མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འདས་པོར་གུན་གསབ།

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཚེས་ ༢༡ ཉིན་མགོ་ལོག་རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་བཀྲ་ཤིས་བཟང་པོ་རྭ་རྒྱ་ཞང་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་ཡོད་སྐབས་ཁོང་གིས་ཕྱི་རོལ་དུ་ཆབ་གསང་དུ་འགྲོ་དགོས་ཚུལ་བརྗོད་དེ། རྨ་ཆུར་ལྕེབས་ཏེ་རང་ཤི་བརྒྱབས་ཡོད། སྐབས་དེར་རྒྱ་གཞུང་གིས་ཁས་ལེན་བྱས་མེད་པར་བཀྲ་ཤིས་བཟང་པོ་བྲོས་བྱོལ་དུ་ཕྱིན་ཡོད་ཚུལ་བརྗོད་ཡོད་ཀྱང༌། ས་དེའི་བུད་མེད་མ་བུ་གཉིས་ཀྱིས་དགེ་འདུན་པ་བཀྲ་ཤིས་བཟང་པོ་རྨ་ཆུར་ལྕེབས་པ་དངོས་སུ་མཐོང་ཡོད་ཚུལ་བརྗོད་སྟབས་བུད་མེད་དེའང་འཛིན་བཟུང་བྱས་ཡོད།

 

བཀྲ་ཤིས་བཟང་པོ་རྨ་ཆུར་ལྕེབས་པའི་ཤུལ་དུ་ཁོང་གི་སྐུ་གཟན་ཆུ་འགྲམ་དུ་བཞག་ཡོད་པ་སོགས་བདེན་དཔང་ར་ཕྲོད་གསལ་བོ་བྱུང་རྗེས། རྒྱ་གཞུང་གིས་དགེ་འདུན་པ་བཀྲ་ཤིས་བཟང་པོ་གྲོངས་པར་གུན་གསབ་བམ། སྟོང་འཇལ་ལྟ་བུར་རྒྱ་སྒོར་འབུམ་གཉིས་ ༢༠༠༠༠༠ སྤྲད་ཡོད་པ་དང༌། ཐེངས་འདིའི་དོན་རྐྱེན་འོག་གོང་རིམ་ནས་རྭ་རྒྱ་ཞང་གི་ཉེན་རྟོག་པ་དང་ལས་བྱེད་འགའི་གོ་གནས་འཕབ་རྒྱུའི་ཉེན་ཁ་ཆགས་ཡོད་སྟབས། གོ་གནས་འཕབ་མི་དགོས་པའི་སྙན་ཞུ་འབྲི་རོགས། ཞེས་འདས་པོ་བཀྲ་ཤིས་བཟང་པོའི་ནང་མིར་འབོད་སྐུལ་ཞུས་ཡོད་ཀྱང་ད་སྔ་ངོས་ལེན་བྱས་ཡོད་མི་འདུག

ཉིན་འདི་འགར་དམག་མི་སྟོང་ཕྲག་ཁ་ཤས་ཀྱིས་རྭ་རྒྱ་དགོན་པ་བསྐོར་ཏེ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། གནད་དོན་འདིའི་ཐད་ཞིབ་འཇུག་བྱེད་མཁན་ཡིན་ཟེར་ནས་ལས་བྱེད་ ༦༠ ཙམ་དགོན་པར་རྒྱུན་སྡོད་ཀྱིས་ཚོགས་འདུ་སྒོང་གིན་ཡོད་འདུག

 

བཀྲ་ཤིས་བཟང་པོས་རང་ཤི་བརྒྱབས་མ་ཐག་མི་དམངས་ཉིས་སྟོང་ ༢༠༠༠ ལྷག་འདུ་འཛོམས་ཀྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་སྟབས། ལས་འགུལ་སྣེ་ཁྲིད་པ་ཡིན་པའི་ཉེས་འཛུགས་འོག དགོན་པའི་དགེ་སྐོས་དཔལ་ལྡན་རྒྱ་མཚོ་དང༌། དུས་འཁོར་གྲྭ་ཚང་གི་དབུ་མཛད་ཟུར་བ་ཚུལ་ཁྲིམས་རྩེ་དམར། དགོན་པའི་དྲུང་ཡིག་ངྷི་འཇམ་དབྱངས་མཁས་གྲུབ་སོགས་གཙོས་པའི་དགེ་འདུན་པ་ ༩ དང་མི་སྐྱ་ ༡༠ ལྷག་འཛིན་བཟུང་བྱས་ཡོད་འདུག

མཆན། 16

  1. ཁྲག says:
    ལོ་ 14 སྔོན།

    གོང་གི་སྤོབས་པ་མཐའ་ཡས་ཟེར་བའི་དྲ་གྲོགས་འདིས་བཤད་པ་བདེན་པ་རེད། ངས་རྭ་རྒྱའི་དོན་རྐྱེན་འདི་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་མོད། དེའི་སྐོར་གྱི་གནས་ཚུལ་མི་མཚུངས་པ་གཉིས་ཙམ་བཤད་སོང༌། འདི་སོག་སོབ་བཟོ་མཁན་དེ་ཨ་ལགས་ཤིང་བཟའ་ཟེར་བ་དེ་རེད། ཁོས་ལྕེ་གཅིག་གིས་སྐད་ཆ་གཉིས་བཤད་པར་ལན་འདུག སྔོན་མའི་གསལ་བསྒྲགས་གནང་མཁན་ཁོང་རེད། རྗེས་མའང་ཁོང་རེད། ཁོས་ད་སྐབས་ཆབ་སྲིད་འདྲ་འཁྲབ་རྒྱུའི་སྟ་གོན་བྱེད་ཀྱིན་ཡོད། དེའི་སྟབས་ཀྱིས་མགོ་རྔ་མི་མཚུངས་པའི་སྐད་ཆ་བཤད་པ་རེད།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    ར་རྒྱའི་དགེ་འདུན་པ་ཞིག་ཆུར་མཆོང་བའི་གནད་དོན་དེ་གསལ་པོ་ཞིག་བྱུང་མ་སོང་། གསར་འགྱུར་ཐོག་མར་སྤེལ་སྐབས་བོད་ཀྱི་རྒྱལ་དར་ལག་པར་བཟུང་ཡོད་པ་དམག་མིས་འཕྲོག་རྩིས་བྱེད་པར་མ་ཉན་ནས་ཆུར་མཆོང་པ་རེད་ཅེས་བཤད་བྱུང་། ད་བཤད་ན་བཙོན་ཁང་ནས་བྲོས་སོང་ནས་ཆུར་མཆོང་པ་བུད་མེད་གཅིག་གིས་མ་གཏོགས་མ་མཐོང་པ་རེད་ཟེར། བཙོན་ཁང་དུ་ག་རེ་བྱས་ནས་ཚུད་སྐོར་སོགས་ཀྱང་གསལ་པོ་ཞིག་མི་འདུག དེ་ག་ཙམ་དུ་བཙོན་པ་ཞིག་བྲོས་ཤོར་ནས་ཆུར་མཆོང་ན་གཞུང་གིས་གུན་གསབ་སྤྲད་སྲོལ་སོགས་མེད་པས་ཡིད་ཆེས་པ་ཞིག་བྱུང་མ་སོང་། ད་དུང་ཡང་རྩད་གཅོད་ཡག་པོ་བྱས་ནས་དོན་དངོས་ག་རེ་བྱུང་ཡོད་མེད་གསལ་པོར་སྤེལ་ཨེ་ཐུབ་ལྟ་རོགས།

    Reply
  3. བློ་བཟང་མཁྱེན་བརྩེ། says:
    ལོ་ 14 སྔོན།

    སྐུ་ཞབས་རྟ་ནག་པ་ལགས། ཁྱེད་ཀྱིས་བྲིས་པ་འདི་ཡུལ་ལུང་གང་ཞིག་གི་སྐད་ཡིག་རེད་དམ། དོན་ཅི་ཞིག་བསྟན་གྱི་ཡོད་པ་རེད།

    Reply
  4. བསྟན་འཛིན says:
    ལོ་ 14 སྔོན།

    བོད་འབངས་བདེ་སྡུག་སྙིང་ལ་བརྣག་པའི་དཔའ་བོའི་མེ་ཏོག་བཞད་ཐེངས་རེར།།
    མ་བཅོས་སེམས་ཤུགས་གཅིག་ཏུ་བསྒྲིལ་བའི་སྟོབས་དང་ནུས་པ་ལྷན་དུ་འཕེལ།།
    འདི་འདྲ་དག་ནི་བདེ་སྐྱིད་ཉི་མ་འདྲེན་པའི་སྐྱ་རེངས་རེ་རེ་སྟེ།།
    དད་གསུམ་སྙིམ་པ་སྤྱི་བོར་བཀོད་པའི་གུས་ཕྱག་གྲངས་ཀ་མེད་པས་མཆོད།།

    Reply
  5. གཡག་ལྡོམ། says:
    ལོ་ 14 སྔོན།

    རྒྱལ་གཅེས་འདས་པོ་གྲྭ་བཀྲིས་བཟང་པོ་ལགས་རྒྱ་དམར་གཞུང་གིས་དྲག་རྡུང་དང་མནར་གཅོད་འོག་རང་སྲོག་འདོར་དགོས་བྱུང་བར་གཞུང་འབྲེལ་དྲྭ་བ་ཁག་ཏུ་ཁོ་པས་རང་སྲོག་རང་གིས་བཅད་པར་རྒྱ་གཞུང་ལ་ཉེས་འཛུགས་བྱེད་ས་མེད་པའི་ཧམ་སྒྲོག་བྱེད་ཀྱིན་ཡོད་ཀྱང༌། ས་གནས་སྲིད་གཞུང་གིས་གྲྭ་བཀྲིས་བཟང་པོ་རྨ་ཆུར་ལྕེབས་དགོས་པའི་སྡིག་ཉེས་ཁོང་ཚོར་ཡོད་པའི་ངོས་ལེན་གྱིས་སྟོང་འཇལ་ཡོད་པ་གཉིས་ནི། རྒྱ་གཞུང་གི་ཁ་སང་བཤད་ཀྱི་སྐད་ཆར་དེ་རིང་འགན་འཁུར་མེད་པར་སྐྱག་རྐུབ་རྡོལ་བ་སོང་བ་མ་ཡིན་ནམ། ཕྱོགས་གཞན་ཞིག་ནས་བོད་ཁམས་ཡོངས་སུ་བཙན་རྒོལ་ལས་འགུལ་མུ་འབྲེལ་དུ་སྤེལ་བཞིན་པ་འདིས། དམར་གཞུང་གི་ཁ་དོན་མི་མཚུངས་པའི་རྫུན་གཏམ་དང་རྐུན་ཤེས་ཀྱང་སྦས་མི་ཤེས་པའི་ཨུ་ཐུག་གི་བྱ་སྤྱོད་སྤེལ་དགོས་ཆགས་པ་གོར་མ་ཆག

    Reply
  6. བློ་བཟང་མཁྱེན་བརྩེ། says:
    ལོ་ 14 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་གསལ་བཤད་ཞུ་རྒྱུ་གཞན་ཞིག་ནི་འདྲ་པར་སོགས་ལ་པར་ཟེར་བ་ལས་དཔར་མི་ཟེར་ཏེ། དཔར་ནི་བྱ་ཚིག་དང་པར་ནི་མིང་ཚིག་ཡིན་པ་ཤེས་པར་གྱིས། སྔོན་མ་བང་ཆེན་སྟེང་རྩོམ་ཡིག་ཅིག་སྤེལ་མོད། ཏག་ཏག་དཔར་དང་པར་གྱི་སྐོར་བཤད་སྐབས་ནས་ཆད་སྐྱོན་བྱུང་འདུག ཡང་ཆུ་ཁའི་ཟམ་པ་ཟེར་བ་ལས་ཆུ་མཁའི་ཟམ་པ་མི་ཟེར་ལགས། ཁྱེད་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས་གསལ་འདེབས་བྱས་པ་ལས་གཞན་དམའ་འབེབས་དང་མཐོང་ཆུང་སོགས་ཀྱི་ཆ་ཙམ་མ་འདྲེས་པ་ཞེས་པར་བྱ། ཐུགས་རྗེ་ཆེ།

    Reply
  7. འཁྱམས་པོ། says:
    ལོ་ 14 སྔོན།

    དེ་ནི་ཕྱི་རྒྱལ་གསར་ལམ་ཁག་དུ་རྒྱ་ནག་གིས་འཁྱོགས་བརྗོད་དེ་ལྟར་བྱས་པ་ རྣམས་རྫུན་རྐུབ་རྡོལ་པར་དོགས་ནས་ཡང་སྐྱར་རྫུན་འཕོངས་འགེབས་བྱེད་ཅིག་དུ་ལས་བོད་པ་ཚང་ལ་སེམས་པ་ཞིག་ག་ཡིན། ད་དུང་སྒོར་དེ་དང་མཉམ་དུ་དུག་གང་འདྲ་ཞིག་བོད་པ་ཚང་ལ་སྤྲོད་རྒྱུས་གྲ་སྒྲིག་ཡོད་དམ། ཁྱེད་ཚོས་ཤེས་སམ།

    Reply
  8. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་ངོས་འདི་དག་ལ་གནས་ཚུལ་གང་ཡང་མགོ་ཚོས་བའམ་ཡང་ན་མི་ཤེས་ཁུལ་བྱེད་མཁན་མང་དུ་འགྲོ་གིན་འདུག མི་ཞིག་དོན་མེད་དུ་བསད་ན་སྟོང་འཇལ་དགོས་བ་ང་ཚོའི་སྒང་བ་བོད་འདི་ཐེས་བའི་ཡུལ་ལུང་མང་པོར་དར་སྲོལ་ཡོད་ལ། གོང་གི་གནས་ཚུལ་འདི་ནི་རྒྱལ་གཅེས་དཔའ་པོ་ཁོང་གི་གཉེན་ཉེ་འབྲེལ་དང་ས་གནས་མི་མང་ཚོས་རྒྱ་གཞུང་ལ་ཞུ་གཏུགས་བྱས་ཏེ་སྐུ་གཤེགས་དམ་པ་བཀྲ་ཤིས་བཟང་པོ་ཁོང་ལ་ཉེས་བ་ཅི་ཡང་མེད་པར་རྒྱ་ནག་གི་དྲག་ཆས་ཉེན་རྟོགས་པས་གཅར་རྡུང་བྱས་ཏེ་མཐར་རང་སྲོག་འདོར་དགོས་བྱུང་སྟབས་དེ་ལ་མི་དོན་མེད་དུ་བསད་བའི་སྟོང་དགོས་ཞེས་བས་ཡིན་ལ། གནས་ཚུལ་འདིས་ཁ་སང་རྒྱ་ནག་གིས་གསར་ལམ་ཁག་ཏུ་ཉེས་ཅན་པ་ཞིག་བཙོན་ནས་བྲོས་བྱོལ་དུ་ཕྱིན་པ་དང་། ད་དུང་ལོག་སྤྱོད་པ་འགས་ས་གནས་ཉེན་རྟོགས་པར་གཅར་རྡུང་རྨས་བསྐྱོན་བྱས་ཚུལ་བཀོད་ཡོད་པའི་འཁྱོགས་བརྗོད་གསར་འགྱུར་དག་ལ་ལན་འདེབས་གསལ་བོ་ཞིག་བྱས་ཡོད་ལ། དུས་འདི་ནས་བཟུང་ད་ལྟའི་བར་བཙོན་ནས་འདས་གྲོངས་དང་བསམ་བཞིན་གཅར་རྡུང་བྱས་ཏེ་བསད་པའི་འདས་བོ་དམ་པ་དེ་དག་ནམ་ཞིག་ལོ་རྒྱུས་ཀྱིས་དཀར་འདོན་བྱེད་པའི་དུས་ཞིག་ཡོད་པ་གསལ་བོ་བྱས་ཡོད།

    Reply
  9. ཁ་བ། says:
    ལོ་ 14 སྔོན།

    འདི་མི་ཞིག་གི་ཚེ་སྲོག་རེད་མ་གཏོགས་ཅ་དངོས་ཤིག་མ་རེད། དེ་ལས་སྒོར་དེ་མ་བླངས་ན་བཟང་། ནམ་ཉི་མ་ཧུང་དང་ཝུན། ལིན་སོགས་ས་ཌམ་ནང་བཞིན་སྐེ་ཐག་བརྒྱབནས་གསོད་རྒྱུའི་དུས་ཤིག་གིས་བསྒུགས་ནས་ཡོད་པར་ཤོག

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    མི་གྲོངས་པ་ནི་བོད་དོན་དུ་གྲོངས་པ་ཡིན་པ་ལས་སྒོར་མོའི་ཆེད་དུ་གྲོངས་པ་མིན་དུས། བོད་རྒྱའི་བར་དུ་སྐད་ཆ་བཟང་ངན་གང་ཡང་མེད་པར་རྒྱ་སྒོར་འབུམ་གཉིས་ཀྱི་མི་ཁ་གཅོད་ཐབས་བྱེད་པ་དེ་ནི་དངོས་ནས་དགོད་སྤྲོ་བ་རང་རེད། ཡིན་ཡང་། ཡིད་སྐྱོ་དགོས་པ་དེ་ནི་འདས་པོ་དེའི་རང་གི་དམིགས་ཡུལ་དེའི་མཇུག་འབྲས་ལ་སྒོར་མོའི་སྡོམ་ཞིག་རྒྱག་གི་ཡོད་པ་ཤེས་ན་གང་འདྲ་ཡིན་སྲིད།

    Reply
  11. འོད་དཀར། says:
    ལོ་ 14 སྔོན།

    གྲོགས་པོ་ཚོ་ཉེ་ཆར་གྱི་གནས་ཚུལ་འདི་དག་ལས་རྒྱ་ནག་གི་འཁྲབ་གི་ཡོད་པ་གསལ་བོ་རེད། གསར་འགྱུར་འདྲ་མིན་དང་བོད་ནང་འཁུལ་ལ་ཡང་གསར་འགྱུར་འདྲ་མིན་གཏོང་བཅུགས་ཡོད། གང་ལྟར་གནས་ཚུལ་འདི་ནས་ང་ཚོ་ལ་ཕན་ཐོག་ཞིག་ཡོད་པ་ནི་ཉེ་ཆར་ཤིན་ཧ་གསར་ཁང་ནས་བཤད་པའི་སྐད་ཆ་བདེན་པ་ཡིན་ན་སྟོང་སྤྲད་དགོས་པའི་རྒྱུ་མཚན་གང་ཞེས་པའི་དྲི་བ་འདི་རྒྱ་ནག་ལ་བཀོད་དགོས་པ་གལ་ཆེན་རེད་སྙམ་བྱུང་། འདི་ནི་འཛམ་གླིང་གི་མདུན་ནས་ཁོ་ཚོས་ནོར་འཁྲུལ་འགེབས་མ་ཐུབ་པ་གསལ་བོ་རེད།

    Reply
  12. གཞིས་ལུས་བོད་པ། says:
    ལོ་ 14 སྔོན།

    འདི་འདྲའི་མྱི་སྟོང་ཞིག་གལ་ཏེ་འཇལ་ཡོད་ན་དེ་ནི་རྒྱལ སྤྱིའི་སྤྱི་ཚོགས་ལ་ཁོ་ཚོས་བོད་མིའི་ཚེ་སྲོག་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ཅེས་སྐྱག་རྫུན་བཤད་པའི་ཆེད་དུ་ཡིན་ཚོད་འདུག གཞན་དུ་ན་ན་ནིང་དང་ད་ལོར་ཁོ་ཚོས་མེ་མདས་བོད་མི་ཅི་འདྲའི་མང་པོ་ཞིག་དམར་གསོད་བྱས་སོང་། དེ་ཐམས་ཅད་ལ་མྱི་སྟོང་ཞིག་འཇལ་མ་མྱོང་བས་རྒྱ་གཞུང་གིས་རྫུན་གྱི་འཁྲབ་སྟོན་ཞིག་ཡིན་པ་འདྲ།

    Reply
  13. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    ཨོ། ད་རྒྱ་གཞུང་འདི་སྨྱོས་པ་མིན་ནམ། མཚམས་རེར་གསོད་རྡུང་གང་ཐུབ་བྱེད། མཚམས་རེར་རང་སྲོག་གཅོད་མཁན་ལ་ཡང་གུན་གསབ་སྤྲོད་ཁུལ་བྱེད། དཔོན་རིགས་ཚོ་ཡང་གོ་གནས་ག་རེ་བྱས་ནས་ཕབ་པ་ཡིན་ནམ།

    Reply
  14. གངས་རིའི་གླིང་བུ། says:
    ལོ་ 14 སྔོན།

    གཞི་ལུས་བོད་པའི་སེམས་ཀྱི་མི་བཟོད་པའི་ན་ཟུག་་།
    རང་ཡུལ་མུན་ནག་བཙོན་གྱི་མནར་གཅོད་ཀྱི་སྡུག་བསྔལ།།
    རང་གི་གཅེས་བའི་རིན་ཆེན་ཚེ་སྲོག་དེ་བཅད་ཏེ་།།
    མྱུར་དུ་སྐྱོབ་པའི་བདེན་པའི་འབོད་སྒྲ་དེ་སྒྲོགས་སོང་།།
    ཁྱོད་ཀྱི་འཇིག་མེད་སྟག་གི་རྟུལ་ཕོད་ཀྱི་སྙིང་སྟོབས།།
    ཁྱོད་ཀྱི་ཤེས་རིག་མེ་དཔུང་ལམ་ལམ་དུ་འབར་བ།།
    ླཁྱོད་ཀྱི་འགྷྱུར་མེད་རྒྱལ་ཞེན་ལྷུན་པོ་ལྟར་འགྱིང་བ།།
    ྦབརྩེ་མེད་ཀླ་ཀློས་བཅོམ་པས་ཞེ་སྟེང་ནས་སྐྱོང་སོང་།་་

    Reply
  15. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཨོ་ལགས་སོ། གོང་གི་དཔར་དེ་མགོ་ལོག་རྭ་རྒྱའི་དཔར་རེད། དཔར་དེའི་སྟེང་གསལ་བའི་ཆུ་དེ་ནི། རྒྱལ་གཅེས་དཔའ་བོ་བཀྲ་ཤིས་བཟང་པོ་རང་ཤི་རྒྱག་སའི་རྨ་ཆུ་རེད། ཆུ་མཁའི་ཟམ་པ་དེའི་གཡོན་སྣེ་རུ་ཡོད་པའི་གྲོང་སྡེ་དེ་ནི་རྭ་རྒྱ་ཞང་རེད། གྲོང་སྡེ་གཞན་ཁ་ཤས་མཐོང་བ་དེ་དག ཉེ་ཆར་རྭ་རྒྱའི་དོན་རྐྱེན་སྐབས་མི་དམངས་ཉིས་སྟོང་ལྷག་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་རྨ་ཉིན་སྲིབ་གཉིས་ཀྱི་བོད་རིགས་འབྲོག་སྡེ་རེད།

    Reply
  16. བློ་བཟང་མཁྱེན་བརྩེ། says:
    ལོ་ 14 སྔོན།

    འདས་པོར་གུན་གསབ་ལེན་ཐུབ་བྱུང་བ་འགྲིག་འདུག འོན་ཀྱང་ས་གནས་འགོ་འཛིན་ཚོ་བརྗེ་ལེན་བྱ་རྒྱུ་གཟབ་གཟབ་གནང་དགོས་འདུག་སྙམ།
    དུས་བབ་རྩོམ་པ་ལགས། གོང་བཀོད་འདྲ་པར་འདི་ས་ཆ་གང་ཞིག་ཡིན་མིན་ཁ་གསལ་བྱ་རྒྱུ་དང༌། རྗེས་ཕྱོགས་པར་རིས་འགོད་སྐབས་ས་གནས་གང་ཡིན་གྱི་མིང་འབྲི་རྒྱུ་མ་བརྗེད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist