མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ན་ཡུན་རིང་མ་མཐོང་བའི་རྒྱལ་གཅེས་དཔའ་བོ་ཞིག

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྔར་ལོའི་བོད་ནང་གི་དོན་རྐྱེན་ཁྲོད་ལྷ་སའི་ཆ་འཕྲིན་ལག་ཁྱེར་ཁ་པར་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། བོད་རིགས་ན་གཞོན་ལས་བྱེད་བསྟན་དར་ལགས་ལ། མ་ཉེས་ཁ་ཡོག་གི་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སུ་སོང་ཡོད་འདུག

 

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་དང་དྭགས་པོ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ཀྱིས་སྔར་ལོའི་གསུམ་བཅུའི་དུས་དྲན་ནས་ད་ལྟའི་བར་གྱི་བོད་ནང་གི་གནས་སྟངས་ཕྱོགས་བསྡོམས་ངོ་སྤྲོད་དང་འབྲེལ་རྒྱལ་གཅེས་དཔའ་བོ་བསྟན་དར་ལགས་ལ་རྒྱ་དམག་གིས་མེ་མདའ་བརྒྱབས་ཏེ། རྨས་རྐྱོན་ཚབས་ཆེན་འོག་འདས་གྲོངས་སུ་སོང་བའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་སོང༌། སྐབས་དེར་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་ཡིག་ཐོག་གནས་ཚུལ་སྒྲོག་སྦྱོང་གནང་དོན། ན་ནིང་གསུམ་བཅུའི་དུས་དྲན་ནས་ད་བར་བོད་ཀྱི་ས་ཁུལ་ཡོངས་སུ་ཞི་བའི་མི་དམངས་སྒེར་ལངས་བྱུང་བའི་དོན་རྐྱེན་ཁྲོད། བོད་མི་བསད་པ་དང་བཟུང་བ། བོར་བ་དང་རྨས་བ་བཅས་ཀྱི་གནས་ཚུལ་རག་བསྡུས་ལྟར་ན། ད་བར་མི་ ༢༢༠ འདས་གྲོངས་སུ་སོང་ཡོད་ལ། དེ་ལས་མི་ ༡༠༧ ཙམ་གྱི་མིང་དང་ལོ་རྒྱུས་ཆ་ཚང་རག་ཡོད། མི་ ༡༡༣ ཙམ་ད་དུང་ངོ་རྟགས་ཆོད་མེད། གང་ཡིན་ཟེར་ན། ལྷ་ས་བོད་ཀྱི་རྒྱལ་ས་ཡིན་སྟབས། བོད་ཀྱི་ས་ཁུལ་ཡོངས་ནས་གནས་སྐོར་བ་དང་སློབ་གཉེར་བ། ཚོང་བ་སོགས་མང་པོ་ཡོད་སྟབས་བརྩད་ཆོད་ཁག་པོ་ཆགས་འདུག ཟླ་ ༣ པའི་ཚེས་ ༡༤ ནས་ ༡༧ བར་ལྷ་ས་ཉེན་རྟོག་ལས་ཁུངས་ཀྱི་འཁྲིས་སུ་སྐུ་ཕུང་མང་པོ་བཞག་ཡོད་པ་དང༌། ལྷ་ས་སྟོད་ལུང་བདེ་ཆེན་དུ་སྐུ་ཕུང་ ༨༣ ཙམ་མེར་བསྲེགས་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད། དེ་བཞིན་ཨ་མདོ་རྔ་བ་ཁུལ་དུ་མི་ ༢༣ ཙམ་བསད་ཡོད་པ་ལས་མི་ ༡༠ མ་གཏོགས་ངོ་རྟགས་ཆོད་མེད། ད་བར་མི་ ༡༠༠༠ ཙམ་བོར་བརླག་ཏུ་སོང་བ་ལས་མང་ཆེ་བ་འདས་གྲོངས་སུ་སོང་བར་ང་ཚོས་ངོས་འཛིན་བྱེད་ཆོག་པ་རེད། ཅེས་བརྗོད་སོང༌།

 

ཁོང་གིས་མུ་མཐུད་དུ་རྒྱལ་གཅེས་དཔའ་བོ་བསྟན་དར་ལགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་དོན། སྔ་ལོའི་ཕྱི་ཟླ་ ༣ པར་ལྷ་སར་བོད་མི་ཚོའི་ཞི་བའི་སྒེར་ལངས་སྐབས། ལྷ་ས་ནུབ་ཕྱོགས་སུ་ཡོད་པའི་ཆ་འཕྲིན་ལག་ཁྱེར་ཁ་པར་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། བོད་རིགས་ལས་བྱེད་བསྟན་དར་ལགས། ཕྱི་ཚེས་ ༡༤ ཉིན་གྱི་ཉིན་རྒྱབ་ཙམ་ལ་ལས་ཁུངས་སུ་སྐྱོད་སྐབས། པེ་ཅིན་ནུབ་ལམ་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཉེན་རྟོག་རུ་ཆེན་གྱི་ཉེ་འགྲམ་དུ། དྲག་ཆས་དམག་མི་ལྔ་དྲུག་ཅིག་གིས་དགེ་འདུན་པ་ཞིག་ལ་ཉེས་རྡུང་ཚད་མེད་གཏོང་གིན་ཡོད་པ་མཐོང་སྟེ། ཁོང་གི་སེམས་ཀྱིས་མ་བཟོད་པར་ཉེས་རྡུང་དེ་འདྲ་མ་གཏོང་རོགས་ཞེས་བརྗོད་ཡོད་སྟབས། དྲག་ཆས་དམག་མིས་བོད་རིགས་ལས་བྱེད་བསྟན་དར་ལ་ཉེས་རྡུང་བཏང་བ་དང༌། མེ་མདའ་ཐེངས་གཉིས་ལ་བརྒྱབས་པ་སྟོད་སྒལ་དང་རྩིབ་མའི་མཚམས་སུ་ཕོག་ཡོད་འདུག

 

བསྟན་དར་དྲན་པ་འཐོར་རྗེས་དམག་མི་ཚོས་སེ་རྭ་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་བོད་དམག་ཁུལ་ཁང་གི་སྨན་ཁང་དུ་འཁྲིད་ཡོད་སྟབས། དེ་གར་སྨན་བཅོས་ཀྱི་མཐུན་རྐྱེན་ཐོབ་རྒྱུ་ཕར་ཞོག མེ་མདའ་ཕོག་ཤུལ་གྱི་རྨ་ཁར་རྡོག་ཐོ་རྒྱག་པ་དང་ལུས་ལ་ཐ་མག་གི་མེ་ཚགས་བཙུགས་པ། གློག་རྒྱུགས་བཞུས་པ་སོགས་མནར་གཅོད་ཚད་མེད་བཏང་སྟེ། ལུས་ཡོངས་སུ་རྨ་ཁ་བཟོས་ཡོད་པ་དང་རྐང་པ་གཡས་པའི་མཐིལ་དུ་ལྕགས་གཟེར་ཡང་བཙུགས་ཡོད་འདུག སྐབས་དེར་ཁོང་གི་ནང་མི་ཚོས་འཚོལ་ཞིབ་བྱས་ཏེ་ལྗོངས་སྤྱི་ཁྱབ་སྨན་ཁང་དུ་ཡོད་པ་ཤེས་ཏེ། སྨན་ཁང་དུ་ཡོང་ནས་བསྟན་དར་ཁྱིམ་དུ་ཁྲིད་ཆོག་པའི་རེ་བ་ཡང་ཡང་ཞུས་ཀྱང་དོན་འབྲས་སོན་མེད། སྤྱི་ཟླ་ ༤ ཚེས་ཤར་ཙམ་ལ་ལྗོངས་མི་དམངས་སྨན་ཁང་དུ་སྨན་བཅོས་བྱ་མགོ་བཙུགས། སྐབས་དེར་སྨན་པ་དང་སྨན་གཡོག་ཚོས་བསྟན་དར་ལགས་ཀྱི་ལུས་སྟེང་མེ་མདའི་རྨ་ཁ་དང༌། ཉེས་རྡུང་ཚད་མེད་ཕོག་པའི་རྨ་ཤུལ་རྣམས་མཐོང་སྟེ་ཧ་ལས་ཡོད་འདུག 

 

ལྗོངས་སྤྱི་ཁྱབ་སྨན་ཁང་དུ་སྡོད་རིང་སྨན་བཅོས་ཚུལ་བཞིན་བྱས་མེད་པའི་ཁར། རྨ་སྟེང་དུ་འགྱིག་ཤོག་གཡོག་པ་སོགས་བྱས་ཡོད་སྟབས། དཔྱི་མགོ་དང་རྐུབ་ཀྱི་གཡོན་ངོས་ཀྱི་རྨ་ཁའི་ཤ་ཡོངས་སུ་རུལ་ཡོད་པའི་གནས་སྟངས། བརྙན་འཕྲིན་འོད་སྡེར་ནང་གསལ་བོར་ཕབ་ཡོད། རྗེས་སུ་ནང་མིར་རྩིས་སྤྲོད་བྱས་ཏེ་ལྗོངས་མི་དམངས་སྨན་ཁང་ནས་སྨན་བཅོས་སྐབས། ཁོང་གི་ལུས་སྟེང་ནས་ཤ་རུལ་བ་རྒྱ་མ་ ༥ ཙམ་བཀོག་དགོས་པ་བྱུང་ཡོད། ནང་མིས་འགྲོ་སོང་ཕོན་ཆེན་བཏང་སྟེ་སྨན་བཅོས་གང་ཡོང་བྱས་ཀྱང༌། ཕན་འབྲས་མ་བྱུང་བར་ཟླ་ ༦ ཚེས་ ༡༩ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ བའི་ཐོག་རང་ཁྱིམ་དུ་འདས་གྲོངས་སུ་སོང་ཡོད་འདུག

 

རྒྱལ་གཅེས་དཔའ་བོ་བསྟན་དར་ལགས་ནི། སྤྱི་ལོ་ ༡༩༧༩ ལོར་ལྷ་སར་སྐྱེས་ཤིང༌། རྒྱ་ནག་ཟི་ཁྲོན་ཁུལ་དུ་སློབ་སྦྱོང་ཐོན་རྗེས་ཀྲུང་གོ་མི་དམངས་དངུལ་ཁང་དུ་ཕྱག་ལས་གནང་ཞིང༌། དེ་ནས་ཡུན་རིང་མ་འགོར་བར་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་ཆ་འཕྲིན་ལག་ཁྱེར་ཁ་པར་ལས་ཁུངས་སུ་སྤར་ཏེ། ལས་ཁུངས་དེའི་འགན་འཛིན་གཞོན་པའི་ལས་འགན་འཁུར་ཡོད་འདུག བསྟན་དར་གྱི་ནང་མིའི་ལོ་རྒྱུས་ཁ་གསལ་ཤེས་རྟོགས་ཐུབ་མེད་ཀྱང༌། ཁོང་གི་ཕ་མ་གཉིས་ད་ལྟ་ལྷ་སར་བསྡད་ཡོད་པའི་གནས་ཚུལ་འདུག ཅེས་གསུངས་སོང༌།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༦ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

མཆན། 2

  1. འཁྱམས་པོ། says:
    ལོ་ 17 སྔོན།

    དེ་དེ་བཞིན་དུ་བགྱིའོ།
    འོན་ཀྱང་ད་དུང་དེར་ལམ་ཐག་ཅུང་རིང་པོ་རྒྱུད་དགོས་པ་འདྲ།
    རྒྱ་སྤྲང་དེ་ཚོར་བོད་པ་གསོད་རྒྱུ་ལས་ཤིག་གསོད་རྒྱུར་བཞེད་སྣང་ཆེ་བ་འདྲ།
    ནམ་ཞིག་ཁོང་ཚོར་འབྲས་བུ་སྨིན་ཡོང་།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲིན་ཆེན་ཕ་མ་དེ་གཉིས་ལ་དམིགས་གསལ་གྱིས་སྙིང་མ་རྗེ། སྐྱབས་བསླུ་མེད་ཡིན་བཞིན་ནོར་བུ་ལགས། མི་ཉེས་མེད་གངས་ཅན་བོད་པ་འདི་ཚང་གི་ལས་དབང་ལ་འགྱུར་བ་ཞིག་འགྲོ་གྲབས་ཡོད་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese