མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་རམ་ས་ལ་ནི་ས་འགུལ་གྱི་སྡེ་ཚན་ལྔ་བ་ཆགས་ཡོད །

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་ནམ་ཡང་ས་འགུལ་གཉིས་ཀྱི་བར་དུ་གནས་ཡོད། འདས་པའི་ས་འགུལ་དང་བར་ཐག་རིང་དུ་ཕྱིན་ཡོད་ཀྱང༌། མ་འོངས་པའི་ས་འགུལ་དང་བར་ཐག་ཉེ་རུ་འགྲོ་བཞིན་ཡོད། འདས་པའི་ས་འགུལ་བྱུང་སྟེ་མི་ལོ་ ༡༠༤ སོང་ཡོད་ཀྱང༌། མ་འོངས་པའི་ས་འགུལ་ཉེན་སྐྱོབ་ལ་ང་ཚོར་སྔ་མོ་ནས་གྲ་སྒྲིག་དགོས་ཟེར།

 

ངྷ་སྟེང་བོད་ཁྱིམ་དང་བོད་གཞུང་དཔེ་མཛོད་ཁང་གཉིས་ཀྱི་གོ་སྒྲིག་འོག དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ བའི་ཐོག་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྐང་རྩལ་སྤོ་ལོ་རྩེད་ཐང་དུ། བོད་ཁྱིམ་སློབ་གྲྭའི་དགེ་སློབ་ཡོངས་ལ་ས་འགུལ་ཉེན་སྐྱོབ་དང་སྔོན་འགོག་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་སྦྱོང་བརྡར་ཞིག་སྤྲད་ཡོད་པ་དང༌། དེ་ནི་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་དུ་སྤྱི་ལོ་ ༡༩༠༥ ལོར་ས་འགུལ་ཤུགས་ཆེན་བྱུང་སྟེ་མི་ལོ་ཧྲིལ་བོ་ ༡༠༤ འཁོར་བའི་དུས་དང་སྟབས་བསྟུན་ཏེ། ཧི་མ་ཅལ་མངའ་སྡེ་དང་ལྡི་ལི་སོགས་སློབ་གྲྭ་ཁག ༡༨ ཙམ་གྱི་དགེ་སློབ་ཡོངས་ལ་དུས་གཅིག་ཏུ་ས་འགུལ་ཉེན་སྐྱོབ་ཀྱི་སྦྱོར་བརྡར་དེ་གོ་སྒྲིག་བྱས་པ་ཞིག་ཡིན་འདུག ལས་འགུལ་འདིར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་གྱི་གྲས་སུ་ཨ་རིའི་ GeoHazards international ,GeoHazards sociey  ཚོགས་པ་དང་བོད་གཞུང་དཔེ་མཛོད་ཁང༌། དབུས་བོད་སློབ་འཛིན་ཚོགས། སམ་བྷོ་ཊ་བཅས་ཡོད་འདུག

 

ཐེངས་འདིའི་ས་འགུལ་ཉེན་སྐྱོབ་ཀྱི་ཆེད་མཁས་པ་དང་བོད་གཞུང་དཔེ་མཛོད་ཀྱི་ལས་བྱེད་ཚེ་རིང་དོན་འགྲུབ་ལགས་འདི་གའི་གསར་ཁང་ལ་ཆེད་དུ་བཅར་ཏེ། ས་འགུལ་ཉེན་སྐྱོབ་ཀྱི་སྦྱོང་བརྡར་འདི་གལ་ཆེན་ཡིན་སྐོར་དང་མི་དམངས་བྱིངས་ལ་ཁྱབ་བསྒྲགས་དང་ཉེན་བརྡ་གཏོང་གལ་ཆེ་སྐོར་བརྗོད་དོན། ཉེ་བའི་ཆར་བྱུང་བའི་འཛམ་གླིང་གི་ས་འགུལ་མང་ཆེ་བའི་གནོད་སྐྱོན་ཚབས་ཆེ་ཤོས་དེ་སློབ་ཕྲུག་ཚོར་བྱུང་གི་ཡོད་པ་དང༌། དེ་ལྟར་བྱུང་བའི་རྒྱུ་མཚན་གཙོ་བོ་ནི། སློབ་གྲྭའི་ནང་ས་འགུལ་ཉེན་སྐྱོབ་ཀྱི་གོ་རྟོགས་ཞན་པ་དང་གྲ་སྒྲིག་མེད་པའི་དབང་གིས་རེད། སློབ་གྲྭའི་འཛིན་སྐྱོང་དང༌། དགེ་སློབ་ཚང་མར་ས་འགུལ་གྱི་ཉེན་ཁ་སྔོན་འགོག་དང༌། ས་འགུལ་བྱུང་བའི་རྗེས་ཀྱི་མྱུར་སྐྱོབ་སྐོར་ལ་མཁྱེན་རྟོགས་ཉུང་བ། འདས་པའི་ལོ་རྒྱུས་ནང་ས་འགུལ་ལས་ཐར་ཐབས་ཀྱི་ཉམས་མྱོང་མེད་པ་བཅས་ལ་བརྟེན་ཏེ་སློབ་ཕྲུག་མང་པོའི་ཚེ་སྲོག་ཤོར་ཡོད།

 

ང་ཚོས་ཐེངས་འདིར་ས་འགུལ་ཉེན་སྐྱོབ་ཀྱི་སྦྱོང་བརྡར་སྤྲོད་དོན་ནི། བོད་པའི་སློབ་ཕྲུག་རྣམས་ས་འགུལ་སྐོར་ལ་ཤེས་རྟོགས་ཡོང་རྒྱུ་དང༌། ས་འགུལ་བྱུང་སྐབས་སོ་སོར་ཉེན་སྲུང་ཡོང་ཐབས་བཅས་ལ་དམིགས་པ་ཡིན། སྤྱིར་ས་འགུལ་སྦྱོང་བརྡར་འདི་ས་འགུལ་བྱུང་རྐྱེན་གྱི་མཚོན་དོན་ཙམ་ཡིན་ཡང༌། ངྷ་ས་གཡས་གཡོན་འདི་ས་འགུལ་གྱི་ཉེན་ཁ་ཆེ་ཤོས་ཀྱི་རྭ་བར་གནས་ཡོད་སྟབས། འདས་པའི་དུས་སུ་ས་འགུལ་གྱི་གནོད་ཚབས་མང་པོ་བྱུང་མྱོང་ལ། མ་འོངས་པར་ཡང་འབྱུང་སྲིད་པ་ཞིག་རེད། ཚན་རིག་པས། ང་ཚོ་ནམ་ཡང་ས་འགུལ་གཉིས་ཀྱི་བར་དུ་གནས་ཡོད། ཅེས་གསུངས་བ་ལྟར། འདས་པའི་ས་འགུལ་དང་བར་ཐག་རིང་དུ་ཕྱིན་ཡོད་ཀྱང༌། མ་འོངས་པའི་ས་འགུལ་དང་ཉེ་རུ་འགྲོ་བཞིན་ཡོད། འདས་པའི་ས་འགུལ་བྱུང་སྟེ་མི་ལོ་ ༡༠༤ སོང་ཕྱིན་ཡང༌། མ་འོངས་པའི་ས་འགུལ་ཉེན་སྐྱོབ་ཐད་ང་ཚོར་སྔ་མོ་ནས་གྲ་སྒྲིག་དགོས་པ་རེད། ཅེས་བརྗོད་བྱུང༌།

 

ས་འགུལ་ཉེན་སྐྱོབ་སྐོར་གྱི་གསལ་བསྒྲགས་ཤིག་བཀྲམས་ཡོད་པའི་ནང༌། རྒྱ་གར་ནང་ཕྱི་ལོ་ ༡༩༠༥ ལོའི་ཟླ་ ༤ ཚེས་ ༤ ཉིན་ས་འགུལ་ཚད་རིམ་ ༧་༨ ཅན་ཞིག་བྱུང་སྟེ། ཀང་རཱ་རྫོང་དང་ངྷ་ས་གཡས་གཡོན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཁག་ཏུ་ཁྱོན་བསྡོམས་མི་གྲངས་ཆིག་ཁྲི་དགུ་སྟོང་ ༡༩༧༢༧ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང༌། ཁང་པ་འབུམ་གཅིག་ ༡༠༠༠༠༠ ལྷག་གཏོར་སྐྱོན་བྱུང་སྟེ། རྒྱ་གར་གྱི་ལོ་རྒྱུས་ནང་སྲོག་སྐྱོན་ཆེ་ཤོས་ཀྱི་ས་འགུལ་ཞིག་ཏུ་ངོས་འཛིན་བྱས་ཡོད། རྒྱ་གར་ནང་ས་འགུལ་གྱི་ཉེན་ཁ་ཆེ་བའི་ས་ཁུལ་ཁག་ལས་ཅམ་བཱ་དང་ཀུ་ལུ། ཀང་རཱ། ཨཱ་ནཱ། ཧ་མིའར་པུར། མན་ཌི། སྤི་ལཱས་པུར་རྫོང་བཅས་ནི་ས་ཁུལ་སྡེ་ཚན་ལྔ་པ། ས་འགུལ་ཉེན་ཁ་ཆེ་གྲས་དང༌། ཧི་མཱ་ཅལ་མངའ་སྡེ་རྫོང་གཞན་རྣམས་ནི་ས་ཁུལ་སྡེ་ཚན་བཞི་པ། ཉེན་ཁ་འབྲིང་གྲས་བཅས་སུ་ངོས་འཛིན་བྱས་ཡོད་ལ། 

 

ཧི་མཱ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་པའི་སློབ་གྲྭ་བརྒྱ་ཆ་ ༦༠ ཙམ་སྡེ་ཚན་ལྔ་བ། ས་འགུལ་ཉེན་ཁ་ཆེ་གྲས་ཀྱི་ནང་དུ་ཚུད་ཡོད་ལ། སློབ་གྲྭ་གཞན་རྣམས་སྡེ་ཚན་བཞི་པ། ཉེན་ཁ་འབྲིང་གྲས་ཀྱི་ནང་ཚུད་ཡོད། རྒྱ་ས་ལྡི་ལི་ས་ཁུལ་སྡེ་ཚན་བཞི་པ། ཉེན་ཁ་ཆུང་གྲས་ཆགས་ཡོད། ཚན་རིག་མཁས་པ་རྣམས་ཀྱི་མ་འོངས་པར་ཧི་མ་ལ་ཡའི་རི་རྒྱུད་དུ་ས་འགུལ་གྱི་ཉེན་ཁ་ཆེན་པོ་ཡོད་པ་དང་། གལ་སྲིད་ས་འགུལ་ཤུགས་ཆེན་ཞིག་བྱུང་བ་ཡིན་ན། རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་ཡོངས་རྫོགས་ལ་གནོད་སྐྱོན་འབྱུང་སྲིད། ཅེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༩ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese