མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བགྲོ་གླེང་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༠༩/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པར་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་འོད་དཀར་ www.wokar.net དྲ་ཚིགས་ཀྱི་གོ་སྒྲིག་འོག ༼ བོད་ནང་གི་ཤེས་ཡོན་པའི་བསམ་བློ་དང་ང་ཚོའི་རྒྱབ་རྟེན། ༽ཞེས་པ་དང་ ༼ གསར་འགོད་པའི་རྒྱབ་རྟེན་འོག་བོད་དོན་འཐབ་རྩོད་བྱེད་ཕྱོགས། ༽ ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་པ་དང་། བགྲོ་གླེང་ཚོགས་འདུའི་སྟེང་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་སློབ་སྟོན་པ་ཟུར་བ་དང་བོད་རང་བཙན་འཐབ་རྩོད་པ་ཤིང་བཟའ་རིན་པོ་ཆེ་མཆོག་དང་། རྒྱལ་སྤྱིའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་བསྟན་འཛིན་རྡོ་རྗེ་གཉིས་ཕེབས་ཏེ། ཤིང་བཟའ་རིན་པོ་ཆེ་མཆོག་གིས་བོད་ནང་གི་ཤེས་ཡོན་པའི་བསམ་བློ་དང་ང་ཚོའི་རྒྱབ་རྟེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། བསྟན་འཛིན་རྡོ་རྗེས་གསར་འགོད་པའི་རྒྱབ་རྟེན་འོག་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།

 

བགྲོ་གླེང་ཚོགས་འདུ་དེའི་སྟེང་གཞིས་ཆགས་གསར་རྙིང་གཉིས་ཀྱི་གཞིས་མགོ་གཉིས་དང་གཞོན་ནུ། བུད་མེད། གཞིས་གྲོང་དང་དགོན་སྡེ་ཁག་གི་འགན་འཛིན། སེར་སྐྱ་མི་མང་བཅས་མི་ ༥༠༠ ལྷག་འདུ་འཛོམས་བྱུང་ཡོད།

ཉིན་དེར་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གསུངས་དོན། སྔོན་མར་བོད་ནང་གི་ཤེས་ཡོན་པ་ཚོས་ནང་བསྟན་ཆོས་ལུགས་ཀྱིས་བོད་མེད་པར་བཟོས་སོང་ཟེར་བ་ལས་བོད་དོན་ཐོག་སྐད་ཆ་བཤད་མཁན་ཉུང་ཉུང་ཡིན་ནའང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་། བོད་ནང་གི་ཤེས་ཡོན་པ་ཚོས་སོ་སོའི་མི་རིགས་ཀྱི་ཆེད་དུ་སྲོག་འབུལ་བ་དང་། མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་ཀྱི་ཡོད་པ་རེད། ང་རང་གི་ངོས་ནས་ཤེས་ཡོན་པ་གལ་ཆེན་པོར་བརྩི་གི་ཡོད་ལ། ཤེས་ཡོན་པས་འཛམ་གླིང་མི་མང་གི་མིག་མདུན་དུ་བོད་རིགས་མི་མང་གི་དཀའ་ངལ་གསལ་བོར་སྟོན་ཐུབ་ཀི་རེད། ཅེས་དང་།

༸གོང་ས་མཆོག་གི་བཀའ་དྲིན་འོག་བཙན་བྱོལ་དུ་ཡོད་པའི་ང་ཚོ་ལྷོད་ལྷོད་བྱས་བསྡད་ཡོད་ནའང་། ང་ཚོ་ཡོང་ས་དེ་བོད་རེད། འདིར་འཚར་ལོངས་བྱུང་བའི་གཞོན་སྐྱེས་དེ་ཚོ་ཡིན་ནའང་། ཁོང་ཚོའི་ཕ་མ་ཚོ་བོད་ནས་འདིར་སླེབས་པ་དེ་འདྲ་རེད། ང་ཚོའི་ལུང་པ་དེ་གང་འདྲ་ཆགས་ཡོད་པ་རེད་ཟེར་ན་སོ་སོའི་སེམས་ནང་གི་དད་པ་བྱེད་སའི་སྐྱབས་མགོན་གཅིག་པུར་ཡང་མིག་གི་མཐོང་ས་ནས་སྐུ་པར་རྡོག་བརྫིས་དང་མེར་སྲེག་གཏོང་གི་ཡོད་པ་རེད། དེར་བརྟེན་བོད་ནང་གི་ཤེས་ཡོན་པ་ཚོས་རྒྱ་ནག་ཁ་བྲལ་གཏོང་མཁན་དེ་རྒྱ་ནག་རང་ཉིད་རེད་ལ། ང་ཚོ་ཡར་སློང་མཁན་ཡང་རྒྱ་ནག་རང་ཉིད་རེད་ཅེས་བརྗོད་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད།

བསྟན་འཛིན་རྡོ་རྗེས་སྔོན་མ་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་དེ་ཚོས་ཕྱི་རྒྱལ་གྱི་སྐད་རྒྱག་ཤེས་པ་དེ་སྤོབས་པ་ལྟ་བུར་ངོས་འཛིན་གྱི་ཡོད་པ་རེད་ལ། མི་རིགས་གཞན་གྱི་སྐད་རྒྱག་པར་ཚེར་སྣང་ཡང་ཡོད་པ་མ་རེད། ཡིན་ནའང་། དེང་སྐབས་དེ་ལ་འགྱུར་ལྡོག་ཕྱིན་ཏེ་བོད་མི་རིགས་རང་ཉིད་ཀྱི་སྐད་ཡིག་མ་ཤེས་ན་ངོ་ཚ་བྱེད་ཀྱིན་ཡོད་པ་དང་། ཐབས་ཤེས་གང་ཡོད་བཏོན་ནས་བོད་ནང་དུ་སོང་སྟེ་བོད་སྐད་ཐོག་ཉམས་ཞིབ་བྱེད་པ་དང་། བཙན་བྱོལ་དུ་ཡོད་པའི་སློབ་གྲྭ་ཁག་ཏུ་སོང་ནས་རང་གི་སྐད་ཡིག་ལ་སྦྱང་བརྩོན་བྱེད་ཀྱིན་ཡོད་པ་རེད། ཅེས་དང་། དེ་བཞིན་སྔོན་མར་ཕྱི་རྒྱལ་གྱི་གསར་འགོད་པ་ཚང་མས་ཨེ་རག་དང་ཁ་ཆེ་རྒྱལ་ཁབ་ཁག་ལ་མ་གཏོགས་བོད་དོན་ཐོག་དེ་ཙམ་དོ་སྣང་བྱེད་ཀྱིན་མེད་ནའང་། འགྱུར་ལྡོག་ཤུགས་ཆེ་ཤོས་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་བྱུང་བ་ནས་ཕྱིན་ཏེ།  བོད་དོན་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་ཤུགས་ཆེར་སོང་ཡོད་ལ། ལོ་སྔོན་མ་ནས་བཟུང་གསར་འགོད་པ་ཚང་མ་བོད་ནང་འགྲོ་རྒྱུར་འཚང་ཁ་རྒྱག་གི་ཡོད་ནའང་། རྒྱ་ནག་གཞུང་གིས་ཕྱི་གླིང་བ་དང་གསར་འགོད་པ་བོད་ནས་མར་ཕུད་མ་ཐུབ་པར་དཀའ་ངལ་འཕྲད་ཀྱིན་ཡོད་འདུག

ད་ལོ་ལྟ་བུར་མཚོན་ན་བོད་མི་ཚོས་ལོ་གསར་མ་བཏང་བར་ཁུ་སིམ་མེར་བསྡད་ནའང་གནས་ཚུལ་དེ་འཛམ་གླིང་སྟེང་ཤེས་ཐུབ་ཡོད་པ་རེད་ཅེས་བརྗོད་ཡོད་ལ། ལས་འགུལ་གང་འདྲ་ཞིག་སྤེལ་ནའང་། གསར་འགོད་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེ་སླེབས་ཐུབ་པ་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 2

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཆད་འདུག
    བགྲོ་གླེང་གནང་
    སྐྱོང་བ་དག་ལ་

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བགྲོ་གླེང་འདི་འདྲ་མུ་མཐུད་དུ་བོད་མི་གནས་ཡུལ་གྱི་གཞིས་ཆགས་གང་སར་ཕེབས་ནས་བགྲོ་གནང་བ་གཅིག་བུ་མ་ཡིན་པར་མི་མང་ཁྲོད་དུ་དྲི་བ་དྲི་ལན་ཡང་ཡོད་པ་ཞིག་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་ཡོད་ས་རེད། དམིགས་གསལ་གྱིས་ལས་འགུལ་འདི་ཉིད་ནི་གཞོན་སྐྱེས་ཀྱི་ལས་འགུལ་དང་གཞོན་སྐྱེས་ཀྱི་བསམ་བློའི་ནུས་པ་གང་སྤེལ་དང་གཞོན་སྐྱེས་ཀྱི་དུས་རབས་ཤིག་ལ་འགྱུར་ཐུབ་པ་ཡིན་ན་ནི་དངོས་ནས་ཡག་པོ་འདུག བགྲོ་གླེང་འདི་ཉིད་ཀྱི་གཙོ་སྐྱོང་བ་དག་སེམས་གཏིང་ནས་དཀའ་དྲིན་ཆེ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese