མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་དང་ནང་ཆོས་ཟུང་འབྲེལ་གྱིས་གནས་ལུཊ་འཚོལ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཆུང་ས་ནས་ཁྱིམ་ཚང་ནང་ཁུལ་རྒྱག་རེས་རྒྱག་པ་དང་མི་གསོད་པ། ཆེ་ས་ནས་འཇིགས་སྐུལ་རིང་ལུགས་སོགས་མཐར་གཏུགས་ན། སེམས་འདུལ་མ་ཐུབ་པ་ལས་བྱུང་བ་གསལ་བོ་རེད། སེམས་ཟེར་བ་དེར་སྨན་ཟོས་ཏེ་འདུལ་བ་དང༌། ཁབ་བརྒྱབས་ཏེ་འདུལ་བ་དེ་འདྲ་མེད། ང་ཚོས་འདི་ལྟར་ཚན་རིག་དང་ནང་ཆོས་གོ་བསྡུར་བྱེད་དོན། ཤེས་བྱ་རྒྱ་ཆེ་རུ་གཏོང་རྒྱུ་དང་ཤེས་བྱ་རྒྱ་ཆེ་རུ་བཏང་བའི་གྲུབ་དོན་མི་ལ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་བ་བྱ་རྒྱུ་ང་ཚོའི་དམིགས་ཡུལ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

 

བཞུགས་སྒར་ངྷ་རམ་ས་ལའི་གཟིམ་ཆུང་ཕོ་བྲང་དུ་ཕྱི་ཚེས་ ༦ ཉིན་ནས་མགོ་འཛུགས་ཀྱིས་སེམས་དང་སྲོག་ཅེས་པའི་བརྗོད་གཞིའི་ཐོག ཉིན་གྲངས་ ༥ རིང་གི་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་གོ་བསྡུར་ཞིག་ཚོགས་མགོ་བརྩམས་ཡོད་པ་དང༌། ཐེངས་འདིའི་ཚོགས་ཐོག་ཏུ་༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ། རྙིང་མའི་བླ་ཆེན་བསོད་རྒྱལ་རིན་པོ་ཆེ། ཨ་རི་དང་ཡུ་རོབ། དབྱིན་ཡུལ། རྒྱ་གར་བཅས་ཀྱི་ཚན་རིག་པ་དང་མཚན་ཉིད་རིག་པ་བ། དེ་བཞིན། གཙུག་ལག་སློབ་གྲྭ་ཁག་གི་ཚན་རིག་སློབ་དཔོན་ཆེན་མོ་དང་ཨ་རིའི་གློག་བརྙན་ཁྲབ་སྟོན་པ་སྐད་གྲགས་ཅན་རེ་ཆར་གྷར། དེ་བཞིན་བོད་པའི་གདན་ས་ཁག་གི་དགེ་བཤེས་བཅས་མཉམ་ཞུགས་གནང་ཡོད། ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྟེང་༧གོང་ས་མཆོག་གིས། ང་ཚོས་ལོ་ངོ་ ༢༢ རིང་ལ་ཚན་རིག་དང་ནང་ཆོས་བར་བགྲོ་གླེང་གོ་བསྡུར་དང༌། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་དེ། གནད་འགག་ཁག་ཅིག་ལ་གྲུབ་འབྲས་ལྡན་པ་བྱུང་ཡོད་པར་ཡིད་ཆེས་ཡོད། ཕྱི་དངོས་པའི་གནས་ལུགས་དང་རྡུལ་ཕྲན་གྱི་རྣམ་བཞག ནང་སེམས་ཀྱི་ཆོས་ཉིད། ལྷག་པར་དུ་ཚོར་ཤུགས་ཧ་ཅང་རྣོ་བའི་ནང་སེམས་ཀྱི་མྱོང་ཚོར་དང་འགྱུར་འགྲོས་བཅས་ལ། ང་ཚོའི་གྲོས་བསྡུར་རིམ་པ་བྱས་ཏེ་གསལ་བོ་ཆགས་ཡོད། དེར་བརྟེན། ནང་སེམས་ཀྱི་བྱེད་ལས་ལ་དོ་སྣང་མེད་རིགས་ཚོར་ཡང་དོ་སྣང་གསར་དུ་སླེབས་ཡོད།

 

ད་ལྟའི་བར་ང་ཚོ་ནང་པའི་ཆོས་ལུགས་པ་དང་ཚན་རིག་པའི་བར་བགྲོ་གླེང་ཚོགས་འདུ་ཐེངས་ ༡༨ ཙམ་བྱ་རྒྱུ་བྱུང་ཡོད། ཐོག་མའི་སྐབས་སུ་བོད་པ་ཚོ་དང༌། ལྷག་པར་དུ་ཆོས་ལུགས་པ་ཚོའི་ནང་དུ་དགོས་པ་ཆེར་ཨེ་ཡོད་སྙམ་པའི་མཐོང་ཚུལ་ཡོད་མཁན་བྱུང་ཡོད། བོད་པ་ཙམ་མ་ཡིན་པར་ཕྱི་རྒྱལ་བ་ཚོས་ཀྱང༌། ཆོས་ལུགས་པ་དང་ཚན་རིག་པས་མཉམ་དུ་སྐད་ཆ་བཤད་ན། ཆོས་དད་ལ་གནོད་པ་ཡོང་གི་རེད་ཟེར་མཁན་བྱུང་ཡོད་ཀྱང༌། ང་ཚོས་མུ་མཐུད་དུ་ནང་ཆོས་དང་ཚན་རིག་བར་ཚོགས་འདུ་བསྐངས་ཏེ། རིམ་གྱིས་ཚན་རིག་པ་ཚོར་ཕན་ཐོགས་ཡོད་པ་དང༌། ནང་པ་སངས་རྒྱས་པའི་ཆོས་ལུགས་པ་ཚོར་ཡང་ཕན་ཐོགས་ཡོད་པ་ཞིག་བྱུང་ཡོད། ང་ཚོའི་རྩ་བའི་དམ་བཅའ་དེ་གང་ཡིན་ཟེར་ན། སངས་རྒྱས་པའི་གྲུབ་མཐའ་དེ་བརྟག་དཔྱད་འོས་པ་ཞིག་རེད་དམ་མ་རེད། གྲུབ་མཐའ་བརྟག་དཔྱད་འོས་པ་ཞིག་མིན་པ་ཡིན་ན། ཅི་ཙམ་དཔྱད་པ་བྱས་པ་དེ་ཙམ་གྱིས་ཏོག་ཙམ་གཟབ་གཟབ་བྱ་དགོས་པ་ཆགས་ཀྱིན་ཡོད། བརྟག་པར་འོས་པ་ཞིག་ཡིན་ན། ཅི་ཙམ་དཔྱད་པ་བྱས་ན་དེ་ཙམ་ཁ་ཇེ་གསལ་དང་ངེས་པ་ཇེ་ཆེར་འགྲོ་བ་རེད། དེར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༌། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་སྤོབས་པ་ཆེན་པོས་གསུངས་ཡོད། རང་ཉིད་ཀྱི་ལྟ་གྲུབ་དེ་བརྟག་ཅིང་དཔྱད་པར་འོས་པ་ཞིག་ཡིན་པའི་ཆ་ནས་དེ་ལྟར་གསུངས་པ་རེད། ཚན་རིག་པ་ཡིན་ན་འདྲ་ལ། ཆོས་ལ་དོ་སྣང་མེད་མཁན་ཡིན་ནའང་འདྲ། དེ་བཞིན་ཆོས་ལ་སྐྱོན་འཛུགས་བྱེད་མཁན་ཚོ་ཡིན་ནའང་འདྲ། ག་ཚོད་ཐུག་འཕྲད་མང་པོ་བྱས་ཏེ་སྐད་ཆ་བཤད་པ་ཡིན་ན། དེ་ཙམ་གྱིས་ལེགས་པའི་ཆ་རྐྱེན་དུ་འགྲོ་བ་རེད། འོན་ཀྱང༌། སངས་རྒྱས་པའི་ཆོས་ལ་དད་པ་ཡོད་ཀྱང་ལྟ་གྲུབ་མི་ཤེས་མཁན་ཞིག་ཡིན་ན། དྲི་བ་གསར་པ་འདྲ་མིན་སླེབས་སྐབས་མགོ་འཐོམ་འགྲོ་བ་དེ་འདྲ་ཡོང་སྲིད་མོད། བདེན་བཞིའི་རྣམ་བཞག་དང་དེ་ཉིད་ཀྱི་རྣམ་བཞག་གི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་རྣམ་བཞག་བཤད་པ་ཡིན་ན། ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཆགས་ཡོད།

 

གཅིག་ནས་དེ་རིང་འདིར་བོད་པའི་ལྷ་རིམ་དགེ་བཤེས་དགའ་རབ་ཅིག་ཕེབས་འདུག གཉིས་ནས་བོད་པའི་ཕྲུ་གུའི་ནང་ནས་སྨན་ལ་སློབ་སྦྱོང་བྱས་ཡོད་དང་ཚན་རིག་ལ་དོ་སྣང་ཡོད་པ་དང༌། ཚན་རིག་དང་འབྲེལ་བའི་སློབ་སྦྱོང་རག་ཡོད་པ་ཁ་ཤས་སླེབས་ཡོད། དེ་ཚོར་དགེ་མཚན་ཞེ་དྲག་ཆེན་པོ་མཐོང་གིན་འདུག སངས་རྒྱས་པའི་ལྟ་གྲུབ་ཀྱི་ནང་དུ་བཤད་ཡོད་པ་དང༌། ཚན་རིག་གི་ཐོག་ནས་བཙལ་ཏེ་བརྙེད་ཡོད་པ་གཉིས་ཟུང་འབྲེལ་བྱས་ཏེ་མིའི་ཤེས་བྱ་རྒྱ་ཆེ་རུ་གཏོང་རྒྱུ་དང༌། མིའི་སྤྱི་ཚོགས་ནང་བདེ་སྐྱིད་བསྐྲུན་རྒྱུ་དེ་གྲུབ་དོན་རེད། ཆུང་ས་ནས་ཁྱིམ་ཚང་ནང་ཁུལ་ནས་རྒྱག་རེས་རྒྱག་པ་དང་མི་གསོད་པ། ཆེ་ས་ནས་འཇིགས་སྐུལ་རིང་ལུགས་སོགས་ཀྱང་མཐར་གཏུགས་ན། སེམས་འདུལ་མ་ཐུབ་པ་ལས་ཡོང་གིན་ཡོད་པ་གསལ་བོ་རེད། སེམས་ཟེར་བ་དེར་སྨན་ཟོས་ཏེ་འདུལ་བ་དང༌། ཁབ་བརྒྱབས་ཏེ་འདུལ་བ་དེ་འདྲ་ཡོད་པ་མ་རེད། ང་ཚོས་འདི་ལྟར་ཚན་རིག་དང་ནང་ཆོས་གོ་བསྡུར་བྱེད་དོན་ཤེས་བྱ་རྒྱ་ཆེ་རུ་གཏོང་རྒྱུ་དང༌། ཤེས་བྱ་རྒྱ་ཆེ་རུ་བཏང་བའི་གྲུབ་དོན་དེ་མི་ལ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་བ་བྱ་རྒྱུ་ང་ཚོའི་དམིགས་ཡུལ་རེད། དེ་ནི་ཆོས་པ་དང་གྲྭ་ཆས་གྱོན་མཁན་གཅིག་པུའི་འགན་མ་ཡིན་པར། བོད་པའི་སྤྱི་ཚོགས་ནང་ག་ཚོད་མང་པོ་བྱུང་ན་ཡག་པོ་རེད། ང་ཚོའི་ཕ་མེས་ནས་ནང་པ་སངས་རྒྱས་པ་རེད། སངས་རྒྱས་ཆོས་ཀྱི་ལྟ་གྲུབ་རྣམ་བཞག་གཏིང་ཟབ་མོ་ཞིག་ཤེས་པ་ཡིན་ན་ཕན་ཐོག་ཆེན་པོ་ཡོང་གི་རེད། ཅེས་བཀའ་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 3

  1. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ཨོ། ནམ་མཁའ་བསྟན་འཛིན། བདག་དཔེ་ཚོགས་ཀྱིས་ནུབ་བྱང་ཚང་གཡང་ལ་ག་འདྲ་བྱས་ནས་ཁྲིད་ཚུལ་གསལ་ཙམ་གསུང་ཐུབ་ན་ལེགས། དེའི་དོན་དེ་གོ་མ་བྱུང་།

    Reply
  2. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    བོད་བཞུགས་རྩོམ་པ་པོ་ཞོགས་དུང་ལགས་ཀྱི་དཔྱོད་ཤེས་རྒྱང་འབོད་ཀྱིས་མདོ་དབུས་ཁམས་གསུམ་འུར་ཟིང་ངེར་བཏང་བ་རེད། འོན་ཀྱང་བདག་དཔེ་ཚོགས་ཀྱིས་ནུབ་བྱང་ཚང་གཡང་ལ་འཁྲིད་ཡོད་པས་འདི་འདྲའི་ཚན་པ་རེ་ཟུང་དྲ་ངོས་སུ་འགོད་ཐུབ་ན་བོད་ཕྱི་ནང་གཉིས་ཀར་ཕན་པས་དཔྱོད་ལྡན་སུས་འབྱོན་ན་ཐུགས་རྗེ་ཆེ།

    Reply
  3. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    དེ་སྔོན་བསྟན་འཛིན་རིག་བཟང་ལགས་ཀྱིས་བོད་བསྒྱུར་བྱས་བ་ལས་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་བྱས་བའི་སྐོར་ལ་དབྱིན་ཡིག་གི་དེབ་མ་གཏོགས་བོད་བསྒྱུར་བྱས་བ་མང་པོ་མི་འདུག་པས་འདི་ལ་གཞུང་ངོས་ནས་ཐུགས་བསམ་ཞིག་བཞེས་རན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese