མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྲ་རྒྱ་གཙོ་གཉེར་བ་འཛིན་བཟུང༌།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༢༦ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ཆུ་རྫོང་དངུལ་རྭ་ཞང་ཁུལ་སྐོར་སྡེ་བའི་གོ་བྷེ་ཚང་གི་དཀོན་མཆོག་ཚེ་འཕེལ་འབོད་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་མི་སྣས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་གིས་དེ་གའི་སྤྱི་བདེ་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་པ་དང༌། ཁོང་འཇུ་བཟུང་སྐབས་རང་ཁྱིམ་སྔོག་བཤེར་གྱིས་གློག་ཀླད་དང་དོགས་ཡོད་ཅ་དངོས་རིགས་འཕྲོག་འཁྱེར་བྱས་ཡོད་འདུག

 

 

ཁོང་ནི་ ༡༩༧༠ ལོར་སྐྱེས་ཤིང༌ཆུང་དུས་དངུལ་རྭ་ཞང་སློབ་ཆུང་ནས་རྨ་ཆུ་རྫོང་བོད་སློབ་འབྲིང་བར་བོད་རྒྱ་གཉིས་ལ་སློབ་གཉེར་བྱས། ༡༩༨༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྟེ་སུ་ཇཱ་སློབ་གྲྭར་ལོ་གསུམ་ཙམ་རིང་བོད་དབྱིན་གཉིས་སློབ་གཉེར་བྱས། ༡༩༩༤ ལོར་ཕྱིར་བོད་དུ་ལོག ༡༩༩༥ ལོའི་བོད་ཟླ་ ༣ པའི་ནང་ཀན་སུའུ་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིང་ཟེར་བས་ཆབ་སྲིད་ཀྱི་དོགས་གཞིའི་འོག་འཛིན་བཟུང་གིས་ཟླ་གཉིས་ལྷག་ལ་བཙོན་འཇུག་གིས་ཚ་འདྲི་དང་གཅར་རྡུང་བྱས། ༡༩༩༦ ལོར་ལོར་པེ་ཅིང་མི་རིགས་སློབ་ཆེན་དུ་རྒྱ་དབྱིན་གཉིས་སློབ་སྦྱོང་གནང་བ་དང༌། ༡༩༩༧ ལོར་ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཕྱི་གླིང་སྐད་ཡིག་སྡེ་ཁག་ཏུ་ལོ་གཉིས་རིང་ལ་དབྱིན་ཡིག་སློབ་སྦྱོང་གནང༌།

 

༡༩༩༩ ལོར་ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་ཏུ་བོད་ཀྱི་རིག་གནས་སྐོར་སློབ་སྦྱོང་གིས་སློབ་མཐར་ཕྱིན། དེ་རྗེས་རྨ་ཆུ་རྫོང་དངུལ་རྭ་ཞང་སློབ་ཆུང་གི་བོད་དགེའི་ལས་འགན་འཁུར་སྐབས་དཔེ་བཟང་ཅན་གྱི་དགེ་རྒན་ལ་བདམས་ཐོན་གྱིས་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ། ༢༠༠༤ ལོ་ནས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ལས་བསྒྱུར་གྱིས་རྫོང་སློབ་འབྲིང་གི་བོད་དབྱིན་གཉིས་ཀྱི་དགེ་རྒན་ཀྱི་ལས་ཀ་བྱས།

༢༠༠༥ ལོར་ན་གཞོན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་མཉམ་དུ་འགྲོ་གྲོན་སྒེར་གཏོང་གིས་མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བ་གསར་འཛུགས་བྱས་ཏེ། བོད་ཀྱི་རྩོམ་རིགས་བྱ་གཞག་དར་སྤེལ་གྱི་སྡིངས་ཆ་གསར་བསྐྲུན་ཐད་ཤུགས་སྣོན་བརྒྱབ། རྒྱ་གཞུང་གིས་ ༢༠༠༧  དང་ ༢༠༠༨ ལོ་གཉིས་ནང་དྲ་རྒྱ་བཀག་བསྡོམས་ཐེངས་ཁ་ཤས་བྱས་ཀྱང་དཀའ་ངལ་ལ་གདོང་ལེན་གྱིས་མུ་མཐུད་མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བའི་ལས་དོན་རྒྱུན་འཁྱོངས་གནང་བཞིན་ཡོད།

 

མཆན། 1

  1. ཡོན་བྷེ། says:
    ལོ་ 14 སྔོན།

    མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བ་དེ་ཧ་ཅང་ཡག་པོ་འདུག དེར་བརྟེན་ད་དུང་མུ་མཐུད་བསྟུན་ཤེས་བྱས་ཏེ་དྲ་བ་འདི་གཉེར་ཐུབ་ན་ཡག་པོ་འདུག འོན་ཀྱང་དཀའ་ལས་ཡོད་ལོས་ཤེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist