྱབས་ཤིང་། ཁ་པར་སྐུད་ལམ་ཡོངས་བཅད་དེ། གཞུང་ལམ་དང་སྲང་ལམ་ཆེ་ཆུང་ཁག་གི་མིའི་འགྲོ་འོང་ལ་ཡང་བཀག་སྡོམ་ནན་མོ་བྱས་ཡོད་འདུག     

 

དེ་རིང་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༡༠ ཡས་མས་སུ་མང་ར་རྫོང་སྤྱི་བདེ་མངགས་གཏོང་ཁང་གི་ཉེན་རྟོག་པ་ཀླུ་ཚང་དགོན་དུ་ཡོང་སྟེ། དགེ་འདུན་པ་བཀྲ་ཤིས་རྒྱ་མཚོ་དང༌། འཇམ་དབྱངས་མཁྱེན་རབ། སྐལ་བཟང་རྒྱལ་མཚན་གསུམ་འཛིན་བཟུང་གིས་མང་ར་རྫོང་ཐོག་ཏུ་ཁྲིད་ཡོད་འདུག

མཆན། 4

  1. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    ད་ལོ་ཡང་ཀླུ་ཚང་དགོས་པས་སྣེ་ཁྲིད་ནས་གདོང་དམར་བོད་པ་ཚང་གི་ན་ཟུག་
    ཕྱིར་མངོན་གྱིན་འདུག

    Reply
  2. སྐྱ་ཀ་ཁ། says:
    ལོ་ 13 སྔོན།

    འདི་ལྟ་བུའི་ལས་འགུལ་ནི་ྋགོང་ས་མཆོག་དང་གྷན་ངྷི་མཆོག་གི་འཚེ་མེད་ཞི་བའི་ལས་འགུལ་གྱི་བྱེད་ཐབས་རང་ཡིན་སྟབས། ྋགོང་ས་མཆོག་གི་བཀའ་དང་འགལ་མེད་པ་གསལ་བོ་ཡིན་པ་མ་ཟད། ནུས་པའང་ཤུགས་ཆེན་པོ་ཐོན་གི་རེད། ཡིན་ནའང༌། ད་ལྟའི་དུས་འདིར་རྒྱ་ནག་གི་ཆབ་སྲིད་སྲིད་ཇུས་འོག་ཏུ་མནར་གཅོད་མྱོང་རྒྱུ་ནི་གཏན་འཁེལ་བ་ལྟ་བུ་རེད་ཅེས། ལོ་གསར་ཚེས་གཅིག་ཉིན་ྋགོང་ས་མཆོག་དང་བཀའ་ཁྲི་རྣམ་གཉིས་ཀྱིས་བཀའ་སློབ་ཕེབས་ཡོད།
    གཞིས་ལུས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་གུས་འདུད་ཞུ།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    བདེན་དོན་གྱི་མར་མེ་རྐང་གཅིག་དང་བདེན་དོན་ཆེད་དུ་སྐད་འབོད་ཐེངས་གཅིག་སུས་བྱེད་ཀྱི་ཡོད་མཁན་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་མི་སུ་ཞིག་ཡོད་ན་དེ་ལ་སེམས་གཏིང་ནས་རླབས་ཆེན་དུ་བཀུར་ན་འདོད། དམིགས་གསལ་གྱིས་བོད་ནང་གི་བོད་མི་དག་གི་བླ་ན་མེད་པའི་སྙིང་སྟོབས་དང་འགྱུར་མེད་ཀྱི་གཤིས་ཀ་དེ་ནི་སེམས་བསམ་པའི་གཏིང་ནས་དུས་དང་ནམ་པ་ཀུན་དུ་བརྗེད་མེད་སེམས་ཁོང་དུ་འཛིན་ངེས་ཡིན་ལ་ང་དང་འདྲ་བའི་བོད་མི་ཕྱི་རབས་གང་མང་མང་གིས་ཀྱང་བརྗེད་མི་སྲིད་པ་དེའི་ཆེད་དུ་གང་ཐུབ་ཐུབ་རེ་བྱེད་ངེས་རེད།

    Reply
  4. བསེ་རུ། says:
    ལོ་ 13 སྔོན།

    འཚེ་མེད་ཞི་བ་རིན་པོ་ཆེ།།
    མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།
    སྐྱེས་པ་ཉམས་པ་མེད་པ་ཡང།།
    གོང་ནས་གོང་དུ་འཕེལ་བར་ཤོག།

    ལྷག་བསམ་སྙིང་སྟོབས་རིན་པོ་ཆེ།།
    མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།
    སྐྱེས་པ་ཉམས་པ་མེད་པ་ཡང་།།
    གོང་ནས་གོང་དུ་འཕེལ་བར་ཤོག།

    Reply

Leave a Reply to ཨ་རིག་དགེ་མཐོང་། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist