མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་སྟོད་སྒོ་མང་དགོན་གྱི་སྐད་འབོད།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༥ ཉིན་རྔ་པ་རྔ་སྟོད་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་དང་སེར་སྐྱ་མི་མང་ལྷན་འཛོམས་ཀྱིས། བོད་རྒྱ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུའི་ལོ་ནག་སྲུང་གཙི་བྱ་དགོས། བོད་མིར་ཞི་བདེ་དང་རང་དབང་དགོས། བོད་མི་རྩམ་གཟན་ཚང་མ་ལོངས་ཤོག ཅེས་སྐད་འབོད་བྱས་འདུག

 

ད་སོ་མ་རྒྱ་གར་ལྷོ་ཕྱོགས་སྒོ་མང་གྲྭ་ཚང་གི་གྲྭ་གསུང་རབ་རྒྱ་མཚོས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྤྱི་ཟླ ༣ པའི་ཚེས་ ༥ ཉིན་མདོ་སྨད་རྔ་པ་རྔ་སྟོད་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ ༢༠ ལྷག་གིས་སྣེ་ཁྲིད་འོག ཚོ་དྲུག་གྲོང་ཚོའི་མི་སྐྱ་སོགས་མི་གྲངས་ ༢༠༠ ལྷག་གིས་བོད་རྒྱ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུའི་ལོ་ནག་སྲུང་བརྩི་བྱ་དགོས། ང་ཚོ་ལ་ཞི་བདེ་དང་རང་དབང་དགོས། བོད་མི་རྩམ་གཟན་ཚང་མ་ཡར་ལོངས་ཤོག ཅེས་དགོན་པ་ནས་སྤྱི་ལེ་ ༢ ལྷག་གི་མཚམས་སུ་ཞི་བའི་སྐད་འབོད་བྱས་ཡོད་པ་དང༌། ཁོང་ཚོ་མུ་མཐུད་རྔ་པ་རྫོང་ཐོག་ལ་འགྲོ་རྩིས་བྱེད་སྐབས། དགེ་འདུན་པ་ཚོའི་ནང་མི་དང་ཕ་མ་གཉེན་ཉེ་ཚོས་ངུ་འབོད་བྱེད་བཞིན་བཀག་འགོག་བྱས་ཤིང༌། དེར་ཡོད་རྫོང་ཉེན་རྟོག་པ་དང་དམག་མི་མང་པོས་མཐའ་བསྐོར་ཏེ། གྲྭ་བ་ཚོ་བཙན་གྱིས་ཕྱིར་དགོན་པར་ལོག་གི་བཅུག་ཡོད་པ་དང༌། གྲྭ་ཏིང་འཛིན་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་འདུག ད་ལྟ་རྔ་སྟོད་སྒོ་མང་གྲྭ་ཚང་གི་ཕྱོགས་ཡོངས་སུ་དམག་མིས་བསྐོར་ཏེ་དམ་དྲག་བྱས་ཡོད་པ་མ་ཟད། དགེ་འདུན་པ་དང་མི་སྐྱ་ཚོ་དགོན་པའི་ནང་འགྲོ་འོང་བྱེད་པར་བཀག་སྡོམ་བྱས་འདུག་ཟེར།

 

རྒྱ་ནག་གི་གསར་ལམ་ཁག་ཅིག་ཏུ་ཉེ་ཆར་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དགེ་འདུན་པ་བཀྲ་བྷེ་ལགས་འཆི་སྐྱོན་བྱུང་མེད་པར་ད་ལྟ་གསོན་ཡོད་ཚུལ་བརྗོད་ཡོད་སྟབས། གནད་དོན་དེའི་སྐོར་གསར་འགོད་པས་ཁ་པར་བརྒྱུད་ཀིརྟི་དགོན་པའི་གྲྭ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། དྲ་ལམ་ཁག་ཅིག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། བཀྲ་བྷེ་ལགས་ད་ལྟ་གསོན་ཡོད་པ་མ་ཟད། ཉེ་ཆར་ཁོང་གི་ཕ་མ་གཉིས་ལ་སི་ཁྲོན་རྨར་ཁམས་དམག་མིས་སྨན་ཁང་ཞིག་ཏུ་སྐར་མ་ཁ་ཤས་རིང་ངོ་ཐུག་བཅུག་ཡོད་ཚུལ་དང༌། ད་ལྟ་སྨན་ཁང་དུ་ཆུ་འཐུང་ཐུབ་པ་དང་ཤིང་ཏོག་ཟ་ཐུབ་པའི་སྐོར་བརྗོད་འདུག གྲྭ་ཚེ་རིང་གི་མུ་མཐུད་དུ་བརྗོད་དོན། བཀྲ་བྷེ་ལགས་ཀྱི་ཕ་མ་གཉིས་ཁོང་ལ་ཐེངས་གཅིག་ཐུག་འཕྲད་བྱུང་ཡོད་པ་ཕལ་ཆེར་བདེན་པ་ཡིན་མོད། རྗེས་སུ་བསྐྱར་དུ་ཐུག་འཕྲད་བྱ་རྒྱུར་རྒྱ་གཞུང་གི་ཆོག་མཆན་ཐོབ་ཡོད་མི་འདུག འོན་ཀྱང༌། ཁོ་རང་མེར་བསྲེགས་བཏང་བའི་གནས་སྟངས་ལ་གཞིགས་ན། ཉིན་ཁ་ཤས་ལས་གསོན་ཐབས་བྲལ་བ་ཆགས་ཡོད། ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་ཀྱིན་མི་འདུག ཅེས་བརྗོད་བྱུང༌།

གསར་འགོད་པ་དོན་གོ་ཡིན།

    

 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༧ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

ཆུ་ཚོད་ ༡༢ སྔོན་ལ།
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

མཆན། 7

  1. གངས་བུ། says:
    ལོ་ 17 སྔོན།

    རང་སྲོག་འབེན་དུ་བཙུགས་ཟེར་བ་དང་རང་སྲོག་བློས་བཏང་ཟེར་བ་དེ་བོད་ནང་གི་རྒྱལ་ཞེན་པ་འདི་དག་རེད། བཙན་བྱོལ་དུ་གཞོན་ནུས་སྣེ་ཁྲིད་དེ་མ་ཤི་བར་དུ་ཟས་བཅད་ངོ་རྒོལ་ཞེས་རྫིག་ཉམས་རེ་སྟོན་པ་ལས་ད་ལྟ་པར་དུ་སུ་ཤི་ཡོད ། ད་དུང་བོད་ནང་དུ་ཞི་བའི་གོམ་བགྲོད་བྱེད་ཀྱིས་ཡིན་ཞེས་ཐ་ཚིག་རེ་བསྒྲགས་པ་ཚམ་ལས་ད་ལྟ་བར་དུ་སུ་བོད་ནང་ལ་གོམ་བགྲོད་བྱས་སླེབས་ཡོད། བཙན་བྱོལ་ནང་གི་ལས་འགུལ་ཕལ་ཆེར་མཐར་གཏུག་ན་དཔལ་འབྱོར་འདུ་འགོད་ཀྱི་སྲིད་ཇུས་ཁོ་ན་ཡིན། འེ་རེད།

    Reply
  2. ཡོན་བྷེ། says:
    ལོ་ 17 སྔོན།

    དངོས་གནས་བོད་ཀྱི་གནད་དོན་ཟེར་བ་ཞིག་ད་ལྟ་གོ་ཐོས་ཡོད་པ་འདི་རང་ལུས་དང་རང་སྲོག་བློས་གཏོང་བྱེད་མཁན་གཞིས་ལུས་བོད་མི་ཁོ་ཚོས་བཀའ་དྲིན་ཁོ་ན་རེད། འོན་ཀྱང་ང་ཚོ་བཙན་བྱོལ་བོད་པ་ཚོས་ག་རེ་འཇོན་ཡོད་པ་རེད། མི་ལོ་ལྔ་བཅུ་འགོར་བའི་དུས་དྲན་ལ་བོད་ནང་གི་བོད་མི་ཚོས་རང་སྲོག་བློས་གཏོང་བྱེད་ཀྱི་འདུག བཙན་བྱོལ་བ་ཚོས་ཁ་མཁས་ཀྱི་ཚིག་སྙན་པོ་རེ་བཤད་དེ་འཚོགས་འདུ་རེ་འཚོགས་རྒྱུ་ལས་ཅི་ཞིག་བྱེད་ཐུབ་ཡོད།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    བོད་ཅེས་པ་དེའི་སྲོག་རྩ་ཕྲ་མོ་དེ་མ་ཆད་པར་གནས་ཡོད་པ་ནི་རང་ཉིད་བློས་གཏོང་ནུས་པའི་སྐྱེས་བུ་དམ་པ་འདི་དག་གི་བཀའ་དྲིན་ཁོ་ན་ཡིན།

    Reply
  4. ཀླུ། says:
    ལོ་ 17 སྔོན།

    ཨོ་ཐུགས་རྗེ་ཆེ།འདི་མེ་བསྲེག་མ་བཏང་སྔོན་རེད་རྗེས་རེད།པར་ལ་བལྟས་ན་མེ་བསྲེག་ཐེབས་པ་མཐོང་གི་མི་འདུག།བཀྲ་བྷེ་ཡིན་ན་གནས་ཚུལ་གསར་བ་རེད་འདྲ་པར་རྩ་ཆེན་རེད།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ཨོ་་་ཁྱོད་བདེན། གོང་གི་འདྲ་པར་དེ་གཉིས་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས། རྒྱ་ནག་གི་ཉེན་རྟོག་པས་ཁོང་ལ་མེ་མདའ་ཐེངས་གསུམ་བརྒྱབས་ཏེ། ས་ལ་འགྱེད་ཡོད་པའི་སྐབས་ཀྱི་པར་རེད།

    Reply
  6. ཀླུ། says:
    ལོ་ 17 སྔོན།

    འདྲ་པར་འདི་དུས་ནམ་ཞིག་གི་རེད།འགྲེལ་བཤད་གསལ་བོ་ཞིག་བྱས་ན་གང་འདྲ་འདུག

    Reply
  7. གནས་ཚང་། says:
    ལོ་ 17 སྔོན།

    ཐུགས་རྗེ་ཆེ། ཁོང་རྣམ་པས་ཐུགས་རྗེ་ལ་བརྟེན་ནས་བོད་ཟེར་བ་ཞིག་ཤི་མེད་པ་གསལ་སྟོན་གནང་ཐུབ་ཀྱི་ཡོད་པ་རེད། དེ་མིན་ག་རེ་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese