མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུགས་ཆོས་བརྒྱུད་ཁག་གི་ཚོགས་འདུ་ཐེངས་བཅུ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གསུམ་རིང་གི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ཚོགས་འདུ་ཐེངས་བཅུ་བ་དེ་བཞུགས་སྒར་དུ་གཟབ་རྒྱས་ངང་ཚོགས་ཡོད་པ་དང༌། ཐེངས་འདིའི་ཚོགས་ཐོག་ཏུ་བོད་ཀྱི་བླ་སྤྲུལ་དངོས་འཛིན་བྱེད་ཕྱོགས་དང༌། ཆོས་བརྒྱུད་ཁག་ལ་འཁྲི་བའི་བོད་བསྟན་སྲིད་ཐད་ལས་དོན་སྒྲུབ་ཕྱོགས། བོད་གཞུང་ཆོས་རིག་ལས་ཁུངས་དེ་ཆོས་རིག་ལྷན་ཚོགས་སུ་བསྒྱུར་དགོས་མིན་སོགས་ལ་གྲོས་བསྡུར་གནང་འཆར་ཡོད་འདུག

 

བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཞོགས་པ་ཆུ་ཚོད་ ༩ བའི་སྟེང༌། རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་སྤྱི་ནོར་༧གོང་ས་མཆོག་གི་བཞུགས་སྒར་ཕོ་བྲང་དུ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་བའི་ཆོས་ཚོགས་ཐེངས་ ༡༠ དེ་བོད་པ་སྐྱབས་བཅོལ་དུ་འབྱོར་ཏེ། མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙིའི་ཉིན་དང་པོ་དང་བསྟུན་ཏེ་འཚོགས་ཡོད་པ་དང༌། དེར་དཔལ་རྒྱལ་བ་ཀརྨ་པ་དང་ཤར་བ་ཆོས་རྗེ་གཙོས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་མཁན་པོ། དགོན་པ་ཁག་གི་སྐུ་ཚབ་བཅས་འཐུས་མི་ ༦༣ ཙམ་ཚོགས་བཅར་གནང་ཡོད། ཚོགས་འདུའི་དབུ་འབྱེད་མཛད་སྒོར། བོད་མི་དམངས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་རྣམ་རྒྱལ་ཚེ་རིང་གཙོས་པའི་ཁྲིམས་ཞིབ་པ་གཞན་གཉིས་དང༌། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་གཙོས་པའི་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཙོས་པའི་སྤྱི་འཐུས་ཁག་ཅིག་བཅས་ཚོགས་ཞུགས་གནང་ཡོད།

 

སྐབས་དེར་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་འཕུན་ཚོགས་མཆོག་གིས་ཚོགས་འདུ་དབུ་འབྱེད་གསུང་བཤད་གནང་དོན། ཐེངས་འདིའི་ཚོགས་འདུར་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང་སྨན་རིའི་ཁྲི་འཛིན་མཆོག་རྣམ་གཉིས་ཀྱང་ཕེབས་གཏན་འཁེལ་ཡོད་ལ། ཚོགས་འདུའི་མཇུག་སྡོམ་སྟེང་༧གོང་ས་མཆོག་ཆིབས་སྒྱུར་བསྐྱང་རྒྱུ་ཞལ་བཞེས་གནང་ཡོད། དེ་རིང་འདིར་ང་ཚོ་སྐྱབས་བཅོལ་དུ་འབྱོར་ཏེ། མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཏེ། ཆོས་རིག་ལས་ཁུངས་ཀྱིས་ཆོས་ཚོགས་ཐེངས་ ༡༠ དེ་གོ་སྒྲིག་ཞུས་པ་ཡིན།

ང་ཚོ་ཁ་བ་གངས་ཅན་གྱི་ལྗོངས་སུ་འཛམ་གླིང་རྒྱལ་ཁབ་གཞན་ན་མེད་པའི་ཆོས་རིག་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེར་ཕ་རོལ་བོས་སྐྱོན་བརྗོད་དང་རྩ་མེད་བཟོ་བའི་འབད་བརྩོན་མང་པོ་བྱས་ཡོད། ༧གོང་ས་མཆོག་གིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རྗེས་རྒྱ་ནག་ལ་གུ་ཡངས་ཀྱི་དགོངས་པ་ཅི་ཙམ་བཞེས་བ་རྒྱལ་སྤྱིའི་ནང་ས་རིས་ཐང་གསལ་ཡིན་ཡང༌། རྒྱ་ནག་གི་གཡོན་ཐལ་ཅན་གྱི་དབང་འཛིན་པ་ཚོས་༧གོང་ས་མཆོག་ལ་བོད་མིའི་ཆོས་སྲིད་ཀྱི་ཐོབ་དབང་མེད་པ་དང་བོད་པའི་ཆོས་རིག་རྩ་གཏོར་གཏོང་མཁན་ཡིན་པ། བོད་ནང་གི་ཡར་རྒྱས་ལ་འགོག་རྐྱེན་བཟོ་མཁན་ཡིན་པ། སྔར་ལོའི་གསུམ་གཅིག་བཞིའི་དོན་རྐྱེན་གྱི་བརྒྱུད་སྐུལ་བ་ཡིན་པ་སོགས་གཞི་མེད་ཀྱི་སྐྱོན་འཛུགས་ཚད་མེད་བྱས་ཡོད། 

 

བོད་ནང་གི་དགོན་སྡེ་ཁག་ལ་དམ་དྲག་འཇིགས་སྐུལ་དང༌། བོད་པའི་ལོ་གསར་དང་བོད་བཅིངས་གྲོལ་གྱི་ལོ་འཁོར་ ༥༠ ཟེར་བ་བཙན་གྱིས་སྲུང་གཙི་བྱེད་དུ་བཅུག་པ་སོགས་དམྱལ་བ་མི་ཡུལ་དུ་བྱུང་བ་ལྟ་བུ་བཟོས་ཡོད་ལ། ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༡༦ ནས་ཉིན་གསུམ་རིང་ཆོས་མེད་སྨྲ་བ་གུང་ཁྲན་རིང་ལུགས་ཀྱིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཐེངས་དགུ་བ་ཟེར་བ་ཞིག་འཚོགས་ཏེ། གྲྭ་བཙུན་ཁག་ཅིག་ལ་གཟེངས་རྟགས་སྤྲོད་པའི་བྱ་འགུལ་སྤེལ་ཡོད་ཀྱང༌། དོན་གྱིས་ནང་ཁུལ་དབྱིན་དཀྲུག་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་བྱེད་སྒོ་ཞིག་ཆགས་ཡོད། གནད་དོ་དེ་དག་ལ་གཞིགས་ཏེ་རང་ཅག་ཆོས་བརྒྱུད་ཁག་ནས་གཞི་མེད་རྫུན་སྒྲིག་དེ་དག་ལ་སུན་འབྱིན་དང༌། དྲང་བོ་དང་བཞག་དང་འཕྲལ་ཕུགས་རྒྱང་གསུམ་ལ་སྨན་པའི་ལན་འདེབས་ཅི་དགོས། ༧གོང་ས་མཆོག་གི་ཐུགས་དགོངས་སྒྲུབ་ཕྱོགས་བཅས་ལ་གྲོས་བསྡུར་ཡོང་བར་གསལ་འདེབས་ཞུ་རྒྱུ་ཡིན།

 

ཐེངས་འདིའི་ཆོས་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི། རང་ཅག་སྐྱབས་བཅོལ་དུ་འབྱོར་ཏེ་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་དང་སྟབས་བསྟུན་ཏེ། འདས་པའི་ལོ་ངོ་ལྔ་བཅུའི་ཉམས་མྱོང་གཞིར་བཞག་ཐོག མ་འོངས་པར་ཆོས་ལུགས་ཆོས་བརྒྱུད་ཁག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་བར་ཕན་བདེ་ཀྱི་ལས་དོན་སྒྲུབ་ཕྱོགས་སྤྱི་དང༌། བྱེ་བྲག་འདས་པའི་ཆོས་ཚོགས་ཐེངས་དགུ་བའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ། འདི་ག་ཆོས་རིག་ལས་ཁུངས་དེ་ཆོས་རིག་ལྷན་ཚོགས་སུ་བསྒྱུར་རྒྱུའི་གྲོས་གཞི། བླ་མ་དང་སྤྲུལ་སྐུའི་ཡང་སྲིད་དངོས་འཛིན་གནང་ཕྱོགས་ཕྱག་བསྟར་གནང་ཐབས་སོགས་གལ་ཆེའི་གྲོས་གཞི་ཁག་གཏན་འབེབས་གནང་རྒྱུའི་གསོལ་འདེབས་སྙིང་ནས་ཞུ་རྒྱུ་ཡིན། ཞེས་གསུངས་སོང༌།

 

 

དེའི་རྗེས་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་ཆོས་རིག་ལས་ཁུངས་དེ་ཆོས་རིག་ལྷན་ཚོགས་སུ་བསྒྱུར་ན་འོས་ཚུལ་དང༌། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ལ་ཁ་གསལ་དོན་འཁྱོལ་གྱི་ཐག་གཅོད་གཏན་འབེབས་དང་ཁྱབ་བསྒྲགས་གནང་རྒྱུ། བོད་ཕྱི་ནང་དང་ལྷག་པར་དུ་རྒྱ་ནག དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་མིན་ཆོས་རྫུའི་བྱེད་སྤྱོད་མང་དུ་ཡོང་གིན་ཡོད་པ་དག་ལ་ཞིབ་འཇུག་དང་ཞི་དག་གནང་དགོས་པ་སོགས་བཀའ་ཤག་གི་རེ་འདུན་ཁག་སྙན་སྒྲོན་ཞུས་སོང༌།

 

ཐེངས་འདིར་བོད་གཞུང་ཆོ་རིག་ལས་ཁུངས་ཀྱིས་ཆོས་ཚོགས་ཐེངས་ ༡༠ སྟེང༌། གལ་ཆེའི་གྲོས་གཞི་དོན་ཚན་ ༩ ཆེད་དུ་གཏན་འབེབས་བྱས་ཡོད་པའི་ནང་བཀོད་དོན།

དང་པོ། སྔོན་མའི་ཆོས་ཚོགས་ཐེངས་ ༩ པའི་གྲོས་ཆོད་ལ་བསྐྱར་ཞིབ་དང་འབྲེལ་ལག་བསྟར་ཅི་གནང་༧གོང་ས་མཆོག་ལ་སྙན་སྒྲོན་ཞུ་རྒྱུ།

 

གཉིས་པ། ཆོས་ཚོགས་ཐེངས་ ༩ པའི་གྲོས་ཆོད་ནང་གསལ་བའི་དབང་ལྡན་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟིན་བྲིས་ལྟར། ཆོས་རིག་ལས་ཁུངས་ནས་ཐོག་མར་དགོན་སྡེ་ཁག་ལ་འགྲེམས་སྤེལ་ཞུས་ཏེ། དགོངས་འཆར་བསྡུ་རུབ་གནང་ཐོག དགོན་སྡེ་ཁག་ནས་དགོངས་འཆར་བྱུང་བ་རྣམས་ཆོས་རིག་ལས་ཁུངས་ནས་འབྲེལ་ཡོད་དོན་ཚན་སོ་སོར་ཕྱོགས་སྡོམ་བྱས་ཏེ། ཆོས་ཚོགས་ཐེངས་བཅུ་བར་འབུལ་རྒྱུ་གསལ་བ་ལྟར། ཕྱོགས་སྡོམ་རག་ཟིན་ཐོག་བཀའ་བསྡུར་ཐག་གཅོད་གནང་རྒྱུ།

 

གསུམ་པ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་དང༌། སྐུ་ཚབ་རྣམ་པས་ལྷན་ཚོགས་སུ་ཆོས་ལུགས་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཐོག་བཀའ་བསྡུར་དང༌། རྩ་འཛིན་ཡིག་ཆ་གཏན་འབེབས་གནང་བ་དེ་དག་ཡོངས་ཁྱབ་གསལ་བསྒྲགས་དང༌། ཕྱག་བསྟར་གནང་ཕྱོགས་དོན་དམ་ཡོང་ཐབས་སྐོར་བཀའ་བསྡུར་གནང་རྒྱུ།

 

བཞི་བ། ཆོས་ཚོགས་ཐེངས་ ༩ བའི་གྲོས་ཆོད་ནང་གསལ་ཆོས་ལུགས་ཆོས་བརྒྱུད་སོ་སོར་དགེ་བཤེས་སམ། མཁན་པོའི་མཚན་གནས་གཏན་འབེབས་གནང་ཕྱོགས་ཐད། ཆོས་ཚོགས་ཐེངས་བཅུ་པའི་བར་ཕར་འགྱངས་བྱས་པ་ལྟར། ཐེངས་འདིར་ཅི་དགེ་བཀའ་བསྡུར་གནང་རྒྱུ།

 

ལྔ་བ། དམ་སྲི་དོལ་རྒྱལ་སྐོར་གཙོ་བོ་༧གོང་ས་མཆོག་གི་དགོངས་གཞི་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། གདན་ས་གསུམ་གྱི་གྲོས་ཆོད་ནང་དོན་ལྟར་གདན་ས་གསུམ་གཙོས་པའི་ཆོས་སྡེ་ཁག་ནས་རང་དོན་རང་གཅེས་ཀྱིས་དེང་སྐབས་ལེགས་བཅོས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད་ཀྱང༌། སྤྱི་ཡོངས་ཀྱིས་ཀྱི་གནང་ཕྱོགས་དང༌། ལྷག་པར་དོལ་རྒྱལ་ཕྱོགས་གཏོགས་པས་བོད་ཀྱི་ཆོས་སྲིད་ལ་འགལ་རྐྱེན་དང༌། ༧གོང་ས་མཆོག་ལ་མཚན་སྨད་ཀྱི་བྱ་བ་སྣ་ཚོགས་སྤེལ་མུས་ཐད། ལས་དོན་ཅི་དགོས་བཀའ་བསྡུར་གནང་རྒྱུ།

 

དྲུག་པ། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་ཆོས་སྡེ་དང་ཆོས་ཚོགས་གྲྭ་བཙུན་སྒེར་བཅས་ནས། སྤྱི་ཚོགས་ནང་ཆོས་འཆད་སྤེལ་གཙོ་བོར་གྱུར་བའི་རོགས་ཕན་གནང་ཕྱོགས་ཅི་དགེའི་སྐོར།

 

བདུན་པ། བོད་ཀྱི་བླ་ཆེན་རྣམས་ཀྱིས་དབུས་བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་དགེ་འདུན་པ་ཡོངས་ནས་བོད་དོན་ཐོག་ཐུགས་འཁུར་སྔར་ལས་ལྷག་པ་གནང་ཕྱོགས་ཅི་དགེའི་སྐོར།

 

བརྒྱད་པ། ཆོས་ཚོགས་ཐེངས་ ༩ པའི་གྲོས་ཆོད་ནང་གསལ་ཇོ་ནང་ཆོས་འབྱུང་ལོ་རྒྱུས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུར་མང་མོས་བྱུང་ཞིང༌། ཚོགས་ཆུང་གི་ཚོགས་མིའི་ཐད་ཆོས་ལུགས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་བསྐོ་བཞག་གནང་རྒྱུ་གསལ་ཡང༌། ད་བར་ཚོགས་ཆུང་གི་ཚོགས་མི་ བསྐོ་བཞག་གནང་ཐུབ་མེད་སྟབས། འདིའི་ཐད་མཛད་ཕྱོགས་ཅི་དགར་བཀའ་བསྡུར་གནང་རྒྱུ།

 

དགུ་བ། གཞན་ཡང་གྲོས་གཞིར་མ་བཀོད་པ་སྐབས་མཚམས་དགོངས་འཆར་བྱུང་བ་ཁག་ཚོགས་གཙོའི་བཀའ་འཁྲོལ་དང་བསྟུན། བཀའ་བསྡུར་ཐག་གཅོད་གནང་འོས་གནང་རྒྱུ་བཅས་བཀོད་འདུག

 

གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཡིན།

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༡༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 14

  1. སྟག་སྨྱོན། says:
    ལོ་ 16 སྔོན།

    མཚན་སྙན་གྲགས་རྒྱས་པའི་བླ་སྤྲུལ་ཚོ།།
    ཁྲི་གྲུ་བཞིའི་སྟེང་ལ་བོད་མིས་བཞག།
    ཕྱག་དད་པ་བྱས་ནས་བསྟོད་པ་བྱས།།
    རྒྱུ་ནོམ་པ་ཕུལ་ནས་འབྱོར་ལྡན་བཟོས།།
    དྲིན་ཆེ་བའི་བོད་མི་གཉོམ་ཆུང་ཚོར།།།
    ལས་རྒྱུ་འབྲས་རྩིས་ནས་མགོན་སྐྱབས་མཛོད།།

    Reply
  2. ལྷ་་སྤྱན་གསུམ་པ says:
    ལོ་ 16 སྔོན།

    འདིར་སྟོབས་ཆེ་བ་དང་ངོ་ཆེ་བའི་ཆོས་བརྒྱུད་དག་གིས་འཚོགས་འདུ་ཞིག་འཚོགས་ཀྱིན་ཡོད། འོན་ཀྱང་ལོ་རྒྱུས་ཀྱི་ཕུ་ཐག་རིང་བའི་ནང་བའི་ཆོས་པ་ཇོ་ནང་པའི་མི་དག་ཚོགས་འདུར་མ་ཆུད་པ་མ་ཟད་ཟུར་ཉན་ཙམ་ཡང་དཀའ་ཡོད། ང་ཚོའི་གཞུང་གིས་ཀྱང་ཅི་ཡིན་མི་ཤེས་པའི་ས་སྐྱའི་མི་ངན་རེ་ཟུང་གི་ཧམ་བཤད་དང་དམའ་འབེབ་ལ་ཁ་གཡར་ནས་མཐོང་ཆུང་ཙམ་ལས་དྲང་བདེན་སྣང་མེད་དུ་བཞག་ཡོད། ཡིད་སྐྱོ་བ་ཞིག་ལ། ཡར་བོད་ནང་མ་ཐོན། མར་རྒྱ་ནང་མི་འདུག་པའི་གཞིས་ལུས་ཇོ་ནང་བ་ཁྲི་ཕྲག་མང་པོས་རང་སྲོག་མ་བསམ་པར་རྒྱ་དམར་ལ་རྒོལ་བཞིན་རང་ཉིད་བོད་པ་ཞིག་ཡིན་པ་བོད་གཞུང་ལ་སྟོན་ཀྱིན་ཡོད། ཡིན་ན་ཡང་དེ་དག་ལ་དམང་གཙོ་དོན་མཐུན་ཞིག་རྒྱ་བོད་གཉིས་ཀྱིས་སྤྲད་མེད། བོད་ཉེན་ཁའི་དུས་འདིར་མི་མཐུད་དུ་སྤྱི་ཚོགས་ངན་པའི་ལྟ་བ་དེ་དོར་ནས་འཆམ་མཐུན་ཡང་དག་པ་ཞིག་མེད་ན་རྒྱ་དམར་གྱི་དསམ་དོན་འགྲུབ་པ་ངེས་ཅན་རེད།།

    Reply
  3. ལྷ་་སྤྱན་གསུམ་པ says:
    ལོ་ 16 སྔོན།

    བསམ་འཆར་ནང་ལ་མི་འགྲོ་བ་ཅི་ཡིན།

    Reply
  4. བསེ་རུ། says:
    ལོ་ 16 སྔོན།

    གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས།

    རྒྱུན་གཏན་ནས་དུས་བབ་གསར་འགྱུར་ནང་དབྱངས་ཨི་ཡིག་དང་ཨུ་ཡིག་གཉིས་ཞུགས་པའི་བརྡ་ཆད་མི་ཉཱུང་བ་ཞིག་ཁ་སྐད་ལྟར་བྲིས་ཏེ་ཡིག་ནོར་ཡོང་བཞིན་འདུག་པས་ཁྱེད་ཀྱིས་དེའི་ཐོག་ཐུགས་གཟབ་གནང་རོགས།
    དཔེར་ན།
    གོང་གི་ཞུ་དག་ཅེས་འབྲི་དགོས་སར་
    ཞི་དག་བྲིས་པ་དེ་ནོར་བ་མ་ཡིན་ནམ།
    དེ་སྔོན་ནས་ཨུ་ཚུགས་ལ་ཨི་ཚུགས་དང་།
    ཨི་ཁུང་ལ་ཨུ་ཁུང་ལྟ་བུའི་རིགས་སྐད་གདངས་དབང་གིས་དག་ཆའི་ཐོག་ཤུགས་རྐྱེན་ཐེབས་ཏེ་ནོར་བཞིན་འདུག་པས་དེ་དོན་ཐུགས་ལ་འཇོག་རོགས།

    ད་དུང་མུ་མཐུད་འདི་ལྟར་བྲིས་ཐལ་ཤོར་ཚེ་ནམ་ཞིག་དབྱངས་ཨི་ཞུགས་དང་ཨཱུ་ཞུགས་རྣམས་ཀྱང་རང་བཙན་སླར་གསོའི་འབོད་སྒྲ་ཞིག་བསྒྲག་དགོས་པ་ཐུག་ངེས་ཡིན།
    འདི་ནི་གཞེན་སྐུལ་གྱི་ཚཱུལ་དུ་སྨྲས་པ་ལགས།

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    ལྷན་རྒྱས་བགྲོ་གླེང་ལྷུག་པོ་འདུག ཡིད་དགའ་བྱུང་། ཡིན་ནའི། བོད་དམག་གི་སྐོར་དེ་ཕལ་ཆེར་བདེ་སྲུང་བཀའ་བློན་ནས་སད་ཡིག་མ་བསྐྱོན་པ་ཡིན་ན་། ཏཱ་ལའི་བླ་མས་བསྐྱོན་ཐུབ་རྒྱུ་མ་རེད། རྒྱ་གར་དགའ་ཡི་མ་རེད། དེ་གཡུགས་ཞོག

    གཙོ་བོ་དེ་བོད་ཀྱི་བླ་སྤྲུལ་སྐོར་རེད། དོན་ལ་འདི་དག་ཁུར་བོ་ཞིག་ཀྱང་རེད། གང་ལྟར་སྤྲུལ་བ་ཡིན་ན་འདྲ་ཁུར་བོ་ཡིན་ན་འདྲ། དུས་བབ་ཀྱིས་དེད་ཡོང་བའི་ཐག་གཅོད་བྱེད་དགོས་པའི་གནད་དོན་ཆེ་ཤས་དེ་རེད། དེ་བས། དེང་ཕྱིན་ཇི་ལྟར་ངོས་འཛིན་བྱེད་ཀྱི་ཡིན་ནམ། གལ་སྲིད་བོད་ལ་གཏན་འཁེལ་མེད་ན་རྒྱ་གཞུང་གིས་ཐག་གི་བཅད་ཟིན་འདུག དེ་བས། ཐེངས་འདིར་བླ་སྤྲུལ་ཚོའི་ཀུན་སློང་ལ་ཡིག་རྕལ་གཏོང་གི་ཡོད་པར་མ་ཟད། ཁ་ཤས་ཀྱི་ཀུན་སློང་རྗེས་ལུས་སམ་རུལ་སུངས་ཡིན་ཡང་སྲིད་པས། གཞི་རིམ་མང་ཚོགས་ལ་དབྱེ་བ་འབྱེད་པའི་གོ་སྐབས་བཟང་བོ་ཞིག་ཀྱང་རེད།

    ཨམ་སྐད་ལྟར་བཤད་ན། ད་ལྟོས་ཡ།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ལྷ་ཆབ་པ་ལགས། རྒྱ་གར་དང་པ་ཀི་སི་ཐན་གཉིས་དམག་འཁྲུགས་སྐབས་བོད་དམག་འགྲོ་བར་བོད་ཀྱི་མཐོ་རིམ་མི་སྣ་སུ་ཞིག་གིས་མཚན་རྟགས་བརྒྱབ་ཡོད་མེད་ལ་ཞིབ་འཇུག་ཅིག་གྱིས་དང་ངས་རྫུན་བཤད་ཡོད་མེད་ཤེས་ནུས། ཉེ་སྔོན་སྐལ་རྒེར་དམག་འཁྲུགས་སྐབས་སུ་བོད་ཀྱི་མཐོ་རིམ་མི་སྣ་སུས་མཚན་རྟགས་བརྒྱབ་ཡོད་མེད་གོ་མྱོང་ངམ།

    Reply
  7. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱི་ཟེར་དོན་དམག་སྒར་ཨང་༢༢བའི་བོད་དམག་རྣམས་གྷར་རྒྱུད་སོགས་པ་ཀི་སི་ཐན་གྱི་ས་མཚམས་ཁག་ཏུ་ས་སྲུང་བར་བཞག་ཡོད་པར་གོ་བར་འདུག་ལ། འདི་བོད་གཞུང་བདེ་སྲུང་ལ་ཐད་གར་དབང་ཇུས་ཅང་ཡང་མེད་ནའང་། བདེ་སྲུང་གི་བྱ་བཞག་འདི་སྡོམ་ཁྲིམས་སྲུང་མཁན་ཞིག་གིས་སྒྲུབ་རྒྱུ་ཞིག་མ་ཡིན་སྟབས། རབ་ཡིན་ན་མི་དམངས་གིས་ཐེངས་རྗེས་མའི་བཀའ་ཁྲི་དེ་སྐྱ་བོ་ཞིག་འདེམས་རོགས་ཟེར་དོན་ཡང་དེ་ཡིན། ང་ཚོས་རྒྱ་གར་གྱི་ཡུལ་ཁྲིམས་སྒང་ལ་སེར་མོ་བ་ཞིག་གིས་དགེ་སློང་གི་ཁྲིམས་ཉིས་རྒྱ་རྩ་བཞི་ཅིག་སྲུང་དགོས་དུས། ཁོའི་འཇོན་ཐངས་ངོམས་ས་དང་ཡོན་ཏན་བཀོལ་ས་ཞིག་མི་འདུག་ལ། བླ་སྤྲུལ་ཞིག་སྲིད་ཀྱི་སྟེགས་བུར་བུད་ན་ལས་འཆར་དང་ནོར་འཁྲུལ་གང་ཞིག་ལ་མི་དམངས་ཀྱིས་བསམ་འཆར་དང་ཁ་རྡུང་ཕྲན་བུ་བཏང་ཡོང་དུས་གང་ཟགས་ཁོ་བོས་ཕ་རོལ་བའི་བསམ་ཚུལ་དང་ལེན་བྱེད་མིན་མ་ཤེས་གོང་ནས་ཁོ་བོ་ལྷ་དང་བྱང་ཆུབ་སེམས་དཔར་དག་སྣང་སྦྱངས་མཁན་གྱི་ཁོའི་སློབ་མ་ཡིན་དང་། ཁོའི་རྗེས་འཇུག་པ་ཡིན་ཟེར་མཁན་མང་བོ་ཞིག་ལ་ཕོགས་འགྲོ་སྟབས་མཐར་ཆོས་བརྒྱུད་ཕན་ཚུན་བར་ཡང་མཚམས་རེར་མཐོང་སྣང་མི་མཛེས་བ་རེ་འཆར་གྱི་ཡོད་སྟབས། ད་ལྟའི་ང་ཚོའི་ཆོས་ལུགས་པའི་མཐུན་འབྲེལ་འདི་ལ་ཚང་མས་སྲུང་སྐྱོབས་བྱ་འོས།

    Reply
  8. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། དངོས་གནས་ཁྱོད་ལ་སྤོབས་པ་ཆེན་པོ་འདུག ཝེ། ཁྱོད་ཀྱིས་དེ་འདྲའི་རྒྱུས་མེད་རྒྱུས་གཏམ་བཤད་པ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད། རྒྱུ་མཚན་ནི་པ་ཀི་སི་ཐན་སོགས་ལ་དམག་རྒྱག་པའི་དབང་དུ་བཏང་སྟེ་བོད་དམག་འགྲོ་དགོས་པ་བྱུང་ནའང་བདེ་སྲུང་བཀའ་བློན་གྱི་བཀའ་དགོས་པར་རྫུན་གཏན་བཤད་པ་དེ་ནི་དངོས་གནས་དགོད་བྲོ་བ་ཞིག་རེད། སྤྱིར་བདེ་སྲུང་དང་དམག་གཉིས་ཀྱི་དབུ་བྱེད་ཁ་ཁ་ཡིན་ལ་སོ་སོ་ཡིན། ལྷག་པར་དུ་བོད་གཞུང་རང་གི་ངོས་ནས་ད་དུང་དམག་གི་སྐོར་ནས་དེ་འདྲའི་བཀའ་སྒྲོག་པ་དང་དེང་ལེན་བྱེད་པ་དེ་འདྲའི་སྔོན་རྩིས་ཁོ་རང་ཡོད་པ་མ་རེད། གཞན་ང་ཚོའི་གཞུང་འདི་ཞི་བདེའི་གཞུང་ཞིག་ཡིན་ཙ་ན་དམག་གྲ་སྒྲིག་ལྟ་བུའི་སྔོན་རྩིས་གང་ཡང་མེད། འདིའི་སྐོར་དེ་ལྟར་བཤད་ན་རྒྱ་ནག་ལ་སྲི་ཞུ་སྒྲུབ་པ་མ་ཡིན་ནམ། བཙན་བྱོལ་བ་ཞིག་གི་ངོས་ནས་དམག་ཀྱང་དྲངས་རྒྱུ་ཡོད་པར་བརྗོད་ཕོད་དམ།

    Reply
  9. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། དངོས་གནས་ཁྱོད་ལ་སྤོབས་པ་ཆེན་པོ་འདུག ཝེ། ཁྱོད་ཀྱིས་དེ་འདྲའི་རྒྱུས་མེད་རྒྱུས་གཏམ་བཤད་པ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད། རྒྱུ་མཚན་ནི་པ་ཀི་སི་ཐན་སོགས་ལ་དམག་རྒྱག་པའི་དབང་དུ་བཏང་སྟེ་བོད་དམག་འགྲོ་དགོས་པ་བྱུང་ནའང་བདེ་སྲུང་བཀའ་བློན་གྱི་བཀའ་དགོས་པར་རྫུན་གཏན་བཤད་པ་དེ་ནི་དངོས་གནས་དགོད་བྲོ་བ་ཞིག་རེད། སྤྱིར་བདེ་སྲུང་དང་དམག་གཉིས་ཀྱི་དབུ་བྱེད་ཁ་ཁ་ཡིན་ལ་སོ་སོ་ཡིན། ལྷག་པར་དུ་བོད་གཞུང་རང་གི་ངོས་ནས་ད་དུང་དམག་གི་སྐོར་ནས་དེ་འདྲའི་བཀའ་སྒྲོག

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ངས་ཀྱང་དེ་འདྲ་བསམ་གྱིན་འདུག ཆོས་དོན་འདི་སེར་མོ་བ་ཤ་སྟག་ཡིན་ན་ཡག་པ་འདུག ཤེས་རིག་ལ་ཡང་སེར་མོ་བ་དེ་ཙམ་དགོས་པ་ཞིག་མ་རེད། ལས་ཁུངས་གཞན་དང་ལྷག་པར་ཡང་བདེ་སྲུང་ལ་སེར་མོ་བ་འཇོག་པ་འདི་ཐབས་སྡུག་རེད། རྒྱ་གར་དང་པ་ཀི་སི་ཐན་གཉིས་དམག་འཁྲུགས་ཐུག་ན་བོད་པའི་དམག་མི་གཏོང་གིན་ཡོད་པ་རེད། དེ་ལ་བདེ་སྲུང་བཀའ་བློན་གྱིས་མོས་མཐུན་ཡོད་པའི་མཚན་རྟགས་འགོད་དགོས་ཀྱིན་ཡོད་པ་རེད། དམག་འཁྲུགས་སྐབས་མི་བསད་རྒྱུ་ཉག་གཅིག་ཡིན་སྟབས་མཚན་རྟགས་འགོད་མཁན་དེ་སོར་སྡོམ་རྒྱུད་ལྡན་ཞིག་ཡིན་ན་སྡོམ་པ་ཤོར་ཟིན་པ་རེད། དམག་ལ་སོགས་པ་དོན་གཅིག་ལྟར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། ཞེས་གསུངས་ཡོད་པ་མ་རེད་དམ།

    Reply
  11. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    འདི་ང་ཚོའི་ཐོབ་དང་གོ་སར་དགའ་བའི་ཨ་ལགས་འགའ་གཡོ་དང་ཁྲམ་ལ་མཁས་བའི་ཆབ་སྲིད་པ་འགའི་ལག་རྡོར་ལྷུང་བ་རེད། སྐབས་དེ་དུས་ང་རང་བོད་ན་ཡོད་མོད། གོ་ཐོས་སུ་ཨ་ལགས་ཀིརྟི་ཆོས་དོན་བཀའ་བློན་ལ་འཚང་ནས་ཨ་ལགས་ཙ་ཡུས་བདེ་སྲུང་བཀའ་བློན་ལ་བརྫངས་བ་རེད་ཟེར། གང་ལྟར་ཆོས་དོན་དང་ཤེས་རིག་གཉིས་ལ་མ་གཏོགས་སེར་མོ་བ་ཞིག་མ་བཞག་ན་ལེགས་ཆ་འདུག

    Reply
  12. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    དེ་འདྲ་རེད་མོད་ང་ཚོས་ལས་ཀ་ལྡོག་ཕྱོགས་ནས་བྱས་ཏེ་སྔོན་ན་ཨ་ལགས་ཀིརྟིས་བདེ་སྲུང་བཀའ་བློན་བྱས་པ་དང་། ཉེ་སྔོན་ཡང་ཟམ་གདོང་སྤྲུལ་སྐུས་བདེ་སྲུང་གི་འགན་འཁུར་སོང་སྙམ། ཆོས་དོན་ལས་ཁུངས་ལ་སེར་མོ་བ་མང་ཙམ་འཇོག་དེ་ངས་ཀྱང་གལ་ཆེན་དུ་མཐོང་། ཆོས་དོན་བཀའ་བློན་ད་སྐབས་སུ་ཡིན་ནམ། འདི་ཚོའི་ཐད་ལ་ཡང་ལྟ་རྟོག་དང་བསམ་གཞིག་དགོས་པ་ཞིག་རེད།

    Reply
  13. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    གོང་གི་ཡིག་ནོར་༼བསྟན་པར་དགྲ་བྱུང་ན། སྟོན་པས་མདུང་འཛིན་ན།༽

    Reply
  14. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    འཛམ་གླིང་གི་ལོ་རྒྱུས་གང་དུའང་ཆོས་ལུགས་ཕན་ཚུན་བར་གཡུལ་མ་འགྱེལ་བའི་ལེའུ་ཞིག་དཀོན་ལ། ང་ཚོའི་བོད་ལ་ཡང་ལོ་ངོ་ལྔ་བཅུའི་ཡར་སྔོན་དུ་ད་དུང་ཆོས་བརྒྱུད་དང་གྲུབ་མཐའི་བར། བླ་བྲང་དང་ནང་ཆེན་བར་སྤུན་ཟླ་ནང་རྨས་དང་མི་གསོད་ཁྲག་སྦྱོར་བྱས། མཚམས་རེར་མི་ལ་ལ་ལྷ་ཡི་སྐུར་བཞེངས་ཏེ་རང་གི་ཕྱོགས་སུ་མི་གཏོགས་པའི་སྡེ་ལ་གཏོར་མ་མྱི་གཟུགས་ལྟ་བའི་རྩེ་བསྐོར་དེ་སྨོད་དང་མཐུ་བཏབས་ལ། མཚམས་རེར་༼བསྟན་པར་དགྲ་བྱུང་ན།སྟོན་པས་མདུན་འཛིན་ན།༽ཞེས་སེར་དམག་གི་དཔུང་དྲངས་ཡང་། ལོ་ལྔ་བཅུའི་རྗེས་ཀྱི་དེ་རིང་ང་ཚོ་སླར་ཡང་ཕ་མ་གཅིག་གི་བུ་ཕྲུག་དང་བླ་མ་གཅིག་སློབ་མར་འཛོམས་ཡོད། འདི་ནི་ང་ཚོའི་ཡར་རྒྱས་གྱི་དན་རྟགས་ཞིག་ཡིན་ལ་སྟོབས་ཤུགས་ཀྱི་གོང་བུ་ཞིག་ཡིན་པས། དུས་འདི་ནས་ཇི་སྲིད་ཀྱི་བར་དུ་ང་ཚོས་ཆོས་ལུགས་ཀྱི་དཔུང་སྡང་གཅིག་ཏུ་སྒྲིལ། མི་རིགས་ཀྱི་སྐྱིད་སྡུག་མཉམ་དུ་མྱངས་དགོས་ལ། ཆོས་རིགས་ལས་ཁུངས་སམ་ལྷན་ཁང་འདི་རྒྱ་བསྐྱེད་དེ་ལས་ཁུང་ཨ་མའི་འཛིན་སྐྱོང་ཁག་མ་གཏོགས་ལས་བྱེད་ནང་ཡང་སེར་མོ་བ་མང་ཙམ་འཇོག་འོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese