མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱན་འཛུགས་ཤོ་རྒྱག

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་བོད་ནང་གི་འབྲོག་ཕྱོགས་སུ་རྒྱན་འཛུགས་ཤོ་རྒྱག་གི་གནས་སྟངས་ཚབས་ཆེན་ཆགས་ཏེ། འཚོ་བའི་གནས་སྟངས་སྐྱོ་བོ་ཆགས་ཤིང་བུ་ཕྲུག་སློབ་གྲྭར་སྐྱེལ་མ་ཐུབ་པ་དང༌། བཟའ་ཐོར་རྒྱག་པ། ཐ་ན་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཡང་ཡོང་གིན་འདུག་ཟེར།

 

 

ཕ་ཡུལ་རྨ་ལྷོ་སོག་རྫོང་ནས་ཡིན་ཞིང༌། ད་ལྟ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་ཁང་ཚན་དུ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་འཇིགས་མེད་ལགས་ཉེ་ཆར་འདི་གའི་གསར་ཁང་ལ་ཆེད་དུ་བཅར་ཏེ། ཁོའི་ཕ་ཡུལ་སོག་རྫོང་གཙོས་པའི་བོད་ཀྱི་ས་ཆ་ཁག་ཏུ་རྒྱན་འཛུགས་ཤོ་རྒྱག་གི་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་པ་དང༌། གནད་དོན་འདིའི་ཐད་རང་དབང་ལུང་པའི་བླ་སྤྲུལ་དང་གནད་ཡོད་མི་སྣ་ཚོས་བཀའ་སློབ་ལམ་སྟོན་གནང་གལ་ཆེན་ཚུལ་བརྗོད་དོན། ད་ལྟ་བོད་ཀྱི་ས་ཆ་གང་སར་རྒྱན་འཛུགས་ཤོ་རྒྱག་གི་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པ་མ་ཟད། ལྷག་པར་དུ་ངའི་ཕ་ཡུལ་རྨ་ལྷོ་སོག་རྫོང་ལྟ་བུར་མཚོན་ན། ཁུལ་དང་རྫོང་སོགས་སུ་ཇ་ཁང་གི་མིང་ཐོག་ནས་རྒྱན་འཛུགས་ཁང་མང་པོ་ཕྱེས་ཏེ། ས་གནས་འབྲོག་པ་མང་ཚོགས་ལ་དཀའ་ངལ་ཤུགས་ཆེན་འཕྲད་ཀྱིན་འདུག་ཟེར། མང་ཚོགས་ཀྱིས་བརྩི་བཀུར་དང་ཆེ་མཐོང་ཡོད་པའི་མི་སྣ་དང༌། མང་ཚོགས་ལ་སློབ་གསོ་ལམ་སྟོན་གནང་མཁན་མེད་པའི་ཁར། རྒྱ་གཞུང་གིས་ཀྱང་རྐང་བཙུགས་ཏེ་སྤྱི་ཚོགས་རུལ་སུངས་ལ་གྱུར་དུ་བཅུག་སྟེ། རྒྱན་འཛུགས་ཤོ་རྒྱག་གི་གནས་སྟངས་ཚབས་ཆགས་འདུག ཁྱིམ་ཚང་ལ་དཔལ་འབྱོར་གྱི་གྱོང་གུད་རྒྱག་གིན་ཡོད་པ་མ་ཟད། བུ་ཕྲུག་སློབ་གྲྭར་སྐྱེལ་མ་ཐུབ་པར་འཕྲོ་རླག་ཏུ་འགྲོ་བཞིན་འདུག་ལ། བཟའ་ཐོར་གྱི་གནས་ཚུལ་ཡང་མང་པོ་ཡོང་གིན་འདུག ད་དུང་སྡེ་བ་དང་ཁྱིམ་ཚང༌། གྲོགས་ཕན་ཚུན་བར་ལ་མཁོན་འཛིང་དང༌། ཐ་ན་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཡང་ཡོང་གིན་འདུག

 

ཐོག་མར་ནོར་ལུག་འཚོ་མཁན་ཚོས་རྩེད་མོའི་ཚུལ་དུ་དངུལ་ཉུང་ངུ་རེ་འཇོག་པ་དང་རིམ་གྱིས་ཕྱུགས་ཟོག་རྒྱན་ལ་འཇོག་པ། དེ་ལྟར་ཤུགས་ཆེ་རུ་ཕྱིན་ཏེ་ཁྱིམ་ཚང་དང་བཟའ་ཟླ་བུ་ཕྲུག་སོགས་ཀྱང་འཇོག་གིན་འདུག་ཟེར། གཞོན་སྐྱེས་ཚོ་རྫོང་དང་ཁུལ། ཟི་ལིང་གྲོང་ཁྱེར་སོགས་སུ་སོང་སྟེ་རྒྱན་འཛུགས་ཀྱིན་ཡོད་པ་དང༌། ཉེ་ཆར་རྒྱན་འཛུགས་མཁན་ཞིག་གིས་བཤད་པ་ལྟར་ན། ལོ་འདི་འགར་རྒྱན་བཙུགས་ཏེ། རྒྱ་སྒོར་ཁྲི་བརྒྱ་ ༡༠༠༠༠༠༠ ལྷག་ཤོར་ཚར་སོང༌། གལ་སྲིད་རྒྱ་སྒོར་ཁྲི་ཉིས་བརྒྱ་ ༢༠༠༠༠༠༠ ཤོར་བ་ཡིན་ན། རྒྱན་གཅོད་རྒྱུ་ཟེར་གྱིན་འདུག་ཟེར། དངུལ་འབོར་དེ་འདྲ་ཤོར་གྱིན་ཡོད་པ་ཁོ་གཅིག་པུ་མ་རེད་གཞན་མང་དག་ཅིག་ཡོད། རྨ་ལྷོ་སོག་རྫོང་ཁེའུ་སིན་ཞིང་བེ་སིའི་སྡེ་བའི་ཚེ་རིང་ཟེར་བ་ཞིག་གིས་རྒྱན་བཙུགས་ཏེ། དངུལ་ཡོངས་རྫོགས་ཤོར་བ་མ་ཟད་མཐར་ཁང་པ་ཤོར་ཏེ། ད་ལྟ་གར་སོང་ཆ་མེད་ཆགས་འདུག་ཟེར། རྒྱན་འཛུགས་ཀྱི་དཀའ་ངལ་དེ་རྨ་ལྷོ་སོག་རྫོང་གཅིག་པུ་མ་རེད། ལྷ་ས་གཙོས་པའི་བོད་ཁུལ་ཡོངས་དང༌།

ལྷག་པར་དུ་འབྲོག་ཕྱོགས་སུ་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་འདུག

 

དེང་སྐབས་རྨ་ལྷོ་ཁུལ་དང་སོག་རྫོང་གི་རྒྱན་འཛུགས་ཁང་ཆེ་ཁག་ཏུ་ཉུང་མཐར་རྒྱ་སྒོར་ཁྲི་གཅིག་མེད་ན་ཡོང་ཆོག་གིན་མི་འདུག་ཟེར། ཟི་ལིང་གྲོང་ཁྱེར་ལ་མཚོན་ན་སྔར་བོད་རིགས་ཉུང་ལ། ལྷག་པར་དུ་རྨ་ལྷོ་སོག་རྫོང་གི་འབྲོག་པ་ཉུང་མོད། དེང་སྐབས་རྨ་ལྷོ་སོག་རྫོག་གི་རྒྱན་འཛུགས་མཁན་མང་པོ་སླེབས་འདུག་ཟེར། སྔོན་མ་ཡིན་ན་ཁྱིམ་ཚང་གང་ཞིག་ལ་མི་ཤི་གོད་ཆག་གི་དོན་རྐྱེན་བྱུང་ན། སྡེ་བ་འཚོ་བས་ལྟ་སྐྱོང་དང་རོགས་རམ་བྱེད་སྲོལ་ཡོད་མོད། རྒྱན་འཛུགས་ཤོ་རྒྱག་གིས་ཁྱིམ་ཚང་སྟོང་བ་ཆགས་ན། སྡེ་བ་འཚོ་བའི་རོགས་རམ་ཕར་ཟད། ཐ་ན་གཉེན་ཉེ་དང་གྲོགས་པོ་ཚོས་ཀྱང་ཁ་ཡ་བྱེད་ཀྱིན་མི་འདུག་ཟེར། གོ་ཐོས་ལྟར་ན། དཀའ་ངལ་དེས་དབང་གིས་ཁྱིམ་ཚང་ཞིག་གི་བུ་མོ་མནའ་མར་སྟེར་སྐབས། བུ་མོའི་ཕ་མས་མག་པ་རྒྱན་འཛུགས་མཁན་ཡིན་མིན་བརྩད་གཅོད་བྱེད་པ་དང༌། བུ་མོས་ཀྱང་སོ་སོའི་ཁྱོ་ག་ཤོ་རྒྱག་མཁན་ཞིག་མིན་པའི་སྨོན་ལམ་རྒྱག་གིན་འདུག་ཟེར། གནད་དོན་དེར་དམིགས་ཏེ། རང་དབང་ལུང་པར་ཡོད་པའི་བླ་སྤྲུལ་ཚོས་ཆེད་དུ་གསར་འགྱུར་བརྒྱུད་ལམ་བེད་སྤྱད་དེ།

 

བཀའ་སློབ་ལམ་སྟོན་ཁ་གསལ་ཞིག་གནང་རྒྱུ་གལ་ཆེན་རེད།

དེ་བཞིན། ཉེ་ཆར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་གཞིས་ཆགས་སུ་གཞིས་མགོ་གསར་བ་ཞིག་སླེབས་འདུག་ལ། ཁོང་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་འདུག གང་ཡིན་ཟེར་ན། སྔོན་མ་མོན་གྷོ་གཞིས་ཆགས་ནང་ཆང་ཁང་རེ་ཟུང་དང༌། རྒྱན་འཛུགས་ས་ཁྱིམ་ཚང་གཉིས་ཡོད། གཞིས་མགོ་གསར་བས་དེ་དག་བཀག་འགོག་བྱས་ཤིང་དངུལ་ཆད་བཅད་ཡོད་ལ། མ་འོངས་པར་གྲོང་སྡེ་གང་ཞིག་ཏུ་རྒྱན་འཛུགས་མཁན་བྱུང་ན། བརྒྱ་དཔོན་བཅུ་དཔོན། མི་ཚང་དང་བཅས་ལ་དངུལ་ཆད་གཅོད་རྒྱུ་ཐག་གཏོད་བྱས་ཡོད། དེ་ཚོ་ཧ་ཅང་ཡག་པོ་རེད། གོ་ཐོས་སུ་ངྷ་རམ་ས་ལར་ཡང་རྒྱན་འཛུགས་ཁང་འགའ་རེ་ཡོད་རབས་འདུག རྒྱན་འཛུགས་ཤོ་རྒྱག་རྩ་མེད་བཟོ་བ་དེ་ཆོས་དང་འཇིག་རྟེན། རྒྱལ་སྤྱིའི་ཁྲིམས་ཚང་མར་མཐུན་པ་ཞིག་རེད། འདི་དག་ལ་ངེས་པར་དུ་བོད་གཞུང་གི་ངོས་ནས་ཐུགས་སྣང་བཞེས་དགོས་ཀྱིན་འདུག ཅེས་བརྗོད་བྱུང༌།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༦ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༢༣ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥

མཆན། 12

  1. གངས་བུ། says:
    ལོ་ 17 སྔོན།

    འདི་ནི་མི་ཐ་ཤལ་བའི་བྱ་སྤྱོད་ཞིག་ཡིན་པས་རྗེས་ཕྱོགས་པར་གཟབ་པར་འཚལ། ངེས་བར་དུ་རྩེད་དགོས་ན་མི་མང་གི་མིག་མདུན་ནས་མ་རྩེད་ན་མི་འགྲིག་གམ།

    Reply
  2. གངས་བུ། says:
    ལོ་ 17 སྔོན།

    རེད་ཡ་དེང་སྐབས་ཨོ་སི་ཊིར་ལེ་ཡར་སོང་བའི་རང་རེའི་ཆབ་སྲིད་བཙོན་ཟུར་ཁ་ཤས་ཡང་གཟའ་ཉི་མ་རྟག་པར་མི་མང་འགྲོ་སའི་ལམ་ཁའམ་སྤང་ཐང་ཞིག་ན་ཤོ་རྒྱག་བརྒྱན་འཇོག་གི་ལས་ལ་བྲེལ་བཞིན་འདུག་ན་འདི་དག་མཐོང་དུས་བོད་མི་རིགས་ཀྱི་རྐང་འདྲེན་རེད་ལ་ཡིད་སེམས་ཀྱང་གཏིང་ནས་སྐྱོ། མ་གཞིར་ཆབ་སྲིད་བཙོན་ཟུར་ཚོའི་ལས་འགན་འདི་འདྲ་འེ་རེད །

    Reply
  3. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    དེ་བས་ང་ཚོས་རྒྱལ་བའི་བཞུགས་སྒར་རྡ་སའི་ཤོ་ཁང་དང་མ་ཅང་རྩེ་མཁན་དང་དེ་བདག་གཉེར་བྱེད་མཁན་རྣམས་སུ་ཡིན་ལ་རྩད་གཅོད་ལེགས་པོ་བྱས་ཏེ་སྐྱོད་བརྗོད་བྱ་དགོས་ལ། རིམ་པས་བྱ་ངན་དེ་དག་མཚམས་འཇོག་ཇི་ལྟར་བྱ་དགོས་པའི་སྐོར་ལ་ཐབས་ཤས་བྱ་དགོས། དེ་ལྟར་ན་ང་ཚོས་རང་གི་སྤྱི་ཚོགས་ལ་ཤ་ཚ་བ་དང་འགན་ཁུར་བ་རེད་སྙམ།

    Reply
  4. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    གནད་དོན་འདི་འདྲ་གླེང་སྐབས་ངེས་པར་དུ་སྤྱི་ཚོགས་རྙིང་པར་ཁ་གཏོང་བ་དང་རྡུག་དམོད་བྱས་པས་མི་ཕན་པར། དེ་ལས་ལྡོག་སྟེ་རང་ཉིད་གནས་སའི་ཁོར་ཡུག་ཏུ་གནས་ཚུལ་ཅི་བྱུང་ལ་དགོས་སྐྱོན་བརྗོད་རྒྱུ་དེ་ང་ཚོའི་ལས་འགན་རེད་སྙམ། སྤྱི་ཚོགས་རྙིང་པ་བཟང་རུང་ངན་རུང་འདས་ཚར་བ་རེད། འདི་འདྲའི་སྐབས་སུ་བསམ་ཚུམ་ཙམ་བཤད་པ་ལས་དངོས་ཡོད་གནས་ཚུལ་འཚོལ་རྒྱུ་དེ་འགན་ཁུར་ཅན་གྱི་ལས་ཀ་རང་རེད་སྙམ།

    Reply
  5. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    ད་དུང་རྡ་ས་མེག་གྷན་དུ་མ་ཅང་རྩེད་ཁང་དུ་ཡོད་དང༌། དེ་དག་གཉེར་མཁན་སུ་ཡིན། རྟག་པར་མ་ཅང་རྩེ་བཞིན་ཁ་གསོ་བ་དང༌། ཁ་སྒོར་བ་སོགས་མང་པོ་བྱུང་མྱོང་བ་མ་ཟད། ཕོ་སར་མང་པོ་མ་ཅང་རྩེ་ས་ནས་འཁྲུག་འཛིངས་ཤོར་བའང་ལན་གཅིག་མ་རེད། འདི་འདྲའི་སྐོར་ལའང་མིག་ཟུར་ཙམ་གཟིགས་རྒྱུ་ནི་བོད་མི་རིགས་དང་བཅས་པར་ཤ་ཚ་མཁན་ཚོས་བྱེད་ལས་ཅི་ལ་མིན།

    Reply
  6. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    བོད་ཁྱིམ་སློབ་མས་དུད་ནག་སྤྱོད་པའི་སྐོར་ལས་དངོས་ཡོད་གནས་ཚུལ་འདི་འདྲ་ལ་གླེང་སློང་ཙམ་ཡང་བྱེད་མི་ཐུབ་པ་ཅི་ཡིན་ན།

    Reply
  7. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    རྒྱ་གར་རྡ་རམ་ས་ལའི་ཉེ་འགྲམ་གྱི་ནོར་གླིང་ཞེས་པ་དེར། སྐུ་ངོ་བཀའ་བློན་ཁྲི་ཟུར་ག་གེ་མོས་གཙོས་ཕོ་སར་སྐྱལ་སྟོང་འགའ་ཞིག་གིས་ཉིན་ལྟར་མ་ཅང་དང་ཤོ་རྩེ་བཞིན་འདུག་ཟེར་གི་ འདི་དངོས་ཡོད་གནས་ཚུལ་ཡིན་པ་ནོར་གླིང་གི་ཕོ་སར་འགས་བརྗོད་བཞིན་འདུག དངོས་ནས་ཐབས་སྐྱོ་བ་ལ། བཀའ་བློན་ཁོང་བཀའ་བློན་གྱི་ལས་འཁྱུར་གནང་མ་ཐག་ཤོ་རྩེད་ལ་ཇི་ལྟར་གོམས་པ་ཡིན་ན། འོན་ཀྱང་ཁོང་ད་དུང་རྡ་ས་སོགས་སུ་གདན་ཞུས་གསུང་བཤད་གནང་གི་ཕེབས་ཀི་འདུག་ཟེར་ག ཅི་ཞིག་བཤད་ཀྱི་ཡོད་ན། མ་ཅང་དང་ཤོ་རྩེ་སྟངས་ཨེ་ཡིན་ནམ། ལས་ཀ་བྱེད་འདི་དངོས་ནས་སྐྱག་དྲི་ཁ་གི འདི་ལ་སྐྱོན་བརྗོད་དང་གནས་ཚུལ་གླེང་མཁན་ཉིན་མོའི་སྐར་མ་བཞིན་རེད།

    Reply
  8. གངས་བུ། says:
    ལོ་ 17 སྔོན།

    ལྷོ་ཕྱོགས་མོན་གྷོར་མཚོན་ན་སྔོན་ཆད་གོང་ས་མཆོག་གི་འཁྲུངས་སྐར་གཙོས་བླ་ཆེན་ག་གེ་མོ་ཞིག་གི་འཁྲུངས་སྐར་རེད་ཞེས་རྣ་བས་གོ་མ་ཐག་ཤོ་ལ་དགའ་བ་རྣམས་གང་ས་གང་ནས་བྱ་རྒོད་ཐེད་ལ་འཁོར་བ་བཞིན་ཐོན་ཡོངགི་ཡོད་མོད་དེང་སྐབས་དེ་འདྲ་མིན་ན་ངོ་མའི་དགའ་འོས་བ་ཞིག་དང་གཞིས་འགོ་དེ་ངོ་སོ་བསྟོད་དགོས་བ་ཞིག་ཀྱང་རེད།

    Reply
  9. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    མཱ་ཅང་གི་མཚོན་པའི་རྒྱན་འཛུགས་ཤོ་རྒྱག་གི་གནས་སྟངས་འདིའི་འཐད་ལ་སྔོན་མ་༧་གོང་ས་མཆོག་གིས་དཀའ་སློབ་གནད་མོ་གནང་བའི་དབང་གིས་ཉུང་དུ་སོང་ཡོད་པ་རེད།་དེའི་ཕྱིར།་་ང་ཚོས་གོ་སྐབས་དང་བསྟུན་ནས་༧་གོང་ས་མཆོག་གི་དཀའ་སློབ་དེ་དག་ངག་ཐོག་དང་ཡིག་ཐོག་བརྒྱུད་ནས་ངེས་པར་དུ་རྒྱན་འཛུགས་ཤོ་རྒྱག་གི་བྱ་བ་ལ་མགོ་མཁོར་པའི་གཞོན་སྐྱེས་དེ་དག་ལ་ངོ་སྤྲོད་དང་གསལ་བྱེད་བྱེད་དགོས།ཁོ་ཚོའི་ཡང་རིན་པ་ོ་ཆེའི་གསུང་ལ་ཉན་གིས་རེད།་བླ་སྤྲུལ་ཡིན་པ་ཙམ་གྱི་ཁོ་ཚོས་ཉན་གིས་མ་རེད་ལ་དེང་སྐབས་ཀྱི་བླ་སྤྲུལ་མང་ཆེ་བས་མི་དམངས་ཀྱི་ཉན་ཁ་དང་བདེ་སྡུག་ལ་འགན་ལེན་བྱེད་ཀྱི་མེད་པ་རེད།ཁོ་ཚོ་ལ་རྒྱ་ནོར་དང་གོ་ས་རང་བདེ་སོང་ན་འགྲིག་གི་ཡོད་པ་རེད་

    Reply
  10. གངས་བུ། says:
    ལོ་ 17 སྔོན།

    རྒྱུ་རིག་ན་རྒྱུ་མ་འགུལ་བའི་དཔེ་ལྟར་འཛམ་གླིང་ས་ཕྱོགས་གང་སར་ཤོ་རྒྱག་བརྒྱན་འཇོག་གི་རྩེད་མོ་འདི་དར་ཁྱབ་ཤིན་ཏུ་ཆེ་ན་ཡང་ང་ཚོ་བོད་རྒན་གླེན་པ་ཚོ་ནང་བཞིན་བཟའ་ཟླ་བུ་ཕྲུག་དང་བཅས་བ་བརྒྱན་འཇོག་བྱེད་པ་ད་བར་མཐོང་མྱོང་མེད།

    Reply
  11. གངས་ཕྲུག says:
    ལོ་ 17 སྔོན།

    སྤྱི་ཚོགས་རྙིང་པའི་སྐུ་དྲག་ཚོས་ཤོ་དང་མཱ་ཅང་བརྒྱབ་བསྡད་དེ་བོད་བསྐྱལ་བ་རེད་ཅེས་འཁང་ར་བྱས་དང་བྱེད་བཞིན་ཡོད་། བོད་ཤོར་རྗེས་སུ་ཡང་བཀའ་ཟུར་དང་། བཀའ་བློན། སྐུ་ངོ་། ལས་བྱེད་ཚོ་མ་ཟད་གྲྭ་བ་མི་ཉུང་བ་ཞིག་ཀྱང་ཤོ་སྦག་ཏཱ་སེ་སོགས་རྒྱན་པོ་འགྱེད་པར་ཡ་ང་བག་ཚ་མེད་པར་མནོ་བསམ་ཞིག་བཏང་ན་སྤྱི་ཚོགས་རྙིང་པའི་མི་དེ་ཚོ་རང་གི་ལུང་པར་རང་དབང་ཡོད་པའི་སྐབས་ཡིན་པས་ཁག་མིན་འདུག་སྙམ་པའི་ཚོར་བ་ཞིག་ཡོང་གི་འདུག བོད་ནང་དུ་ཡང་མི་འགའ་ཤས་བཟའ་ཚང་བུ་ཕྲུག་སྣང་མེད་དུ་བཞག་སྟེ་ནམ་ཉིན་མཚན་མཱ་ཅང་ཁོ་ན་རྒྱབ་ཏེ་སྡོད་མཁན་མཐོང་བྱུང་བས་ད་ནི་ནད་རྙིང་ཡིན་ན་ནད་དེ་རྩད་ནས་འབྱིན་ནུས་པའི་སྨན་པ་ཞིག་གམ་གདོན་ནད་ཡིན་ན་མནན་བསྲེག་གི་ཆོ་ག་་ལ་མཁས་ཤིང་ཆམ་ལ་ཕབ་ནུས་པའི་རྣལ་འབྱོར་བ་ནུས་ལྡན་ཞིག་གདན་ཞུ་རེ་རན་ནོ་ཞེས་ཐལ་ལོ།།

    Reply
  12. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    མི་ལེགས་པའི་གོམས་སྲོལ་འདི་བཙན་བྱོལ་ནང་ཐོག་མར་ཚོགས་པ་སྐྱིད་སྡུག་ཁག་གི་ཐུགས་སྤྲོ་གཏོང་སྐབས་ནས་དར་བ་ཡིན་ལ། ཉེ་བའི་ལོ་འགའི་རིང་ནས་ལྡི་ལི་བསམ་ཡས་གླིང་དུ་ལོ་གསར་དང་འཁྲུངས་སྐར་དུས་ཆེན་སོགས་གཞུང་འབྲེལ་དུས་ཆེན་ཁག་ལ་ཡང་མངོན་སུམ་འཛེམ་མེད་ཀྱིས་རྒྱན་འཛུགས་པའི་རྩེད་མོ་འདི་ཆེད་འཛུགས་བྱེད་ཀྱི་ཡོད་སྟབས། བསམ་ཡོད་ཀྱི་མི་དག་གིས་འདི་ངེས་བར་དུ་ཐུགས་བསམ་བཞེས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese