མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱབ་ཤ་དཀར་པོའི་དེབ།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཞི་བའི་བཅངས་གྲོལ་གྱི་ལོ་འཁོར་ལྔ་བཅུར་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་དང་བོད་ལྗོངས་མི་དམངས་ལ་མཐོང་ཆེན་དང་ཐུགས་ཁུར་མཚོན་ལ། བོད་ལྗོངས་མི་དམངས་ཀྱིས་རང་རེའི་རྒྱལ་ཁབ་ལ་བཅངས་པའི་དུང་སེམས་མཚོན་ཟེར།  

རྒྱ་གར་ངྷ་རམ་ས་ལར་བརྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གིས། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཤིང་། ༧གོང་ས་མཆོག་གཙོས་བའི་བོད་མི་ཁྲི་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྐྱབས་བཅོལ་དུ་ཕྱིན་ཏེ། ལོ་ངོ་ལྔ་བཅུ་འཁོར་བའི་ཐོབ་ཤོར་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་དུས་དྲན་སྲུང་གཙི་བྱས་ཏེ། བདེན་པའི་ལོ་རྒྱུས་ཀྱི་དེབ་ཐེར་ནག་པོ་ཞིག་འཛམ་གླིང་ལ་ཁྱབ་སྤེལ་བྱ་ལ་ཉེ་བའི་དུས་འདིར། རྒྱ་ནག་པེ་ཅིན་གཞུང་གིས་ལྔ་བཅུ་ང་གྲངས་སྐབས་ཀྱི་བོད་ཡུལ་བཙན་འཛུལ་དང་། ད་ལྟའི་བོད་ས་བཙན་བཟུང་གི་གནས་བབ་རྒྱལ་སྤྱིར་ཁྲིམས་མཐུན་བཟོ་ཆེད། བཙན་གནོན་དང་དྲག་སྤྱོད་ཀྱི་འོག་ནས་ལོ་ངོ་ ༥༠ དུས་ཆེན་སྲུང་གཙི་བྱས་ཏེ། བོད་ལྗོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་ཨུ་ཚུགས་ཀྱིས་འདོན་སྤེལ་བྱས་ཡོད་འདུག

 

ཕྱི་ཟླ་  ༣   པའི་ཚེས་   ༢  ཉིན་གྱི་ཕྱི་དྲོར་རྒྱ་ནག་པེ་ཅིན་གསར་འགྱུར་གཞུང་ལས་ཁང་གིས། བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ ༥༠  འཁོར་བ། ཞེས་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམ་སྤེལ་བྱས་ཡོད་པ་མ་ཟད།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཏེ། ཆེད་དུ་རྒྱབ་ཤ་དཀར་པོ་ཞེས་པའི་དེབ་དེ་འགྲེམ་སྤེལ་བྱེད་དོན་སྐོར་ལ་གཏམ་བཤད་དང་། གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་འདུག  གསར་འགོད་ལྷན་ཚོགས་དེའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས།   བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ ༥༠  འཁོར་བའི་སྐབས་འདིར། རྒྱ་ནག་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཆེད་དུ་བོད་ལྗོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་མཚོན་པའི་རྒྱབ་ཤ་དཀར་པོའི་དེབ་སྤེལ་བ་ནི། ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་དང་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐོང་ཆེན་དང་ཐུགས་ཁུར་མཚོན་ལ། སྔར་ལས་ལྷག་པར་བོད་ལྗོངས་མི་དམངས་ཀྱིས་རང་རེའི་རྒྱལ་ཁབ་ལ་བཅངས་པའི་དུང་སེམས་མཚོན། ཅེས་བརྗོད་ཡོད།

གསར་འགོད་པ་ཚེ་རིང་སྐྱིད།

 

མཆན། 37

  1. བསྟན་འཛིན says:
    ལོ་ 14 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས།

    རྩེད་མཚར་ཞིག་བྱ་འདོད་བྱུང༌། ཞེས་དང༌། བརྒལ་བརྟག་ཅིག་བྱ་འདོད་ཡོད། ཅེས་ཁྱེད་རང་ནས་བཤད་པ་དེ་དང༌། ད་ལྟ་ཁྱེད་རང་དངོས་སུ་སླེབས་ནས་གླེང་སྟངས་འདི་གཉིས་བསྡུར་ནས་བལྟ་སྐབས། ༼མགོ་མ་བརྩམས་གོང་ནས་ང་ཕམ་སོང་བ་ཡིན༽ཅེས་ཞུམ་པའི་སྐད་ཀྱིས་བཤད་ནས་འདུག་སྟེ། ངས་ནི་ད་དུང་ཡང་ཁྱེད་ཀྱི་རྩེད་མཚར་དེ་དང༌། ཁྱེད་རང་གིས་ང་དང་ལྷན་བརྒལ་བརྟག་བྱ་འདོད་ཡོད་ཅེས་བཤད་པ་དེར་དགའ་སྤྲོས་ཤགས་འགྱེད་བྱ་བསམ་པ་རྒྱུུན་མར་ཡོད། ཆུ་ཁར་སླེབས་ནས་རྟ་ཁ་མ་བསྒག་རོགས། ཕ་བཟང་བུ་ཞེས་ཞུ་ཡག་ཡིན།
    ཐོག་མར་འདི་ལྟར་ཞུ་འདོད་བྱུང༌། ངས་བསམ་ཚུལ་སྤེལ་བའི་ནང་ནས་ཡིག་ནོར་རེད་ཅེས་མིང་དང་ཚིག་ཁ་ཤས་ཟུར་འདོན་གནངས་འདུག་པ་དེ་དག་བརྡ་སྤྲོད་ཀྱི་གཞུང་དང་བསྟན་བཅོས་ཀྱི་སྲོལ་གང་དང་འགལ་ཡོད་པ་གསལ་བཤད་གནང་རྒྱུ་ཡོད་ན། དེ་དགའ་གུས་ཀྱིས་ངོས་ལེན་ཞུ་འདོད་ཡོད། ཟེར་རྒྱུས་ཕོངས་ནས་རང་གི་དེ་ཉིད་ཕྱིར་ཕྱུངས་པ་ལ་དེ་ཚུལ་གྱི་ལན་སྤྲོ་བ་ངའི་གཤིས་ཀ་དང༌། རིགས་པ་སྨྲ་བ་སྤྱིའི་འགྲོས་ཀྱང་རེད།
    དེ་ནས་བསྟན་འཛིན་གྱིས་ཡིག་ནོར་དག་ཐེར་བྱ་འདོད་ཡིན་ནམ། ཡིག་ནོར་ལས་སྣོན་བྱ་འདོད་ཡིན་ཅེས་བཤད་དེ། ངས་སྤེལ་བའི་བསམ་ཚུལ་ནང་ཡིག་ནོར་འདུག་མདོག་མདོག་གི་རྣམ་འགྱུར་མངོན་པ་བྱས་འདུག དེར་ངས་ཁྱེད་དང་ཁྱེད་འདྲ་བ་དག་སྡེབ་ཀྱི་རང་མགོ་མ་ཐོན་པ་དག་གི་ངོར་ཡིག་ནོར་དག་ཐེར་བྱེད་བསམ་པ་དང་དེའི་སྤོབས་པ་སྔོན་དུ་བཏང་ནས་ཡོད་སྟབས། ངས་ནི་ཡིག་ནོར་སྤེལ་གྱི་མེད་ཅེས་སྤོབས་པ་མཐོན་པོས་ཞུ་ཡག་ཡིན། བསམ་ཚུལ་སྤེལ་བའི་ནང་ཡིག་ནོར་སྤེལ་བ་མེད་ཅེས་ཀྱང་ཞུ་ཡག་ཡིན། ཅི་སྟེ་ཡོད་ན་ནི། འདུག་ཅེས་ཤོད་དང་བདེན་པར་འདུག་ན་ངོས་ལེན་ཞུ་བའི་སྤོབས་པ་དང་ཡང་ལྡན་པ་ཞིག་ཡིན་ཅེས་བསྐྱར་དུ་ཞུའོ།། གང་དུའང་ཁྱེད་རང་གིས་བརྒལ་བརྟག་ཅིག་བྱ་འདོད་ཡོད་ཅེས་བཤད་པ་དེ་ག་རང་དགའ་སྤྲོ་ཆེན་པོས་ཁུར་དུ་ལེན་བསམ་པ་ལས། ངའི་ལྗིད་ཁོག་སྟོན་འདོད་པ་གང་ཡང་མིན། ལར་ནས་བརྒལ་བརྟག་གི་མཐའ་འབྲས་འཚོལ་བ་ལ་ཞུགས་པའི་སྐབས་ན། སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀྱི་གང་གི་ཤེས་ཡོན་ལྕི་མིན་གྱིས་ཐག་ཆོད་དགོས་པ་རིགས་པ་སྨྲ་བ་སྤྱིའི་ལུགས་རེད།
    ཡང་ཁྱེད་རང་ནས་དུས་བབ་ཀྱིས་ཡིག་ནོར་སྤེལ་གྱི་ཡོད་པ་དང༌། བརྒྱུད་ལམ་གཞན་ལས་ཉུང་བའི་ངོས་འཛིན་དང༌། དུས་བབ་ཀྱི་ཡིག་ནོར་ནི་རང་ཉིད་དང་རང་ཉིད་འདྲ་བ་དག་གི་ཤེས་ཚད་ཀྱིས་མ་འཆུན་པ་དང༌། ནན་ཏན་མ་བྱས་པ། དུས་ཚོད་མ་འདང་བ་བཅས་ལ་ཁ་འཕངས་ནས་འདུག དེར་ང་ལ་ཚིག་གཅིག་ཞུ་ཡག་ཡོད། ཤེས་ཚད་ཀྱིས་མ་འཆུན་ནས་ཡིག་ནོར་སྤེལ་གྱི་ཡོད་པར་ངས་ཀྱང་དེ་བཞིན་ངོས་འཛིན་བྱེད་ཀྱིན་ཡོད། ནན་ཏན་མ་བྱས་པ་དང་དུས་ཚོད་མ་འདང་བ་ཟེར་བ་དེ་ཁས་ལེན་ཐུབ་པ་མི་འདུག དེ་གཤམ་ན་བསྟར་བའི་སྒྲུབ་བྱེད་རྣམ་གྲངས་བརྒྱད་དེ་ནི་ཁྱེད་རང་ལྟར་ན་ཡིག་ནོར་མིན་ཅེས་ཨུ་ཚུགས་བྱེད་པའི་གཏན་ཚིགས་སུ་བཀོད་འདུག་ཀྱང༌། ཡིག་ནོར་ཡོད་ཟེར་སྟངས་དང་བསྡུར་ན། རང་མགོ་རྡུང་བྱེད་ཆགས་ནས་འདུག
    མཚམས་འདིར་ཁྱེད་ཀྱི་བསམ་ཚུལ་ཐུང་ངུ་འདིའི་ནང་གི་ཡིག་ནོར་ཁག་ཅིག་ཟུར་འདོན་གྱིས་ངོ་སྤྲད་ན། ༼གོ་འཚོལ༽ཞེས་པ་ཁྱེད་ནོར། ཁ་སྐད་ཀྱི་དབང་དུ་བྱས་པ་ཡིན་དུ་ཆུག་ཀྱང་༼མགོ་ཚོས༽ཞེས་འབྲི་བ་འདི་དག ༼ཞི་དག༽ཅེས་བྲིས་པ་ཁྱེད་ནོར། ༼ཞུ་དག༽ཅེས་འབྲི་བ་དག ཡིད་མི་ཆེས་ན། སྒྲ་སྦྱོར་བམ་གཉིས་དང་བྱེ་བྲག་རྟོགས་བྱེད་ཆེན་མོའི་དབུར་གཟིགས་དང༌། གསལ་རྒྱས་བཀོད་ནས་འདུག ཡང༌། དེ་གཤམ་ན། ཀློག་པ་པོས་ཡིག་ནོར་དུ་༼ལྟ་བ༽་ཞེས་པའང་ཁྱེད་ནོར། སྐབས་འདིར་ནི་༼བལྟ་བ༽འབྲི་བ་དག དེ་ནས་ཁྱེད་རང་གིས་ངའི་བསམ་ཚུལ་ལས་ཡིག་ནོར་དུ་བསྟན་པའི་གྲས། ༼གནངས་རོགས།༽ ༼ངོས་ལེན་ཞུ་མཁན་ཅིག་ཡིན།༽ ༼བཤམས་བསམས༽ ༼ཅེས་ཀྱང་སྨྲའོ།།༽ སོགས་འཛེམ་ཟོན་མེད་པར་སྤེལ་བའི་ཡིག་ནོར་དུ་བསྒྲགས་འདུག་པ་ཁྱེད་ཡོངས་སུ་ནོར། ང་ཤིན་ཏུ་ནས་དག་པར་ཡོད་ཅེས་ཞུ་ཡག་ཡིན། རིགས་པས་བརྒལ་བརྟག་བྱ་སྟངས་འདི་འདྲ་མ་རེད་ཅེས་ཀྱང་ཞུ་བར་ཐལ།
    བློ་ཕམ་ཅིག་བྱུང་བ་ནི། བརྒྱུད་ལམ་གཞན་ལས་དུས་བབ་ཀྱི་ཡིག་ནོར་ཉུང་བ་ཡོད་ཅེས་བཤད་འདུག་པ་འདི་རེད། བརྒྱུད་ལམ་གང་ལས་ཉུང་བར་ཤོད་ཀྱི་ཡོད་མེད་ནི་ངས་མི་ཤེས། དེ་ཤེས་འདོད་ཀྱང་མེད། ཡིག་ནོར་ཡོད། གཞན་ལས་ཉུང་བ་ཡོད་ཅེས་པ་ནི་དུས་བབ་ཀྱི་རིན་ཐང་སྲུང་སྐྱོབ་བྱེད་པའི་གཏམ་དུ་འགྲོ་དཀའ། དུས་བབ་ཀྱི་དེ་ཉིད་ཕྱིར་སྟོན་གྱི་ཚིག་ཏུ་སོང་ནས་འདུག གོང་དུ་བསམ་ཚུལ་སྤེལ་སྐབས་འགའ་ཞིག་ཏུ། ངས་ཁྱེད་རང་གི་ཡིག་ནོར་ཁག་ཅིག་ཟུར་འདོན་ཞུས་པ་དེ་དག་ཟུར་འདོན་ཞུ་ཉེས་ཞུས་པ་ཡོད་ན་ནི། དེ་དག་ཐེར་འདོན་ནས་མགོ་བཙུགས་ཏེ་བརྒལ་བརྟག་རྩོམ་གནངས་རོགས། འདི་ལྟར་སྡུག་སྐད་བརྒྱབ་པས་གར་ཡང་སླེབས་དཀའ་བར་མཐོང༌། མ་མཐོང་གྲོགས་པོ་ཁྱེད་རང༌། རང་གི་དེ་ཉིད་ཁྲོམ་འགྲེམས་བྱེད་པ་ལའང་ཅི་མི་སྙམ་པ་འདིས། མི་གཤིས་དྲང་ཚུགས་ཤིག་ཡོད་མཆི།
    ད་དུང་ཡང༌། བརྒལ་བརྟག་གི་ཨུ་ཚུགས་བྱ་བསམས་ན་ནི། ལུང་རིགས་ཀྱི་འགྲོས་ལ་གཞོལ་བ་གནད། ངའི་ཀུན་སློང་དང་མི་གཤིས་སོགས་ནི། ངེད་གཉིས་ཀྱི་རྩོད་གཞི་མ་རེད། དངོས་འབྲེལ་བརྒལ་བརྟག་བྱ་བསམས་པ་ཡོད་ན། མུ་མཐུད་བགྲོ་གླེང་བར་ཕེབས་པའི་རེ་བ་ཡོད། མ་མཐོང་གྲོགས་པོ་ཁྱེད་དང་བརྒལ་བརྟག་ཅིག་གི་སྤྲོ་བས་ཡོད་དེ། ཁྱེད་འདིས་གཡོལ་ཅི་ཐུབ་བྱས་ཡོང་དུས། ང་ལ་ཐབས་ཤེས་མི་འདུག རེ་བ་ཆེ་ཤོས་ནི། ཡིག་ནོར་མེད་པའི་དུས་བབ་ཅིག་ཏུ་སྨོན་ནས་ཡོད་དོ།།

    ལྡབ་ལྡིབ་ཚིག་གི་ཤུན་པ་ཕར་བཤུས་པས།།
    བརྗོད་འདོད་དོན་གྱི་ཕྱི་ནང་མངོན་པར་གྱུར།།
    རྟ་ཁལ་བོང་བུར་བཀལ་བ་ངེད་རང་ནོར།།
    རང་སྐྱོན་འདི་འདྲ་ངོས་འཛིན་མཐོལ་ཞིང་བཤགས།།

    མ་མཐོང་གྲོགས་འདི་ལུང་རིགས་ཤགས་འགྱེད་ཀྱིས།།
    གཡས་གཅུན་གཡོན་ནས་གཅུན་པའི་བར་གསེང་ནས།།
    ཞུམ་འདར་སྐད་གདངས་འཕངས་དམའི་སྟངས་སྟབས་ཀྱི།།
    འགྲོས་ལ་བཀོད་པའི་སྡིག་པ་ཅིས་མི་ལྕི།།

    དེ་ལྟར་ན་ཡང་ནོར་མེད་དུས་བབ་ཅིག།
    ཡང་ཡང་མཇལ་འདོད་སེམས་པའི་མཚོ་ངོགས་ན།།
    རེ་འདུན་རྦ་རླབས་འཕྱུར་བའི་སྒྲ་སྐད་འདིས།།
    རྣ་བའི་བྲག་ལ་འཁྱུད་པ་འཇགས་ཐབས་བྲལ།།

    ཚིག་གི་སྤྲོས་པས་དོན་གྱི་གནད་སྦྲུམ་པའི།།
    ལུང་རིགས་རིན་ཆེན་རྒྱན་ལྡན་མིན་མོད་ཀྱང༌།།
    རྩོད་པའི་ལམ་ལ་འབོད་པའི་བརྡ་སླེབས་པས།།
    ཁོ་བོས་ལམ་འདི་གཏོང་བ་ཅང་མ་ཕོད།།
    ཅེས་ཀྱང་ཞུའོ།།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཁྱོད་ཨ་མདོ་བདང༌། ང་ཁམས་པ། ཞེས་པའི་ཚིག་མགོ་གླེང་བ་ཙམ་གྱིས། ང་ཉོབ་སོང་མོད། ཀློག་མཁན་ཚོའི་སྦྱན་ལམ་འདི་ལྟར་འབག་བཙོག་བཟོས་བ་སྣང་མེད་དུ་བཞག་ན། དེའང་དྲ་བ་དོ་དམ་པ་ཞིག་གི་འགན་མ་འཁུར་བའི་བཟོ་འདྲ་བོ་ཞིག་འདུག

    དེ་རིང་ངས་འདི་ནས་བསྟན་འཛིན་ལ་ཕྱོགས་གསུམ་ནས་ལན་འདེབས་བྱ་རྒྱུ་ཡིན། དང་པོ། བསྟན་འཛིན་གྱིས་ཡིག་ནོར་དག་ཐེར་བྱ་འདོད་ཡིན་ནམ། ཡིག་ནོར་ལས་སྣོན་བྱ་འདོད་ཡིན་པ་གོ་འཚོལ་མ་སོང་མོད། གང་ལྟར་བོད་ཀྱི་དུས་བབ་དྲ་ཤོག་གཉིས་ཀྱི་ཡིག་ནོར་གླེང་རྒྱུ་ཡིན། གཉིས་པ། བསྟན་འཛིན་གྱི་སེམས་འཁྲུལ་ས་ཡིན་ནམ། ཁ་གཡར་ས་གང་ཡིན་ཐེ་ཚོམ་ཡིན་མོད། བསྟན་འཛིན་གྱི་དཔྱད་གཏམ་ལ་གཤིབ་བསྡུར་ཅིག་བྱ་རྒྱུ་ཡིན། གསུམ་པ། བསྟན་འཛིན་གྱིས་དོན་འགྲུབ་བཀྲ་ཤིས་ཀྱི་ཡོན་ཚད་ཤེས་འདོད་པ་ཡིན་ནམ། རང་ཉིད་ཀྱི་ལྗིད་ཁོག་ཕྱིར་སྟོན་འདོད་པ་གང་ཡིན་ཆ་མ་འཚལ་མོད། དཔྱད་གཏམ་བརྒྱུད་དེ་བསྟན་འཛིན་གྱི་མི་གཞིར་དཔྱད་ཞིབ་བྱ་རྒྱུ་ཡིན།

    དང་པོ། དུས་བབ་དྲ་ཤོག་གཉིས་ཀྱི་ཡིག་ནོར་གླེང་བ། བོད་ཀྱི་དུས་བབ་དྲ་ཤོག་གཉིས་ཀའི་སྟེང་ཡིག་ནོར་ཡོད་དམ་ཟེར་ན། ཡོད་ཟེར་རྒྱུ་ཡིན། གསར་འགྱུར་བརྒྱུད་ལམ་གཞན་ལས་མང་ངམ་ཉུང་ཟེར་ན། སྤོབས་པ་ཆེན་པོས་ཉུང་ཟེར་རྒྱུ་ཡིན། ཡིག་ནོར་དེ་དག་ཇི་ལྟར་བྱུང་བ་ཡིན་ཟེར་ན། དེ་ལ་རྒྱུ་མཚན་ཁ་ཤས་བགྲང་རྒྱུ་ཡོད། བསྟན་འཛིན་གྱིས་བརྗོད་པ་ལྟར། དོན་འགྲུབ་བཀྲ་ཤིས་ཀྱི་ཡོན་ཚད་ཀྱིས་མ་འདང་བ་ཨང་དང་པོར་ཞོག དོ་སྣང་མ་བྱས་པ་གཉིས་པར་ཞོག དོ་སྣང་བྱེད་བཞིན་ཤོར་བ་གསུམ་པར་ཞོག ཞི་དག་ནན་ཏན་གྱི་དུས་ཚོད་མེད་པ་བཞི་བར་ཞོག ཡོངས་སུ་མ་གྲགས་པའི་བྱ་ཚིག་དང་མིང་ཚིག་རེ་ཟུང་ཀློག་པ་པོས་ཡིག་ནོར་དུ་ལྟ་བ་ལྔ་བར་ཞོག བརྡ་སྤྲོད་པའི་གཞུང་དང་མི་མཐུན་ཡང་གཞན་ལ་འཁྲུལ་སོ་མེད་ན་ལུང་ཚན་བྱེ་བྲག་པ་མ་ཡིན་པའི་ཕལ་སྐད་ལ་བསྟུན་ཐུབ་བྱས་པ་ཁག་ཅིག་ཡོད་པ་དྲུག་པར་ཞོག བརྡ་སྤྲོད་གཞུང་གི་ལུང་ཚིག་གི་ར་བ་ལས་བརྒལ་ཏེ་རྒྱུ་མཚན་དང་གཏན་ཚིགས་ཡང་དག་གིས་ཆེད་དུ་སྦྱར་བ་ཁག་ཅིག་ཡོད་པ་བདུན་པར་ཞོག ཁྲིད་རྒྱུན་དང་ལུང་རྒྱུན་སོགས་ཁུངས་གཏུགས་སའི་བརྡ་སྤྲོད་ཀྱི་གཞུང་ལུགས་མི་འདྲ་བའི་བར་ནས་མིང་ཚིག་དང་བྱ་ཚིག་རེ་ཟུང་གི་དག་ཆ་ངེས་པ་བྱ་དཀའ་བ་བརྒྱད་པར་ཞོག གནད་དོན་བརྒྱད་པོ་འདི་དག་བོད་ཀྱི་དུས་བབ་དྲ་ཤོག་གཉིས་ཀྱི་ཡིག་ནོར་གླེང་གཞིའི་འབྱུང་ཁུངས་ཡིན། དེ་ལ་དོགས་སློང་དང་དཔྱད་བསྡུར་ཡོད་ན་ག་ལེར་ཡོང་ཆོག

    གཉིས་པ། བསྟན་འཛིན་གྱི་དཔྱད་གཏམ་ལ་གཤིབ་བསྡུར། བསྟན་འཛིན་གྱིས་དཔྱད་གཏམ་སྤེལ་ཐེངས་རེ་རེར་གནད་དོན་གསར་བ་རེ་རེ་སྔོག་གིན་འདུག་མོད། དེ་དག་དགོས་པ་ཆུང་ལ་ཉེན་ཁ་ཆེ་བ་རྐྱང་ལ་ངོས་འཛིན་བྱེད་ཀྱིན་ཡོད། མཐར་གཏུགས་ན། ཁོས་ཡང་སྙིང་ཅི་ཞིག་བརྗོད་འདོད་ཡོད་པའང་གསལ་བོ་རེད། དང་པོ། ཧོར་འཇིགས་ཀྱི་བཅར་འདྲིའི་གཤམ་དུ། མདོ་སྨད་ལོ་རྒྱུས་ཆེན་མོར་ཟུར་ཟའི་ཞོར་དུ་དོན་འགྲུབ་བཀྲ་ཤིས་ཀྱི་ལན་ལ་ཚིག་མཚོན་ཞིག་བཏབ་འདུག་མོད། དེར་ལན་ཞིག་མཁོ་བར་མ་མཐོང༌། གཉིས་པ། རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུའུ་རེ་ཡི་བཅར་འདྲའི་གཤམ་དུ། ད་ལྟ་ངའི་དེབ་ཅིག་དཔར་སྐྲུན་བྱེད་ཀྱིན་ཡོད། ཅེས་པའི་ཚིག་དུམ་ནང་གི་འབྲེལ་སྒྲར་དོགས་སློང་བྱ་ཁུལ་བྱས་འདུག་མོད། དོན་ལ་གནས་མིན། དེའི་འོག་ཏུ་བྱེད་སྒྲ་དང་འབྲེལ་སྒྲ་གང་ཐོབ་ཀྱི་ཡིན་ལུགས་ཤིག་བཀོད་ཡོད། གསུམ་པ། རྒྱབ་ཤ་དཀར་པོའི་གཤམ་དུ་སོ་སོའི་ཡིག་ནོར་སྨྱུག་ཁར་མ་ཐོགས་པར། གཞན་གྱི་ཡིག་ནོར་མིག་ཁར་ཐོགས་སྐབས། ངས་དམངས་ཁྲོད་ཀྱི་ཁ་མཚར་ཅིག་གིས་དཀྱེལ་ཡངས་ཀྱི་བརྡ་ཞིག་བསྟན་ཡོད། སྒོག་པ་ཟ་མཁན་གྱིས་སྒོག་དྲི་མི་ཚོར་ཟེར་བ་ཅིའི་མ་བདེན། ཚམ་ཚོམ་མེད་པར། བོད་ཀྱི་ཡི་གེ་ཡིན་ལ་བོད་ཀྱི་ཚིག་བརྗོད་པ་མ་ཡིན་པའི་རྗོད་པ་དང༌། ¬¬༼གནངས་རོགས། ༽༼ངོས་ལེན་ཞུ་མཁན་ཅིག་ཡིན། ༽¬༼བཤམས་བསམས།༽༼ ཅེས་ཀྱང་སྨྲའོ།།༽༼ དྲ་རྒྱ་དག་བསྔོགས་བསྡད་ཡོད།༽༼མཛུབ་མོ་རི་སྟོན་ཅིག་མ་བྱས་རང་བྱས།༽༼ མ་འཕྲད་པ་འདྲ་བྱུང་ན།༽ཟེར་བ་སོགས་ཡིག་ནོར་འཛེམ་ཟོན་མེད་པར་སྤུངས་འདུག

    གསུམ་པ། བསྟན་འཛིན་གྱི་མི་གཞིར་དཔྱད་ཞིབ། སྤྱིར་ལྷ་ཆོས་ལས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་གོ་མྱོང་ལ། མི་ཆོས་ལས་ཀྱང༌། མི་གཞིར་མི་འབབ་དོན་གཞིར་འབབ་པ་ཟེར་བ་ཤེས་ཀྱིན་ཡོད། རྩོམ་པ་པོ་དང་བརྩམས་ཆོས་བསྡུར་ནས་དཔྱད་པ་ནི། དེང་རབས་དཔྱད་བསྡུར་རིག་པའི་ཐབས་དམ་པ་དང༌། གནད་དོན་མཐའ་ནས་སེལ་བའི་ལམ་ཁོ་ན་ཉིད་ཡིན། ཁྱོད་ཀྱིས་བདག་གི་ཤེས་ཚད་ལ་དོགས་པ་ཡོད་ཟེར་ན། ང་ཁྱེད་ཀྱི་ཀུན་སློང་ལ་དོགས་པ་ཡོད་ཟེར་རྒྱུ་ཡིན། ཁྱོད་ཀྱི་དཔྱད་གཏམ་དག་གི་བརྗོད་བྱ་དོན་གྱི་འཚོལ་སྙེགས་ལས་མཐོང་ཐུབ་པ་ནི། ནག་ནོག་དྲི་མ་ཅན་གྱི་ཀུན་སློང་ཞིག་ལས་མི་འདུག་ལ། དཔྱད་གཏམ་ཚིག་གི་སྡེབ་སྦྱོར་ལས་བཀྲལ་བ་ནི། ཟང་ཟིང་གོ་རིམ་འཆོལ་བའི་ཤེས་ཚད་དེ་རེད། ད་དུང༌། དཔྱད་གཏམ་གྱི་ཚིག་དང་ཡིག་འབྲིའི་བར་ནས། ནར་མ་སོན་པའི་བསམ་བློའི་གནས་ཚད་དང༌། སྒམ་དཀྱེལ་མེད་པའི་སེམས་གཤིས་དེ་མངོན་ཞིང༌། དེ་དང་མཉམ་དུ་ཧོལ་རྒྱུག་ལ་དགའ་ཞིང༌། སྦམ་མདོག་ལ་ཞེན་པའི་ཨུ་ཚུགས་ཀྱི་གཤིས་རྒྱུད་ཅིག་ཀྱང་མཚོན་ཐུབ། ཁྱོད་ཀྱིས་ད་དུང་མུ་མཐུད་དུ། ཁྱོད་ཨ་མདོ། ང་ཁམས་པ། ཁོ་དབུས་བ། ཕ་ཡུལ་གཅིག་པ། རྒྱབ་དཔུང༌། ཞེན་ཁོག དུས་བབ་དང་བང་ཆེན། ཞེས་ལྕི་བབ་ཅན་གྱི་མིང་ཚིག་དེ་དག་འགན་འཁུར་མེད་པར་སྤྱོད་རྐྱང་བྱ་རྒྱུ་ཡིན་ན། གསར་འགོད་པའི་རྩ་དོན་ལས་ཐལ་ཉེན་འདུག བོད་ཀྱི་དུས་བབ་ཀྱི་དམ་བཅའ་དང་འགལ་ཉེན་འདུག ང་དོན་འགྲུབ་བཀྲ་ཤིས་ཀྱི་མི་གཤིས་ལས་ལྡོག་ཉེན་འདུག མགོ་མ་བརྩམས་གོང་ནས་ང་ཕམ་སོང་བ་ངོས་ལེན་བྱས་པ་ཡིན། ཤེས་ཚད་ཁྱོད་ཀྱི་ཡན་ཞིག་དང་ཀུན་སློང་ཁྱོད་ཀྱི་སྡུག་ཅིག་འཚོལ་རོགས། ང་ཁྱོད་ཀྱི་རྩོད་ཟླར་འོས་འཚམ་མ་རེད།

    མཇུག་མཐར། དོན་འགྲུབ་བཀྲ་ཤིས་ཀྱི་ཟིན་བྲིས། ཞི་བདེ་གླིང་གི་སྡོམ་ཚིག མི་གཞི་ལ་རྩིས་མཐོང་མེད་ས་ནས། ཀུན་སྤྱོད་ལ་སྲུང་སྐྱོབ་མ་བྱས་ན། སྨྱུ་གུ་བཟུང་བ་དོན་མེད་རེད་ལ། ཤེས་ཡོན་པ་ཟེར་བ་དེའང༌། ཧ་ཅང་གདུག་རྩུབ་ཅན་གྱི་སྲོག་ཆགས་ཤིག་རེད། ཅེས་པ་འདི་བསྟན་འཛིན་ཚེ་དཔག་ལ་གདམ་པར་ཧ་ཅང་འོས་འཚམས་སུ་མཐོང༌།

    Reply
  3. བསྟན་འཛིན says:
    ལོ་ 14 སྔོན།

    ནམ་མཁའ་བསྟན་འཛིན་ལགས།

    ད་ནི་ནམ་ལངས་འགྲོ་བདེ་རང་ཆགས་སོང༌། ང་ཚོ་སུས་ཀྱང་ཕན་ཚུན་བར་གནས་ལུགས་ཤོད་རེས་དང་ཉན་རེས་འདི་དཔེ་མི་སྲིད་པའི་རྩ་ཆེན་པོ་རེད། གྲོགས་པོས་ཟིན་བྲིས་ཤིག་གཉེར་བའི་ཐུགས་རེ་གནངས་པ་ཐུགས་རྗེ་ཆེ། ཡིན་ནའང༌། ང་ནི་རྩོམ་ཡིག་བྲིས་ནས་ཟིན་བྲིས་འགེངས་ཐུབ་པའི་ཤེས་ཚད་ལྡན་པ་མེད། དག་ཆ་ཁོ་ན་ཨོ་ཙམ་ཡོད། ང་ཨ་མདོ་བ་ཞིག་མིན། དེ་གསལ་བཤད་ཅིག་བྱ་འདོད་བྱུང༌།

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་འཛིན་གྱིས་རང་ཉིད་ངོ་སྤྲོད་བྱས་ཐུགས་རྗེ་ཆེ། ངའི་མཐོང་སྣང་ལ་རང་ཉིད་སུ་ཞིག་ཡིན་གསལ་ཁ་མི་འདོན་པར་སྤྱི་ཚོགས་ནང་གཞན་ལ་སྐྱོན་འཛུགས་རྒྱུ་དེ་ཅུང་སྐད་ཆ་འགན་མེད་པ་ཞིག་ཏུ་མཐོང་ལ། ཁྱོད་ཀྱི་ཡི་གེ་འབྲི་སྟངས་ལས་ཨ་མདོ་བ་ཞིག་ཡིན་པ་རྟོགས་ཐུབ་ཀྱང་། གོང་ནས་ཆོད་ཁ་གཞན་གྱི་མི་ཞིག་ཡིན་མདོག་མདོག་བྱས་ཁྱོད་ཚོའི་ཨ་མདོ་བ་ཟེར་དེས་དོན་མེད་ས་ནས་མི་ལ་ལར་ཕོགས་འགྲོ་བས་རྗེས་ཕྱོགས་དེ་འདྲའི་སྐོར་མ་བྲིས་ན་ལེགས། ་གཞན་ཁྱོད་ཀྱིས་ངའི་ཡིག་ནོར་བཏོན་པར་ཐུགས་རྗེ་ཆེ། རྗེས་སུ་ཡི་རངས་ཡོད། བོད་ཡིག་དང་ཁ་ཐག་རིང་བའི་ཡུལ་འདིར་བོད་ཡིག་དྲ་བ་འདི་དག་མིན་ན་བདག་ལ་བོད་ཡིག་འབྲི་ཀློག་གི་ཁོར་ཡུག་ཞིག་མེད་སྟབས། སྐབས་རེར་རྒྱུན་ལྡན་གྱི་མིང་ཚིག་ཁ་ཤས་ལ་ཡང་འབྲི་སྐབས་ཐེ་ཚོམ་དང་མཐར་ཡིག་ནོར་ཤོར་འགྲོ་གིན་འདུག བདག་གི་རེ་བ་ཁྱོད་ཀྱིས་ཟིན་བྲིས་ཞིག་བཟོ་རོགས། བདེ་མོ་བྱོས།

    Reply
  5. བསྟན་འཛིན says:
    ལོ་ 14 སྔོན།

    གྲོགས་ལྷ་ཆབ་ལགས།

    ཁྱེད་ཀྱི་གསུང་བ་ལ་མངོན་པར་བསྟོད་དོ།། ཞེས་པ་དེར་ ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཞེས་བྱེད་སྒྲ་སྦྱོར་དགོས་པ་མིན་ནམ། ཁྱོད་འདིས། གཟབ་གཟབ་ཁྱོན་ནས་གནང་གི་མི་འདུག
    ཁྱེད་དང་ལྷན་དུ་གུ་ཡངས་པོས་བགྲོ་གླེང་བྱེད་རྒྱུ་བྱུང་བ་འདིར་དགའ་བ་སྒོམ་བཞིན་ཡོད། གྲོགས་པོ་ལགས། ཐུགས་རྗེ་ཆེ།
    ངས་ནི་དོན་འགྲུབ་བཀྲ་ཤིས་ཟེར་བ་དེས་བརྒལ་བརྟག་བྱ་འདོད་ཡོད་ཅེས་གསུངས་པ་དེ་ག་རང་ལ་དགའ་གུས་ཚད་མེད་དང་བཅས་ཏེ་སྒུག་ནས་བསྡད་ཡོད། སྟག་གི་རྔ་མས་མི་འཛིན། བཟུང་གི་ནངས་མོ་མི་གཏོང༌། འདི་ཨ་མདོའི་གཏམ་དཔེ་ཞིག་རེད། དབུས་གཙང་སྐད་ལྟར་བྱས་ན། སྤུ་རིས་རིམ་འབྱེད། ལན་དགུ་ཆད་མཐུད་རང་བྱེད་བསམས་ནས་བསྡད་ཡོད། ཡིན་ནའང༌། མི་འདིར་ཁྱོན་ནས་འཕྲད་ཀྱི་མི་འདུག ད་ཁྱོན་ནས་མ་འཕྲད་པ་འདྲ་བྱུང་ན། དུས་ཚོད་ཅིག་བཟོས་ཏེ་གངས་སྐྱིད་ནས་ཤགས་འགྱེད་ཀྱི་འདུ་ར་བཤམས་དགོས་ཀྱང་བཤམས་ཁོ་ཐག་ཡིན། གང་ཡིན་ཟེར་ན། རྒྱལ་ན་ང་རྒྱལ་སོང་ཟེར་བ་ཞིག་དང༌། ཕམ་ན་ང་ཕམ་སོང་ཟེར་བ་ཞིག་བྱ་འདོད་འདི་འདོར་ཐབས་མེད་པར་ཡོད། དེ་དུས་ང་སྟག་ཅིག་རེད་དང༌། སྟག་གི་པགས་པ་གྱོན་པའི་ཝ་མོ་ཞིག་ཡིན་མིན་དེར་གཟིགས་པར་ཕེབས་ཤོག་ཨཱ།

    Reply
  6. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    ཨོ་ལགས་སོ།། བསྟན་འཛིན་ལགས། ཁྱོད་ཀྱི་གསུང་བ་ལ་མངོན་པར་བསྟོད་དོ།། ངས་ཉམས་འཇོག་མ་བྱས་པར་ཁ་གཡར་རྒྱུ་མ་ཡིན་པར་ནོར་འཁྲུལ་དེ་ལ་དངོས་སུ་ཁས་ལེན་རྒྱུ་ཡིན།

    Reply
  7. བསྟན་འཛིན says:
    ལོ་ 14 སྔོན།

    གྲོགས་ལྷ་ཆབ་ལགས།

    ཁྱེད་ཀྱིས་ཞིབ་གཟིགས་མ་གནངས་ནས་གསུངས་འདུག ངས་ཡིག་ནོར་ཁོལ་ཕྱུང་གི་ཐོད་དེར། དོན་འགྲུབ་བཀྲ་ཤིས་ལགས་ཞེས་དང༌། ནམ་མཁའ་བསྟན་འཛིན་ལགས་ཞེས་མིང་བཀོད་ཡོད། དེ་གཤམ་དུ་ཡིག་ནོར་རྣམས་བསྟར་ཡོད། མནོད་དང་མནོལ་གཉིས་ཁྱེད་ནོར་བ་འདྲ། མནོད་ནི་དབང་ལུང་ཁྲིད་གསུམ་གཞན་ཞིག་ནས་བདག་གིར་བྱས་པའི་དོན་དང༌། མནོལ་ནི། བཙོག་པ་ཤོར་བ་སོགས་ཀྱི་དོན་སྟོན་བྱེད་དེ། མནོལ་གྲིབ་ཅེས་འབྱུང་བ་ལྟ་བུ་རེད། ད་དུང་ཨ་མདོའི་སྐད་ལ་མནོལ་སྐྲ་ལེན་པ་ཞེས་པ་ཞིག་ཀྱང་ཡོད་འདུག ཡང་ཁྱེད་རང་ནས་གྲགས་ཞེས་བྲིས་པའང་ནོར། དེར་ངེས་པར་གྲག་ཅེས་འབྲི་དགོས་པ་སྟེ། སྒྲ་གྲག སྐད་གྲགས་བཞག་ལྟ་བུའི་ཁྱད་འདུག

    Reply
  8. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    ངས་ཡང་བསྐྱར་འདིའི་སྐོར་ལ་ཐེ་ཇུས་ཤིག་བྱེད་འདོད་བྱུང༌། དོན་འགྲུབ་བཀྲ་ཤིས་ཀྱི་དགོངས་དོན་ལྟར་བསྟན་འཛིན་གྱིས་རང་ཉིད་ངོ་སྤྲོད་བྱས་སོང༌། ད་དུང་བགྲོ་གླེང་བའི་དབུ་བརྩམས་སོང༌། ད་དོན་འགྲུབ་བཀྲ་ཤིས་ཡོང་བའི་དུས་ཚོད་ལ་སླེབས་སོང༌། ཡིན་ནའང་བསྟན་འཛིན་གྱི་མཆན་བུར་བརྗོད་པའི་སྡོ་མ་དང་དྲོ་གཉིས་ནམ་མཁའ་བསྟན་འཛིན་གྱི་ཡིན་པ་ལས་དོན་འགྲུབ་བཀྲ་ཤིས་ཀྱི་ཡིག་ནོར་མིན། དོན་བཀྲའི་མཆན་བུར་རྟགས་ཞེས་བྲིས་པ་དེ་ནོར་འདུག་པ་བདེན་པའོ།། གཞན་བསྟན་འཛིན་གྱི་མཆན་བུར་རྒྱུན་འབྱམས་ཀྱི་རྒྱུན་ནོར་འདུག གཞན་རིན་ཆེན་ནོར་གྱི་དངོས་གྲུབ་མི་མནོད་ཅི་ཞེས་པའི་མནོད་དེ་མནོལ་དུ་བཅོས་དགོས་པར་མཐོང༌། ད་དུང་ང་དྲ་ཐོག་ན་ཡོད་སྒང་འདི་ལ་བསྟན་འཛིན་གྱིས་ཡང་དོན་བཀྲ་ལ་ཚིག་ཟུར་ཞིག་བཏབ་ཀྱང་དོན་བཀྲ་ལ་གྲགས་རྒྱུ་ཅང་མི་འདུག

    Reply
  9. བསྟན་འཛིན says:
    ལོ་ 14 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས།

    དེ་རིང་གཟའ་སྤེན་པའི་གུང་སེང་ཆུ་ཚོད་སྤྱད་ནས་དྲ་རྒྱ་དག་བསྔོགས་བསྡད་ཡོད། ད་ལྟ་རང་༼ཆོས་ལུགས་ཆོས་བརྒྱུད་ཁག་གི་ཚོགས་འདུ་ཐེངས་བཅུ་བ༽་ཞེས་པའི་གསར་འགྱུར་དེ་བཀླགས་ཚར། ཡིད་ཕངས་པ་ལ། དེ་ཡང་ཁྱེད་རང་གི་མིང་ཐོག་ནས་སྤེལ་ཏེ་འདུག མཛུབ་མོ་རི་སྟོན་ཅིག་མ་བྱས་རང་བྱས་ཆགས་སོང༌། ཚོགས་ནི་མིང་ཚིག་རེད། འཚོགས་ནི་བྱ་ཚིག་རེད། བླ་སྤྲུལ་༼དངོས་འཛིན༽་ཞེས་པ་མ་དག ༼ངོས་འཛིན༽་ཞེས་བྲིས་ན་དག ཆོས་རིག་བཀའ་བློན་གྱི་མཚན་གྱི་དག་ཆ་ནི་ཚེ་རིང་༼འཕུན༽་ཚོགས་མ་རེད། ཚེ་རིང་༼ཕུན༽་ཚོགས་རེད། ༼དབྱིན་༽དཀྲུག་ཅེས་བྲིས་པ་ནོར། ༼དབྱེན༽་དཀྲུག་ཅེས་འབྲི་བ་དག ཕན་བདེ་༼ཀྱི་༽ལས་དོན་ཟེར་བ་བོད་པའི་སྐད་འགྲོས་དང་བརྡ་སྤྲོད་ཀྱི་ལུགས་མིན། རྟ་རྒྱུག་ཞོར་མེ་ཏོག་འཐུ་ཞོར་འདི་ཡང༌། ཁྱེད་ལ་སྨན་དུ་རེ་བས་བསྟབས་པ་ལགས་སོ།། ལུང་རིགས་ཀྱི་བརྒལ་བརྟག་ནི་ཁྱེད་ཀྱིས་ཡོང་བ་མི་འདུག ཡིག་ནོར་བརྡ་ནོར་སྤེལ་མི་དགོས་པ་ཞིག་འབད་འཚལ་ཞུ།

    Reply
  10. བསྟན་འཛིན says:
    ལོ་ 14 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས།

    ངའི་དངོས་མིང་ལ་བསྟན་འཛིན་ཚེ་དཔག་ཟེར། ད་ལྟ་ཝ་ར་ན་སི་ན་ཡོད། ཕ་བཟང་བུ། ཁ་སང་ནས་ཁྱེད་རང་ལ་སྒུག་བསྡད་ཡོད། ཞུ་རྒྱུ་ཞིག་ལ། བརྒལ་༼རྟགས༽་ཞེས་བྲིས་པ་ཁྱེད་ནོར་ནས་འདུག དེ་ལ་བརྒལ་༼བརྟག༽་ཅེས་འབྲི་བ་དག ༼རྟགས༽་དང་༼བརྟག༽་གཉིས་ཀྱི་བསྟན་དོན་ཐ་དད་པ་ཡིན། རྩོད་ན་འདི་ལྟར་རྩོད།

    ནམ་མཁའ་བསྟན་འཛིན་ལགས།

    ཁྱེད་ཀྱིས་དྲ་༼སྡོམ་༽ཞེས་ས་སྡོམ་བྲིས་པ་ནོར། ལྡོམ་པོའི་ལྡོམ་ལ་ལ་༼ལྡོམ༽་འབྲི་བ་དག ད་༼དྲོ་༽ནི་གྲང་བའི་ལྡོག་ཕྱོགས་སྟོན་པའི་ཚིག་ཡིན། བ་༼བྲོ་༽་ནི་རོ་དང་བྲོ་བ་སྟོན་པའི་ཚིག་ཡིན། དེས་ན་ཁ་སྐད་ཀྱི་དབང་དུ་བྱས་མིན་ལ་མ་ལྟོས་པར། ཁྱེད་ཀྱི་ཞེ་འདོད་སྟོན་པ་ལ་ཕྱི་མ་འདི་དག འདི་ལྟར་མཛུབ་མོ་བཙུགས་ན། དག་བཅོས་བྱེད་པའི་འོས་བབ་མི་འདུག་ཅེས་ཨུ་ཚུགས་ཕོད་དམ། ངས་བསྟར་བའི་མཆན་གྱི་ནང་ཡིག་ནོར་ཡོད་ན། དེ་ཁྱེད་རང་གི་སྐལ་བར་འབུལ་བ་ཡིན། ང་འདི་ནོར་བ་སྟོན་མཁན་བྱུང་ན་ངོས་ལེན་ཞུ་མཁན་ཅིག་ཡིན།

    མ་དག་རྒྱན་འབྱམས་ཆུ་ནག་ཁོལ་མའི་རྒྱུན།།
    མ་ཤེས་རྨོངས་སྒྲིབ་དར་ནག་མདུད་པའི་རྐྱ།།
    མ་དགའ་ཞེན་འཛིན་འགོང་འདྲེ་ནག་པོའི་ཁ།།
    གཅོད་དང་འགོག་པའི་སྐལ་བ་ཁོ་བོས་རྙེད།།

    རང་སྐལ་རྡོ་བ་མུར་བའི་སྙིང་ཁམས་འདིས།།
    མིང་དོན་གོ་ལྡོག་འབྱུང་ལ་ཞེ་ནས་ཁྲེལ།།
    བདེན་པ་དག་མཐར་སྐྱེལ་བའི་ལམ་སྣེ་འདི།།
    ལུང་རིགས་ཤགས་འགྱེད་རྒྱ་མཚོའི་ཀླུང་དུ་བསྲིངས།།

    དེས་ན་དུས་བབ་དོན་འགྲུབ་བཀྲ་ཤིས་སོགས།།
    བརྡ་དང་ཐ་སྙད་ནོར་གྱིས་རབ་ཕོངས་ནས།།
    ལུང་རིགས་རྐྱལ་བ་སྟོང་པ་ཐོགས་པ་རྣམས།།
    རིན་ཆེན་ནོར་གྱི་དངོས་གྲུབ་མི་མནོད་ཅི།།

    དུས་བབ་དྲ་བར་ཚིག་མཛོད་སྐྱེད་མོས་ཚལ།།
    ལོ་འདབ་མེ་ཏོག་སྡུག་གུར་བཞད་པ་ཞིག།
    འཁྲུངས་པའི་རིན་ཐང་རྙེད་དུ་མེད་པས་ཀྱང༌།།
    མ་ཕན་འདི་ཚོའི་སྙིང་ལ་ཅི་ཞུགས་སམ།།

    ཅེས་ཀྱང་སྨྲའོ།།

    Reply
  11. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    གཞན་གྱི་བརྩམས་ཆོས་ལ་དཔྱད་བརྗོད་བྱེད་ཀྱི་ཡིན་ཟེར་མཁན་ཞིག་གིས་མཐར་གཏུགས་དུས་ཕ་ཡུལ་གཅིག་པའི་རྒྱབ་རྩ་ཡོད་མེད་དང་བུ་སྤུན་གྱི་དཔུང་རོགས་ཡོད་མེད་རྩོད་དགོས་དུས་ལས་ཀྱི་མཐའ་ཟད་འདུག་པས། དྲ་སྡོམ་པ་འདིས་རང་གི་མཆན་གྱི་ནང་ཡིག་ནོར་ཡོད་པ་རང་གིས་མི་མཐོང་ན་གཞན་གྱི་རྩར་བཅར་ནས་འདྲི་རྒྱུ་ལས་ང་ཚོར་དག་བཅོས་བྱེད་པའི་འོས་བབ་མི་འདུག་ལ། ད་སྐྱག་པ་ལ་ལག་པ་འཆང་ན་ལག་པ་ལ་སྐྱག་པ་དྲོ་རྒྱུའི་ཉེན་ཁ་འདུག་པས་དྲ་གྲོགས་ཀུན་གྱིས་མཚམས་འདི་ནས་འཇོག་རོགས་བྱོས་ཞེས་རེ་སྐུལ་ཞུ།

    Reply
  12. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཝེ། བསྟན་འཛིན་མིང་ཅན། ཁྱེད་ཀྱི་དངོས་མིང་དང་ས་གནས་གང་དུ་ཡོད་པ་སོགས་ངོ་རྟགས་ཆོད་པའི་ངོ་སྤྲོད་ཐུང་ངུ་ཞིག་གཤམ་དུ་ཁོད་དང༌། རྒྱ་ཆེའི་ཀློག་པ་པོ་ཁྲི་སྟོང་གི་མིག་མདུན་ནས། བརྒལ་རྟགས་རིགས་པས་རྩེད་མོ་ཞིག་རྩེད་ཆོག དེ་མ་ཡོང་ཚེ། སྟག་གི་པགས་པ་གྱོན་པའི་ཝ་མོ་ཞིག་དང་མཉམ་དུ་དུས་ཚོད་བསྐྱལ་རྒྱུའི་ཁོམ་ལོང་མི་འདུག

    Reply
  13. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    གྲོགས་པོ་བསྟན་འཛིན་ལགས། ཁམས་བཟང༌། དངོས་གནས་བཤད་ན་ཁྱོད་ལ་མཁོ་བ་དེ་ང་རང་རེད་མི་འདུག་ཨང༌། དེའི་བར་ནས་ངས་ཐེ་ཇུས་མེད་སར་བྱུས་གཏོགས་བྱས་པ་དགོངས་དག གཞན་དེ་རིང་ངའི་ཟིན་བྲིས་སུ་འདིའི་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཡོད། ཁྱེད་ལ་ཁོམ་པ་རེ་ཡོད་ན་ངའི་ཕ་གཞིས་སུ་ཕེབས་ཏེ་བསམ་འཆར་རེ་འདོན་རོགས་ཞུ། ད་དུང་ངའི་རེ་བར་ཁྱེད་ཀྱིས་ཟིན་བྲིས་ཤིག་གཉེར་བར་འོས། འདི་ངའི་སྒེར་གྱི་རེ་བ་ཙམ་ཡིན།

    Reply
  14. བསྟན་འཛིན says:
    ལོ་ 14 སྔོན།

    གྲོགས་ལྷ་ཆབ་ལགས། ངས་ཞུ་སྟངས་མ་ཤེས་ནས་དགོངས་པ་ཚོམ་འདུག་པར་དགོངས་དག་ཞུ། ཁྱེད་རང་གིས། གང་ལྟར་ང་ཚོས་་དཔུང་བསྒྲིག་པའི་དབང་དུ་བཏང་ནའང་ཁྱོད་འདྲ་བ་ཞིག་གི་སྟེང་ལ་ཤིག་གི་སྒང་ལ་སྟ་རེ་མི་ཆགས་སམ་ཞེས་ངར་ངར་བྱས་འདུག་ལ། མཐོང་ཆུང་ཡང་བྱས་འདུག་པར་བློ་ཕམ་པོ་བྱུང༌། ཡིན་ནའང༌། ངས་ནི་རང་ཉིད་སྟག་ཁེར་འགྲོ་ཞིག་ཡིན་བསམ་པ་འདི་འདོར་མི་ཐུབ་པར་འདུག་ལ། ཤིག་ཅིག་ཡིན་པའི་དབང་དུ་བཏང་ནའང༌། རང་ཉིད་སྟ་རེས་མི་སོད་པའི་ཤིག་ཅིག་ཡིན་བསམ་བསྡད་ཡོད། དུས་བབ་ཀྱིསཡིག་ནོར་སྤེལ་གྱི་འདུག་ལབ་ན། གཡས་ལ་ཕོག་དགོས་རྒྱུ་ལ་གཡོན་ལ་ཕོག་འགྲོ་བ་འདི་བཤད་མི་ཤེས་པར་འདུག ཨ་ལ་ཀུ་རེ་ཡིན།
    གྲོགས་པོ། ཁྱེད་ཀྱིས་བཤད་པ་ལ་གནས་ལུགས་འདུག ང་ཚོའི་སྤྱི་ཚོགས་ནང་དུས་བབ་འདི་ག་ཚད་ཀྱིས་དགོས་མཁོ་ཆེ་བ་དེ་ཚོད་ཀྱིས་ང་ཚོས་འདི་ཡར་རྒྱས་གཏོང་བར་སྐད་ཆ་བཤད་དགོས་པ་དང༌། ཞོར་ལ་བང་ཆེན་ཡང་གླེང་དགོས་པ་ངས་ཤེས་ཡོད། རིམ་པས་གླེང་གི་ཡིན།
    ངས་བསམ་ཚུལ་ཐོག་མ་སྤེལ་སྐབས། དོན་འགྲུབ་བཀྲ་ཤིས་ཟེར་བ་དེས། ང་ལ་རྩེད་མཚར་བྱ་འདོད་བྱུང་ཞེས་སྒྲུང་འདྲ་ཞིག་བྲིས་ནས་སྤེལ་སོང༌། ཕ་བཟང་བུ་དེ་དང་ལྷན་དུ། ལྗིད་ཚད་ན་ཡང་ལྕི་དང༌། ཞེང་ཚད་ན་ཆེ་ཆུང་ཞིག་ཁྲོམ་པའི་མིག་ལ་བཤམས་བསམས་ནས་བསྡད་ཡོད། ཡིན་ནའང༌། ཕ་བཟང་བུ་དེ་རྩ་ནས་སླེབས་ཀྱི་མི་འདུག་པས་ཅི་བྱར་ཡོད།

    Reply
  15. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    གྲོགས་བསྟན་འཛིན་ལགས། ངས་ཁྱོད་ཀྱི་ལག་ནང་ལ་རྡོ་བཞག་པ་དེ་འདྲ་མིན་ཏེ། བང་ཆེན་ཡིན་ན་དུས་བབ་ཡིན་ན་ཡིག་ནོར་ནི་ཡིག་ནོར་རང་ཡིན་པས། གཅིག་བཞག་ནས་གཅིག་ཁོ་ན་གླེང་དོན་མི་འདུག གྲོགས་པོ། ང་ཚོ་ཕ་ཡུལ་གཅིག་པ་ཚོས་ཁྱོད་ལ་འཇིགས་སྐུལ་འདྲ་བྱས་པ་ཨེ་ཡོད་དམ། རིག་གཞུང་གླེང་སར་དེ་འདྲའི་ཅོལ་ཆུང་གི་སྐད་ཆ་མ་བཤད་རོགས། ད་དུང་གཞན་ཞིག་ནས་བཤད་ན་བསམ་ཚུལ་སྔོན་མ་དག་ལས་འུ་གཉིས་ཅུང་མཐུན་པ་མ་ཡིན་ནམ། གང་ལྟར་ང་ཚོས་དཔུང་སྒྲིག་པའི་དབང་དུ་བཏང་ནའང་ཁྱོད་འདྲ་བ་ཞིག་གི་སྟེང་ལ་ཤིག་གི་སྒང་ལ་སྟ་རེ་རུ་མི་ཆགས་སམ། སྤྱིར་བགྲོ་གླེང་བའི་སྐབས་དེ་འདྲའི་རྩ་མི་ཚང་བའི་སྐད་ཆ་མ་བཤད་རོགས། དེ་འདྲའི་སྦུགས་དོགས་པོ་ཞིག་ཡོད་ན་དེ་རིང་ནས་ང་ལ་ལན་མ་རྒྱབ་ཀྱང་ཆོག

    Reply
  16. བསྟན་འཛིན says:
    ལོ་ 14 སྔོན།

    གྲོགས་ལྷ་ཆབ་ལགས།

    ས་སྐྱ་པཎ་ཆེན་གྱིས་མཛད་པའི་ཐུབ་དགོངས་དང༌། རྗེ་ཐམས་ཅད་མཁྱེན་པས་མཛད་པའི་ལམ་རིམ་ཆེན་མོ། མཉམ་མེད་དྭགས་པོ་བས་མཛད་པའི་དྭགས་པོ་ཐར་རྒྱན་སོགས་མཇལ་ཀློག་འགྱོད་མི་དགོས་པ་ཞིག་ཡོད་དེ། ད་ཚོད་ཁྱེད་རང་ནས་དེ་སྐོར་སྦྱོང་དགོས་པར་སྐུལ་བར་ཐུགས་རྗེ་ཆེ།
    བང་ཆེན་སོགས་ཐེར་འདོན་བྱེད་དགོས་པར་ཨུ་ཚུགས་བྱེད་སྟངས་འདིས། སེམས་ནང་ཚོར་བ་ཡ་མཚན་ཞིག་སྐྱེ་འོང་བ་བྱས་སོང༌། བོད་ཀྱི་དུས་བབ་མ་གླེང༌། བང་ཆེན་གླེང་རོགས་ཟེར་གྱི་ཡོད་ན་ནི། ཁ་ནང་ལ་ལྕེ་དང་ལག་ནང་ལ་རྡོ་འཇོག་པ་འདི་ཁས་ལེན་ཐུབ་པ་མི་འདུག དགོངས་དག

    ནམ་མཁའ་བསྟན་འཛིན་ལགས།

    ངས་བསམ་ཚུལ་སྤེལ་བའི་ནང་ཡིག་ནོར་མེད་ཅེས་ཞུས་མ་མྱོང༌། ཡིན་ནའང༌། མ་དག་པ་འབྲི་མི་དགོས་པའི་སྤོབས་པ་མཐོ་ཙམ་ཡོད། ངས་བསམ་ཚུལ་སྤེལ་བའི་ནང་ཡིག་ནོར་ཡོད་ན་ཐེར་འདོན་བྱོས་དང་དེ་དེ་བཞིན་ནོ་ཞུ། གང་དུའང་རྒྱུ་མཚན་མེད་པའི་ཁ་རྡུང་ལ་མགོ་སྒུར་བའི་བསམ་བློ་འཁོར་ཐུབ་པ་མི་འདུག དུས་བབ་ཀྱི་གསར་འགོད་པ་ཨ་མདོ་བ་དོན་འགྲུབ་བཀྲ་ཤིས་ཀྱིས་ཡིག་ནོར་སྤེལ་སོང་ལབ་ན། ཆོལ་ཁ་དང་ཆོས་བརྒྱུད་དྲུད་སླེབས་སོང་ཟེར་བ་ག་རེ་ཡིན་ནམ། ངས་དུས་བབ་ཀྱི་ཡིག་ནོར་མཐོང་ན་མིག་ཚ་བ་ལས། གཞན་ནི་མིག་ཚ་དགོས་པ་ཅི་གང་མེད། དུས་བབ་ཀྱི་དོན་འགྲུབ་བཀྲ་ཤིས་ནི་དུས་བབ་ཀྱི་ཡིག་ནོར་ཡོང་ཁུངས་གཅིག་རེད་ཅེས་སྤོབས་པ་མཐོན་པོས་བཤད་འདོད་བྱུང༌། ང་ལ་ཁྱེད་ཚོ་ལྟར་ཕ་ཡུལ་གཅིག་པའི་རྩོམ་གྲོགས་དཔུང་རོགས་སུ་གང་མེད། ཤིང་ཁེར་སྐྱེས་ཤིག་ཡིན། སྟག་ཁེར་འགྲོ་ཞིག་ཡིན།

    Reply
  17. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་འཛིན་ཟེར་བ་འདིས་རང་གི་མཆན་ཡིག་དག་གི་ནང་ཡིག་ནོར་ག་ཚོད་ཞིག་འདུག་བལྟ་རོགས། ཕར་ལྟོས་ཡོང་ན་ཁྱོས་ཡིག་ནོར་མཐོང་ན་མིག་ཚ་གིན་ཡོད་དམ་ཨ་མདོ་བ་ཚོའི་སྟེང་ལ་མིག་ཚ་གིན་ཡོད་གསལ་བོ་ཤེས་ཀྱི་མི་འདུག དེ་མིན་ཁྱོད་ཀྱིས་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་དཀྲོགས་གཏམ་བཤད་ཀྱི་མེད་ན་རྗེས་ཕྱོགས་དོན་དག་ཡོད་མེད་གཉིས་ལ་ཆོད་ཁ་དང་ཆོས་བརྒྱུད་སོགས་ཀྱི་མིང་དྲུད་ནས་མ་ཡོང་རོགས།

    Reply
  18. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    རེད་ལགས། བསྟན་འཛིན་ཀྱེ། ངས་ཁྱེད་ལ་བཤད་པ་དེ་ཀ་རང་ཡིན། ཁྱོད་ཀྱིས་དོན་འགྲུབ་བཀྲ་ཤིས་ངོ་མི་ཤེས། རྩོམ་སྒྲིག་པ་ཐེ་བའི་གཞན་དག་ངོ་ཤེས་ཀྱིན་ཡོད་པ་མིན་ནམ། ཁྱོད་རང་སེམས་པ་མི་སྐྱིད་པ་བཟོ་མཁན་དེའི་རྩོམ་སྒྲིག་པ་སུ་ཡིན་མིན་རྩད་གཅོད་པ་ལས་སྤྱིར་བཏང་གི་གསར་འགོད་པ་གཅིག་དམིགས་སུ་བཀར་བ་དེ་ལ་ཟེར་གྱིན་ཡོད། གལ་སྲིད་གསར་འགོད་པ་ལན་ན་དུས་བབ་ཚང་ལ་གསར་འགོད་པ་མང་བོ་ཡོད་པ་ཁྱོད་ཀྱིས་ཤེས་འདུག་ཨང༌། ད་དུང་དོན་འགྲུབ་བཀྲ་ཤེས་ངོ་མི་ཤེས་ཟེར་ནས་ཕོག་ཐུག་བཟོ་རྐྱང་ཨེ་ཡིན་ནམ། བརྩེ་བ་ཟེར་བ་དེ་ཡང་ཁྱོད་ཀྱིས་བཤད་པའི་ངོ་ཤེས་དང་གྲོགས་པོའི་བར་གྱི་བརྩེ་བ་མ་གཏོགས་གཞན་ལ་ངོས་འཛིན་མི་ཐུབ་པ་དེ་དངོས་གནས་དགོད་བྲོ་བ་ལ། གྲོགས་པོ་ལགས། མིའི་སེམས་ཀྱི་བརྩེ་བ་དེ་ངོ་ཤེས་དང་གྲོགས་པོའམ། ཡང་ན་རང་དང་འབྲེལ་གནས་དག་ཁོ་ནར་བེད་སྤྱོད་གཏོང་རྒྱུ་ཞིག་མ་ཡིན་པ་དེ་མ་བརྗེད་རོགས། ངས་ཁྱོད་ལ་ཆོས་བྱེད་བརྒྱབ་པ་མིན་མོད། ཁྱོད་ཀྱིས་ལམ་རིམ་ལ་ཅུང་ཙམ་མཇལ་དགོས་པར་འདུག དེ་མིན་དུས་བབ་ཚགས་ཤོག་ལས་གཞན་བང་ཆེན་སོགས་ཐེར་འདོན་མི་བྱེད་པ་ཅི་ཡིན། དངོས་གནས་ཁྱོད་ལ་གོང་དུ་བཤད་པའི་དམ་བཅའ་དེ་བརྟན་ན་བཙན་བྱོལ་ཁྲོད་ཀྱི་རྒྱུད་ལམ་ཚང་མ་གཤགས་བཅོས་བྱའོ།།

    Reply
  19. བསྟན་འཛིན says:
    ལོ་ 14 སྔོན།

    གྲོགས་ལྷ་ཆབ་ལགས། དེ་འདྲ་ག་རེ་ཟེར་གྱི་རེད། སྙིང་ནད་རྙིང་པ་ཕར་ཞོག དོན་འགྲུབ་བཀྲ་ཤིས་ཟེར་བ་དེ་ངོ་ཁོ་རང་ཤེས་ཀྱི་མེད། རྒྱུ་མ་ཕུ་འདེད་བྱ་རྒྱུ་ཡིན་ལབ་ན། རྙིང་ནད་ཡོད་པ་དང༌། རྙིང་ནད་རྙིང་པ་ཡོད་པ་ཞིག་སྟོན་གྱི་ཡོད་པ་རེད་པས། འདི་འདྲ་ལབ་རྒྱུ་ཨེ་ཡོད། དུས་བབ་ཀྱི་གསར་འགོད་པ་ཡིན་དུས་ཨ་མདོ་བ་ཞིག་ཡིན་ཤག་ཤག་བྱེད་ཀྱི་ཡོད་མ་གཏོགས་གཞན་ནི་ཤེས་ནས་བཤད་པ་མེད་ལ། ཤེས་ནས་རྩོད་དགོས་པའང་ཅི་གང་མེད།
    ཡིག་ནོར་སྤེལ་བསྡད་ན་ཡག་པོ་མ་རེད་སྙམ་པ་དེ་ག་རང་ཡིན། སྐད་ཆ་ཐད་ཀར་བཤད་ན། དུས་བབ་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་སོགས་ཀྱིས་ཡིག་ནོར་རྐྱང་སྤེལ་སྟངས་ལ་བལྟས་ན། འདི་ཚོའི་ཤེས་ཚད་དེ་ཡང་ཚོམ་པ་མི་དགོས་པའི་ཚད་དེ་མ་རེད། འདི་ཚོས་ག་དུས་ཡིན་ནའང༌། ཡིག་ནོར་སྤེལ་གྱི་འདུག་ལབ་ཀྱི་ཡོད། ཤེས་ནས་ཡིག་ནོར་སྤེལ་མཁན་ཞིག་ཨེ་ཡོད་ན། ཅི་སྟེ་ཡོད་ན། དེ་ནི་གང་ཞིག་གཏོར་བཤིག་བྱེད་མཁན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
    མི་ཞིག་གི་མིང་ནས་སྨྲོས་པས་བརྩེ་བ་བརླག་འགྲོ་བ་ཞིག་དང༌། ཕོག་ཐུག་གི་རྒྱུར་འགྲོ་བར་བཤད་པ་དེའི་གོ་བ་ནི་ངས་ལོན་མ་སོང༌། ངས་ནི་དོན་འགྲུབ་བཀྲ་ཤིས་ཟེར་བ་འདི་ངོ་ཤེས་ཀྱི་མེད་ལ། བརླག་འགྲོ་རྒྱུའི་བརྩེ་བའང་ཅི་གང་མེད། དུས་བབ་ཀློག་ཐེངས་རེར་སེམས་པ་མ་སྐྱིད་ནས་ཁུ་སིམ་མེར་སྡོད་ཚུགས་པ་མི་འདུག ཁྱེད་རང་ཤིན་ཏུ་ནས་མད། ང་ཚོས་དུས་བབ་ནས་མགོ་བཙུགས་ཏེ་བརྒྱུད་ལམ་ཆ་ཚང་གཙང་ཕྱགས་ཀྱི་སྟ་གོན་བྱ།

    Reply
  20. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    སེམས་ཀྱི་སྐད་ཆ་ཅམ་དེ་ཙམ་དུ་བཅོས་དགོས།

    Reply
  21. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    གྲོགས་བསྟན་འཛིན་ལགས། ང་ཚོས་ཐད་ཀར་ལག་ལ་སྨྱུ་གུ་དམར་བོ་ཞིག་བཟུང་ནས་ཡིག་ནོར་གྱི་སྟེང་ལ་ཁྲམ་རྟགས་འགོད་ཐུབ་ན་དགའ་བ་ལ། དེ་མིན་ཕར་བཤད་པ་ཙམ་གྱིས་ཕན་ཐོག་གི་མེད་པ་འདྲ། གཞན་ཁྱོད་ཀྱིས་རྒྱུ་མ་ཕུ་འདེད་བྱེད་རྒྱུ་ཡིན་ཟེར་བ་བདེན་ན། རྩོམ་སྒྲིག་པ་མི་འདེད་པར་དོན་འགྲུབ་བཀྲ་ཤིས་འདེད་དོན་མི་འདུག་སྙམ། འདི་ནི་ངའི་སེམས་ཀྱི་སྐད་ཆ་ཅམ་ལས་ཅང་མིན། ངས་མགོ་ནས་བརྗོད་པ་ལྟར་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་སྤོ་འདོད་ཡོད་ན་མི་དང་མིའི་བར་གྱི་བརྩེ་བ་ལྷག་མི་ཉན། རྒྱུ་མཚན་དེའི་ཕྱིར་དུ་ང་ཚོས་ཕན་ཚུན་ལ་ཕོག་ཐུག་མི་བཟོ་བར་ཐུན་མོང་གི་སྒོ་ནས་བཙན་འདེད་གནག་འདེད་ཀྱིས་དུས་བབ་གཅིག་བུ་མ་ཡིན་པར་བརྒྱུད་ལམ་ཚང་མ་གཙང་མ་བཟོ་ཨེ་ཐུབ་བལྟ་རྒྱུ་དེ་ཡིན། དེ་ལྟར་མིན་ན་བསྟན་འཛིན་ཟེར་བ་ཁྱོད་རང་སུ་ཡིན་མི་ཤེས་མོད་དེ། དོན་འགྲུབ་བཀྲ་ཤེས་ཟེར་བ་དེའི་སྟེང་ལ་སྙིང་ནད་རྙིང་བ་ཡོད་མཁན་ཞིག་རེད། ངའི་སྐད་ཆ་དག་ནི་བློ་གཟུ་བོར་གནས་པ་ཤ་སྟག་ཡིན།

    Reply
  22. བསེ་རུ། says:
    ལོ་ 14 སྔོན།

    ང་ཚོ་ཚང་མས་སྨྱུ་གུ་དམར་པོ་ཞིག་འཁྱེར་ནས་བོད་ཡིག་གི་ཡིག་ནོར་ཁག་བཅོས་རྒྱུར་འབད་བརྩོན་བྱེད་བཞིན་པ་ནི་དགའ་འོས་པའི་གནས་སུ་མཐོང་ཞིང་།
    སྨྱུ་གུ་དམར་པོ་ཁུར་མཁན་རང་ཉིད་ཀྱིས་ཀྱང་ཡིག་ནོར་ཡོང་བཞིན་འདུག་པས་
    དེ་བས་ཀྱང་གཟབ་གཟབ་བྱ་གལ་ཆེ་བར་མཐོང་།

    བསྟན་འཛིན་སོགས་ཀྱིས་བཤད་པའི་སྐད་ཆ་ཚང་མར་གནས་ལུགས་རྒྱུ་མཚན་འདུག་ལ། གནས་ལུགས་དང་རྒྱུ་མཚན་བཤད་ནས་དྲ་གྲོགས་རྣམས་ཕན་ཚུན་བགྲོ་གླེང་ངེས་པར་དུ་བྱ་དགོས་པ་ཡིན།

    སྟག་སྨྱོན་ལགས་ཀྱིས་བཤད་པར་ཡང་བདེན་པ་མཐོང་།

    Reply
  23. བསྟན་འཛིན says:
    ལོ་ 14 སྔོན།

    ངའི་དོན་འགྲུབ་བཀྲ་ཤིས་ཀྱི་མིང་གིས་སྨྲོས་ནས་ ཞེས་པའི་ ངའི་ དེ་ ངས་ ཞེས་བཅོས་རོགས

    Reply
  24. བསྟན་འཛིན says:
    ལོ་ 14 སྔོན།

    གྲོགས་ལྷ་ཆབ་ལགས། ང་ལ་བསམ་འཆར་ཞིག་ཡོད། དུས་བབ་ཀྱི་ཡིག་ནོར་དེ་ལས་བྱེད་ཉུང་བ་དང༌། ཚགས་ཤོག་ཆེ་བ། ཉི་མ་ཐུང་བས་ཞུས་དག་གཙང་མ་ཞིག་བྱེད་ཁོམ་མེད་པ་བཅས་ཁྱེད་རང་ལ་གསལ་ཆ་ཡོད་པ་དང༌། ཐུགས་ཁག་མེད་པར་ཡང་བཤད་འདུག ངས་ཤེས་གསལ་བྱས་ན། དུས་བབ་ཀྱི་ཤོག་ཚད་ཆེ་རུ་བཏང་བ་ནས་ལས་བྱེད་ཇེ་མང་དུ་བཏང་འདུག་པ་ཚགས་པར་རང་གི་མཐའ་ཤོག་ཏུ་བསྟར་འདུག དེ་ཚོར་བལྟས་ན། གོང་གི་བཤད་སྟངས་དེ་ཁུངས་འཁྱོལ་བའི་སྒྲུབ་བྱེད་དུ་ཁས་ལེན་ཐུབ་པ་དཀའ་བར་གདའ།
    ཁྱེད་རང་ཨ་མདོ་བ་ཡིན་སྟབས། ཕ་ཡུལ་གཅིག་པའི་ཞེན་ཁོག་གིས་དུས་བབ་ཀྱི་རྒྱབ་རྩ་བྱེད་ཀྱི་ཡོད་ན་ནི་མི་ཤེས། ངས་དོན་འགྲུབ་བཀྲ་ཤིས་ཟེར་བ་དེའི་མཚང་ལ་བརྒྱབ་མེད་ལ། རྒྱག་གིན་ཡང་མེད། རྒྱག་བསམ་པ་ཡང་མེད། དུས་བབ་ཚགས་པར་གྱི་དག་ཆའི་སྤུས་ཀ་བཤད་སྐབས། ངའི་དོན་འགྲུབ་བཀྲ་ཤིས་ཀྱི་མིང་གིས་སྨྲོས་ནས་བཤད་དགོས་བྱུང་བ་དང༌། དེར་ཁོ་པས། གནས་ལུགས་ཁས་མི་ལེན་པའི་ཁར། རྩེད་མཚར་གྱི་སྟངས་ཀ་བསྟན་པར་བརྟེན། ཇི་སྲིད་གནས་ལུགས་ངོས་ལེན་མ་བྱུང་བ་དེ་སྲིད་དུ་ངས་རྒྱུ་མ་ཕུ་འདེད་བྱ་རྩིས་ཡིན། མ་ཟད་དུས་ཚོད་ནམ་ཡོད་ལ་གཞན་དག་གི་མིང་ནས་ཀྱང་དངོས་སུ་སྨྲོས་ཤིང་མཛུབ་མོ་འཛུགས་རྩིས་ཀྱིས་ཡོད། ཡར་ལྷ་ཕོག་དང་མར་ཀླུ་ཕོག་གང་བྱུང་ཡང༌། ང་ལ་དགོས་རྒྱུ་ནི་ཡིག་ནོར་མེད་པའི་དུས་བབ་ཚགས་ཤོག་ཅིག་དང༌། ཡིག་ནོར་མེད་པའི་དུས་བབ་དྲ་རྒྱ་ཞིག་ཏུ་རེ་ནས་འདི་ལྟར་བཤད་ཅིང་ཡོད།

    Reply
  25. སྟག་སྨྱོན། says:
    ལོ་ 14 སྔོན།

    ངས་དུས་བབ་ཚང་ལ་ཁ་བརྡུང་བཏང་མྱོང་། ཡིན་ནའང་ས་ཆའི་ཚོད་ཀྱི་རི་དྭགས་ཟེར་བ་ལྟར་བཙན་བྱོལ་བོད་མིའི་སྤྱི་ཡོངས་ཀྱི་ཤེས་ཡོན་སྟངས་ལ་དཔག་པའི་དུས་བབ་ཚང་འགྲིག་འདུག་དྲན་སོང་། མ་ཟད་དུས་བབ་ཚང་སྒེར་གྱི་གསར་ཁང་ཞིག་ཡིན་པས་ང་ཚོས་འགན་ཆེན་པོ་གཡོག་ནས་བཙིན་གནོན་ཆེན་པོ་གཏོང་རྒྱུ་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁ་ཚོ་ཚང་མ་གཞུང་གི་འགྲོ་སོང་བཏང་ནས་ཆེད་དུ་བསྐྱེད་སྲིང་བྱས་པ་དེ་འདྲ་མ་རེད། སྙིང་རྗེ་གསར་འབྱོར་གྱི་འཚོ་བ་ཁག་པོ་དེ་དང་ཆ་རྒྱུས་མེད་པའི་ཕྱི་ལོག་གི་འཁོར་ཞིག་ཏུ་དང་བླངས་ཀྱི་ལས་ཀ་ལྟ་བུ་བྱེད་ཀྱི་ཡོད་པ་དང་། གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཀི་ཡོད་པ་འདྲ། ལྷག་པར་དུ་དེང་སང་ལས་བྱེད་གསར་བ་ཁ་ཤས་སླེབས་ཡོད་པ་དང་། ཁོ་ཚོ་སྙིང་རྗེ་གཞུང་འགྲོ་སོང་བཏང་ཆེད་དུ་བསྐྱེད་སྲིང་བྱས་མེད་པ་དང་། ཉམས་མྱོང་ཐོབ་རྒྱུར་ཡང་དུས་ཚོད་གང་འཚམ་དགོས་ཀི་རེད་བསམ། གལ་སྲིད་ཁོ་ཚོའི་ཤེས་ཚད་ཀྱི་འདང་གི་མེད་ན་གཞུང་དང་ཚོགས་པ་དེ་འདྲས་འགྲོ་སོང་བཏང་ནས་ཡར་སློབ་སྦྱོང་བྱེད་དུ་གཏོང་དགོས་པ་རེད། དེ་འདྲ་རོགས་པ་བྱེད་བྱེད་མཁན་མེད་པར་རང་རང་གི་ས་ནས་གང་ཐུབ་བྱེད་བཞིན་པའི་བོད་མི་དཀྱུས་མ་ཚོར་ཁ་བརྡུང་གཏོང་རྒྱུ་མང་དྲགས་ན་འོས་པོ་མི་འདུག ཁོ་ཚོས་ཁྱེད་ཅག་གི་ངག་བཞིན་ཉན་དགོས་པའི་རྒྱུ་མཚན་ག་རེ་ཡོད་དམ། ཁྱོད་ཚོས་ཟླ་ཕོག་སྤྲོད་ཀྱི་ཡོད་དམ། གི་དང་གིན་སྤྱོད་སྟངས་ཡག་པོ་མེད་ཀྱང་དེ་ལ་ལོ་དང་ཟླ་བ་བྱས་ནས་ཁ་བརྡུང་གཏོང་འདོད་མི་འདུག

    Reply
  26. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    གོང་གི་དྲ་གྲོགས་ཚང་མར་ཨ་ཕས་བཤད་ན་ཨ་ཕ་དང་དོམ་པས་བཤད་ན་དོམ་པ་བདེན་པའི་སྣང་ཚུལ་ཞིག་འདུག་ཀྱང་། སྤྱིར་ཤོག་བུའི་སྟེང་འབྲི་བ་ལས་རྩིས་འཁོར་སྟེང་བྲིས་ན་ཆད་ལྷག་ཤོར་བར་ཉེན་ཁ་མང་ཙམ་འདུག་པར་མཐོང་མོད། འདི་ཕལ་ཆེར་ཐེབ་གཞུང་བྱང་ཆ་མ་སོང་བའི་སྐྱོན་ཡང་ཡིན་ཤས་ཆེ་སྟེ། དྲ་གྲོགས་འགས་རང་རང་གི་ཟིན་བྲིས་སུ་ཡང་བྱེད་སྒྲ་དང་འབྲེལ་སྒྲ་ལག་ལ་གང་ཡོང་དུ་སྤྱོད་བཞིན་འདུག་པས། དོ་བདག་སུ་ཡིན་ནའང་དག་བཅོས་བྱས་རྗེས་དྲ་ཐོགས་དུ་བཀོད་རྒྱུ་གལ་ཆེན་པོ་འདུག

    Reply
  27. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    བརྩེ་བའི་གྲོགས་པོ་ལྷ་ཆབ་ལགས། ཁྱེད་རང་དྲ་ཐོག་དུ་ཡོད་ན་ངས་ཁྱེད་རང་ལ་བསྐུར་བས་འཕྲིན་ཡིག་དེར་གཟིགས་རོགས་ཞུ། དེ་ནས་ཡིག་ནོར་དག་ལ་ག་ལེར་གསུང་བཤད་གནང་རོགས་ཞུ། ང་རང་གིས་ཀྱང་ཁྱེད་རང་གི་སྐད་ཆ་འདི་དག་ལ་རྒྱབ་སྐྱོར་ཞུ།

    Reply
  28. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    ངའི་མིག་ལམ་དུ་ཡིག་ནོར་ནིརྨ་ཁའི་ནང་གི་རྣག་ལྟ་བུ་ཡིན། ངས་ཡིག་ནོར་དག་སེལ་བྱེད་མཁན་དག་ལ་ནམ་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡིན། འོན་ཀྱང་རྐུན་མ་འཛིན་མཁན་ཁོ་རང་གིས་བརྐུ་བྱ་ཚེ་སུ་ལ་གཏུགས་དགོས་མིན་དེ་སྔོན་ལ་གསལ་བོ་བཟོས་ན་ཡག སྤྱིར་དུས་བབ་ཚང་ལ་ཐུགས་ཁག་མེད་པ་ང་རང་ལ་གསལ། ལས་བྱེད་ཉུང་ཁར་ཚགས་པར་ཆེ་ཞིང་ཉི་མ་ཐུང་བས་ཞུ་དག་གཙང་མ་ཞིག་བྱེད་ཁོམ་མེད་པ་ནི་གསལ་བོ་ཡིན། ཡིན་ནའང་ཡིག་ནོར་གྱི་ཕྱོགས་ནས་དེ་འགྲོ་ས་མེད་པས་བསྟན་འཛིན་ཞུ་བ་ཞིག་གིས་གར་འདེད་གནག་འདེད་བྱེད་པ་ལ་རྒྱུ་མཚན་ཆེན་པོ་འདུག ཡིན་ནའང་སྔ་གཞུག་ཚང་མར་དོན་འགྲུབ་བཀྲ་ཤིས་གཅིག་བུའི་མཚང་ལ་བརྒྱབ་ན་ཡག་པོ་མི་འདུག་སྙམ། སྤྱི་ཡོངས་ནས་བཤད་དེ་ལེགས་བཅོས་བཏང་ན་དགེ་ཕན་ཆེ་བའི་ཁར་མི་དང་མིའི་བར་ལ་ཕོག་ཐུག་མི་འགྲོ་བ་ཡིན། ང་ཚོར་དགོས་པ་དེ་ཡིན།

    Reply
  29. བསྟན་འཛིན says:
    ལོ་ 14 སྔོན།

    གྲོགས་ལྷ་ཆབ་ལགས། ངས་ཤེས་ཡོད། ཁྱེད་རང་ལྟར་ཐད་ཀར་བཤད་རྒྱུ་དེ་ང་ཡོད་ས་འདི་དང་དུས་བབ་ཀྱི་བར་ཐག་གིས་ཡོང་བ་མི་འདུག ཁྱེད་རང་གིས་ཐད་ཀར་ཞུས་པར་ཡང་ཉན་མཁན་བྱུང་མི་འདུག ང་ལ་ནི་ཐད་ཀར་ཞུ་འདོད་མི་འདུག་ལ། ཞུས་ནས་ཉན་རེའང་མེད། དྲ་སྟེང་རང་ནས་ཨུ་ཚུགས་ཆེ་ཙམ་དང༌། རེ་བ་ཆུང་ཙམ་རྒྱག་རྒྱུ་ཡིན།

    Reply
  30. བསྟན་འཛིན says:
    ལོ་ 14 སྔོན།

    གྲོགས་ལྷ་ཆབ་ཀྱིས་འདི་ཅི་མ་བདེན། ཞེས་པ་ གྲོགས་ལྷ་ཆབ་ཀྱིས་བཤད་པ་འདི་ཅི་མ་བདེན། ཞེས་སུ་བཅོས་གནངས་རོགས།

    Reply
  31. བསྟན་འཛིན says:
    ལོ་ 14 སྔོན།

    ཚང་མ་སྐད་ཤོར་བསྡད་ས་དེ་དུས་བབ་རེད། དུས་བབ་ཀྱི་ཡིག་ནོར་འདི་ནད་ཅིག་ཡིན་ན་བཅོས་སུ་མེད་པའི་སྐྲན་ནད་དུ་འདུག་ཟེར། གྲོགས་ལྷ་ཆབ་ཀྱིས་འདི་ཅི་མ་བདེན། འདི་ཚོར་གཞེན་སྐུལ་ཙམ་ཡང་མི་འགྲོ་བ་འདི་ཅིས་ལན་ནམ། དྲང་མོར་བཤད་ན་མྱི་མི་དགའ།། ཞེས་ཨ་མདོའི་གཏམ་དཔེ་ཞིག་དྲངས་ནས་ཞུས་པ་དེ་ག་རང་བྱུང་སོང་འདུག་པས་ཅི་བྱར་ཡོད། ད་ནི་ཉི་མ་དེ་རིང་ནས་བཟུང་སྟེ། ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ།། ཉན་དང་མི་ཉན་རང་རང་ལག་པར་ཡོད།། ཅེས་དང༌། མཁས་གྲུབ་དགེ་ལེགས་དཔལ་བས། སྙན་ངག་སྨྲ་བ་ཀུན་གྱི་མགོ་བོ་ལ།། ཚིག་གི་གོམ་པ་སྤོ་མཁས་དགེ་ལེགས་དཔལ།། ཞེས་གསུངས་པའི་རྗེས་སུ་ཞུགས་ཏེ། དུས་བབ་ཀྱི་གསར་འགོད་པ་དག་གིས་གང་དུ་ཡིག་ནོར་བརྡ་ནོར་སྤེལ་བ་ལ་མཛུབ་འཛུགས་དང་བཅས་ཏེ། ཚིག་འགྲོས་ཚུན་ལ་རྒྱུ་མ་ཕུ་འདེད་ཀྱི་ཤགས་འགྱེད་བྱ་རྒྱུ་ཡིན། དེས་ན།

    ལུས་ཀྱི་རྩ་ལ་བ་ཟུར་མེད།།
    རྩྭལྡུམ་རྩྭ་ལ་བ་ཟུར་ཡོད།།
    ཁ་ནས་བརྗོད་ཅེས་བྱ་ཚིག་སྟེ།།
    སྔོན་འཇུག་འ་ཡིས་ཁྱད་འབྱེད་ཅིང༌།།
    རྗོད་པ་ཞེས་པ་མིང་ཡིན་ཏེ།།
    དཔེར་ན་བརྗོད་བྱ་རྗོད་བྱེད་བཞིན།།
    འདི་ཙམ་མ་ཤེས་བོད་ཡིག་གི།
    འབྲི་རྩལ་མངོན་དུ་གྱུར་པ་མེད།།
    འདི་ཡང་དུས་བབ་གསར་འགོད་པ།།
    དོན་བཀྲ་སོགས་ལ་ཕན་པའི་སེམས།།
    སྔོན་དུ་བཏང་སྟེ་བྲི་བར་ཐལ།།

    ཕ་བཟང་བུ། ལ་མོར་ཕེབས་ཤོག ད་ནི། ལན་ལ་སྒུག་ནས་ཡོད་དོ་ལོ།།

    Reply
  32. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    གཏམ་དཔེ་སྙན་མོ་རེད། ཡིན་ཡང་། ཕན་ཚུན་ལ་སྐད་ཆ་བཤད་དུས་ཡིག་ནོར་ཡིན་ནོར་ཟེར་ནས་གླེང་མཁན་དག་གིས་ཀྱང་ཡིག་ནོར་འབྲི་ཤོར་བྱེད་ཀྱི་འདུག་ན་ང་རང་ལྟ་བུ་དག་ལ་ཁག་ཞིག་གང་ན་ཡོད། ང་ཚོས་འདི་ལྟར་ཕན་ཚུན་ལ་སྐྱོན་བརྗོད་ཁོ་ན་བྱེད་པ་ལས་ཐབས་ཤེས་གང་ཞིག་ལ་བརྟེན་ནས་དག་ཡིག་ཚིག་མཛོད་ཞིག་དྲ་རྒྱའི་ནང་དུ་བླུགས་ཐུབ་ཀྱི་ཡོད་མེད་ལ་ཚོད་ལྟ་རེ་བྱེད་ཐུབ་མཁན་གྱི་ལག་རྩལ་བ་རེ་གང་ན་ཡོད་ན་དེ་རུ་་འབོད་སྐུལ་རེ་ཞུ་ཐུབ་ན་ཡག་པོ་འདུག དཔེར་ན་དབྱིན་ཡིག་འབྲི་མཁན་དག་ལ་དག་ཆ་ནོར་ཡོད་མེད་ཀྱི་བཙལ་ས་ཡོད་པ་དེ་བཞིན་དུ་ང་ཚོ་བོད་པ་ཚང་གི་དྲ་ཚིགས་དག་ལ་ཡང་དེ་འདྲ་ཞིག་བྱུང་ན་དངོས་ནས་ཡག་པོ་འདུག དྲ་གྲོགས་ཚོས་དེའི་བསྐོར་གྱི་བསམ་ཚུལ་གནས་ལུགས་ལྡན་པ་རེད་གསུང་རོགས་ཞུ།

    Reply
  33. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    གོང་གི་དཔྱད་གཏམ་དེ་ཡང་དོན་འགྲུབ་བཀྲ་ཤིས་ཀྱིས་བྲིས་པ་ལྟར། གཟབ་གཟབ་ཅིག་གནངས་རོགས། ཟེར་བའི་མིང་གི་དག་ཆ་དང༌། དག་ཆའི་ཁྱད་ཙམ་ཡང་མ་ཤེས་ནས་གནས་ཚུལ་སྤེལ་འདུག་ ཟེར་བའི་ཚིག་གི་བརྗོད་པ་རེ་ཟུང་གོ་ཁག་ཙམ་འདུག སྤྱིར་ལས་ཀར་བྲེལ་ང་ཧ་ཅང་ཆེ་མོད། མཚམས་འདི་ནས་ངལ་གསོའི་ཚུལ་དུ། སྐུ་ཞབས་བསྟན་འཛིན་ལགས་ལ་རྩེད་མཚར་ཞིག་བྱ་འདོད་བྱུང༌།

    ངའི་ཕ་ཡུལ་འབྲོག་ཐང་ན་འདི་ལྟ་བུའི་ངག་རྒྱུན་གྱི་ཁ་མཚར་ཞིག་ཡོད། ཉིན་ཞིག་རྒྱ་ཁ་ཆེ་ཚོང་བ་ཞིག་འབྲོག་པའི་རྩ་ཐང་ལ་ཡོང་བ་རེད། ཁོས་བོད་པའི་ཁྱིམ་ཚང་ཞིག་ནས་གུང་ཟས་ཟ་སྐབས། ཁྱིམ་ཚང་དེའི་ཡར་རྒྱུད་ཀྱི་ཚ་ཐབ་སྟེང་དུ། སྐྱ་མིན་སེར་མིན་གྱི་གྲོང་ཆོག་པ་བཞི་ཡིས་སྐད་གཟེངས་མཐོན་པོས་ག་གེ་མོ་ཞིག་འདོན་བཞིན་ཡོད། སྐབས་དེར་ཁ་ཆེ་ཚོང་བ་དེས་ཁྱིམ་བདག་ལ། གྲོང་ཆོག་པ་དེ་ཚོས་ཅི་ཞིག་འདོན་བཞིན་ཡོད། ཅེས་དྲིས་བར་ཁྱིམ་བདག་གིས། སྒྲོལ་མའི་མཎ་ཌལ་བཞི་བ་གསུང་གིན་ཡོད་པ་རེད། ཅེས་ལན་ལན་བཏབ་པར་ཡང་ཚོང་བ་དེས། སྒྲོལ་མའི་མཎ་ཌལ་བཞི་བ་བཏོན་ན་ཅི་ཞིག་ལ་ཕན་པ་རེད། ཅེས་དྲིས། སྒྲོལ་མའི་མཎ་ཌལ་བཞི་བ་བཏོན་ན་ཁྱིམ་ཚང་ཕྱུག་པོར་འགྱུར་བ་རེད། ཅེས་ཁྱིམ་བདག་གིས་ལན་བརྒྱབས། ཚོང་བ་དེས་ཡང་བསྐྱར། འོན་ན། གྲོང་ཆོག་པ་ཁོ་རང་ཚོ་ཕྱུག་པོ་ཡིན་ནམ། ཞེས་དྲིས་པར་ཁྱིམ་བདག་གིས། ཁོང་ཚོ་ཕྱུག་ཡོད་པ་མ་རེད། གྲོང་ཆོག་གི་ཡོན་ཙམ་ལ་བརྟེན་ཡོད་པ་རེད། ཅེས་བརྗོད་པར། ཁ་ཆེ་ཚོང་བ་དེ་གད་མོ་དགོད་བཞིན། ཐོག་མར་སོ་སོ་ཕྱུག་པོ་བཟོས་རྗེས། གཞན་ལ་སྒྲོལ་མའི་མཎ་ཌལ་བཞི་བ་འདོན་དགོས་པ་རེད། ཟེར་བཞིན་བུད་སོང༌།

    Reply
  34. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་འཛིན་ལགས། རྒྱབ་ཤ་དཀར་བོའི་དེབ་ཀྱི་སྐོར་བཤད་སྐབས་དོན་འགྲུབ་བཀྲ་ཤིས་གླེང་དོན་ཞིག་གང་ན་ཡོད། ཁྱོད་ཀྱིས་དུས་བབ་ཚང་ལ་སྐད་ཆ་ཞིག་བཤད་འདོད་ཡོད་ན་ཐད་ཀར་བཤད་ན་འགྲིག་མོད། ཐག་ཞོར་འབྲེང་འདྲུད་བྱེད་པ་ནི་ཅུང་མི་མཛེས། མ་གཞི་དུས་བབ་ཚང་གི་ཡིག་ནོར་ལ་བཅོས་ཐབས་ཤིག་མེད་པ་འདྲ་བས། ཁྱོད་ཀྱི་དེ་ཙམ་གྱིས་ག་ལ་འོང༌། མི་ཚང་མའི་སྐད་ཤོར་ས་དེ་རེད། ངས་ཐད་ཀར་ཁོང་ཚོའི་གསར་འགོད་པ་རེ་འགར་བརྗོད་མྱོང་ཡོད་མོད། དེ་ནི་ནད་ཅིག་ཡིན་ན་སྐྲན་ནད་ཡིན་པ་འདྲ། བཅོས་ཐབས་ཁྱོན་ནས་མེད་པར་མཐོང༌། ཉེ་སྔོན་ངའི་གྲོགས་པོ་ཞིག་གིས་ང་ལ་དུས་བབ་ཚང་ན་སུམ་རྟགས་སྦྱངས་མྱོང་མཁན་གཅིག་ཀྱང་མེད་པ་འདྲ་ཞེས་བཤད་མྱོང༌། དེ་ཙམ་ནི་གང་ཤེས་ཏེ། ནམ་ཡང་མིའི་མདུན་ནས་ངོ་ཚ་ཉོ་ས་དེ་འཕྲད་རྒྱག་སྟངས་ཡིན་པ་ནི་གསལ་བོའོ།།

    Reply
  35. བསྟན་འཛིན says:
    ལོ་ 14 སྔོན།

    དེ་རིང༌། དུས་ཚོད་ཀྱི་ཁོམ་པ་ཞིག་བྱུང༌། བོད་ཀྱི་དུས་བབ་ཀྱི་དྲ་རྒྱ་ལ་བལྟས། བལྟས་ཀྱིན་བལྟས་ཀྱིན་སེམས་སྐྱོ་བ་ལ་ཚད་མེད་པ་བྱུང༌། ཀློག་གིན་ཀློག་གིན་ཀློག་མི་འདོད་པར་གྱུར། རྒྱབ་ཤ་དཀར་པོའི་དེབ་ཟེར་བའི་གསར་འགྱུར་དང༌། དུས་བབ་ཀྱི་ལས་བྱེད་དོན་འགྲུབ་བཀྲ་ཤིས་ཀྱི་བོད་ཁུག་ཞི་བདེ་གླིང་གཉིས་བཀླགས་པས་ཀློག་མི་འདོད་པར་གྱུར། བཅངས་དང་བཅིངས། རྟེན་དང་བརྟེན་གྱི་དག་ཆའི་ཁྱད་ཙམ་ཡང་མ་ཤེས་ནས་གནས་ཚུལ་སྤེལ་འདུག ཡིད་སྐྱོ་བ་ལ་ཚད་མེད་པ་ཞིག་བྱུང༌། དཔེར་ན། དོན་འགྲུབ་བཀྲ་ཤིས་ཀྱིས་དགོང་ཁ་ལ་དགུང་ཁ་ཞེས་བྲིས་འདུག་པ་འདི་འདྲ་དག་ཨ་མདོའི་འབྲི་སྟངས་ཡིན་ན་མི་ཤེས། དུས་བབ་རྩོམ་སྒྲིག་པ་ལུང་རིགས་ལགས་སྐད་ཤོར་ནས་བསྡད་ཡོད་སྐད་པ་ཡང་ཡང་གོ་རྒྱུ་འདུག་པའང་འདི་ཚོས་བྱས་པར་འདུག དུས་བབ་ཀྱི་དྲ་རྒྱ་དང་ཚགས་ཤོག་སྟེང་གི་ཡིག་ནོར་དག་འདི་ཚོས་སྤེལ་གྱི་ཡོད་འདྲ། དྲིན་ཆེན་ཚོ། གཟབ་གཟབ་ཅིག་གནངས་རོགས། ང་ནི་དུས་བབ་ཀློག་མཁན་ཕལ་བ་ཞིག་ཡིན། སེམས་ཀྱིས་མ་བཟོད་ནས་ཞུ་བར་ཐལ་སོང༌།

    Reply
  36. བསྟན་འཛིན says:
    ལོ་ 14 སྔོན།

    དེ་རིང༌། དུས་ཚོད་ཀྱི་ཁོམ་པ་ཞིག་བྱུང༌། བོད་ཀྱི་དུས་བབ་ཀྱི་དྲ་རྒྱ་ལ་བལྟས། བལྟས་ཀྱིན་བལྟས་ཀྱིན་སེམས་སྐྱོ་བ་ལ་ཚད་མེད་པ་བྱུང༌། ཀློག་གིན་ཀློག་གིན་ཀློག་མི་འདོད་པར་གྱུར། རྒྱབ་ཤ་དཀར་པོའི་དེབ་ཟེར་བའི་གསར་འགྱུར་དང༌། དུས་བབ་ཀྱི་ལས་བྱེད་དོན་འགྲུབ་བཀྲ་ཤིས་ཀྱི་བོད་ཁུག་ཞི་བདེ་གླིང་གཉིས་བཀླགས་པས་ཀློག་མི་འདོད་པར་གྱུར། བཅངས་དང་བཅིངས། རྟེན་དང་བརྟེན་གྱི་དག་ཆའི་ཁྱད་ཙམ་ཡང་མ་ཤེས་ནས་གནས་ཚུལ་སྤེལ་འདུག ཡིད་སྐྱོ་བ་ལ་ཚད་མེད་པ་ཞིག་བྱུང༌། དཔེར་ན། དོན་འགྲུབ་བཀྲ་ཤིས་ཀྱིས་དགོང་ཁ་ལ་དགུང་ཁ་ཞེས་བྲིས་འདུག་པ་འདི་འདྲ་དག་ཨ་མདོའི་འབྲི་སྟངས་ཡིན་ན་མི་ཤེས། དུས་བབ་རྩོམ་སྒྲིག་པ་ལུང་རིགས་ལགས་སྐད་ཤོར་ནས་བསྡད་ཡོད་སྐད་པ་ཡང་ཡང་གོ་རྒྱུ་འདུག་པའང་འདི་ཚོས་བྱས་པར་འདུག དུས་བབ་ཀྱི་དྲ་རྒྱ་དང་ཚགས་ཤོག་སྟེང་གི་ཡིག་ནོར་དག་འདི་ཚོས་སྤེལ་གྱི་ཡོད་འདྲ། དྲིན་ཆེན་ཚོ། གཟབ་གཟབ་ཅིག་གནངས་རོགས། ང་ནི་དུས་བབ་ཀློག་མཁན་ཕལ་བ་ཞིག་ཡིན། སེམས་ཀྱིས་མ་བཟོད་ནས་ཞུ་བར་ཐལ་སོང༌།

    Reply
  37. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    འཁྱོག་བརྗོད་ལམ་ལུགས་ཀྱི་སྲིད་གཞུང་གིས་འཁྱོག་བརྗོད་ཅིག་ལས་འགྲེམ་སྤེལ་བྱེད་མི་སྲིད་ན། བོད་གཞུང་གིས་དེ་ལ་དྲང་བདེན་ལམ་ལུགས་ཀྱིས་དེབ་སྤུས་ལེགས་ཤིག་འདོན་སྤེལ་བྱེད་ཐུབ་རྒྱུ་ནི་དངོས་ནས་གལ་ཆེན་པོ་རེད། ལོ་ཟླ་ག་ཚོད་ཅིག་འདས་ཀྱང་བདེན་པའི་དཔང་བོར་འཇོག་ཆོག་པའི་གནས་ཚུལ་ཁུངས་ལྡན་གྱི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་འདོན་ཐུབ་ན་བཟང་གི དེ་མིན་དུས་ཚོད་ཀྱི་བབ་དང་བསྟུན་ནས་རྒྱ་ནག་སྲིད་གཞུང་གི་དེབ་དཀར་པོ་ལ་ལན་འདེབས་ཙམ་ཞིག་ལས་མ་བྱུང་བ་ཡིན་ན་ནི་དངོས་ནས་འཕོང་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist