མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མར་མེ་ཁྲོམ་སྐོར།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp
བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་འདི་གོ་སྒྲིག་བྱས་པ་ཡིན་ཟེར།
ཕྱི་ཚེས་ ༨ ཉིན་གྱི་དགོང་མོར་སྦེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་གསུམ་གྱིས་གོ་སྒྲིག་འོག སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་སེར་སྐྱ་མི་མང་གིས་གཞིས་གྲོང་དང་པོར་མར་མེ་ཁྲོམ་སྐོར་ཞིག་བྱས་སོང་ལ། དེ་ནི་ཉེ་ཆར་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་པའི་དབང་གིས་ཡིན་སྐོར་ས་གནས་གཞོན་ནུའི་ཚོགས་གཙོ་པདྨ་ཚེ་དབང་མཆོག་གིས་ངོ་སྤྲོད་གནང་ཡོད། མར་མེ་ཁྲོམ་སྐོར་དེའི་ཐོག་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་བཀྲ་ཤིས་དབང་འདུས་ལགས་དང་མཉམ་འབྲེལ་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་མཆོག ས་གནས་གཞོན་ནུ་ཚོགས་པའི་སློབ་སྟོན་པ་བློ་བཟང་རྡོ་རྗེ་སོགས་གཙོས་སེར་སྐྱ་སྟོང་ཕྲག་ལྷག་མཉམ་བཞུགས་གནང་ཡོད།
གཞོན་ནུ་ཚོགས་པའི་སློབ་སྟོན་པ་བློ་བཟང་རྡོ་རྗེ་ལགས་ཀྱིས་དགོང་མོ་དེར་གསུངས་བཤད་གནང་དོན། ལོ་སྔོན་མའི་ཟླ་གསུམ་པ་ནས་བཟུང་ད་བར་བོད་ཁྱོན་ཡོངས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་ཡོད་ནའང་། གཞིས་ལུས་བོད་མི་རྣམས་ཀྱིས་ཞུམ་པ་མེད་པའི་ཐོག་ནས་ད་བར་ལས་འགུལ་རབ་དང་རིམ་པ་སྤེལ་བ་རེད་ལ། ཁོང་ཚོས་བོད་དོན་ལས་འགུལ་སྤེལ་རྒྱུར་དང་ལྷོད་གཏན་ནས་བྱུང་མེད་ནའང་། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་རྣམས་ཀྱིས་ལས་འགུལ་སྤེལ་རྒྱུར་དང་ལྷོད་བྱུང་དང་འབྱུང་བཞིན་ཡོད་ལ། ལོ་འདིར་ཁམས་དཀར་མཛེས་ཕྱོགས་ཀྱི་སོ་ནམས་པ་ཚོས་སོ་ནམས་ཞིང་ལས་བྱེད་རྒྱུར་མཚམས་འཇོག་གི་ལས་འགུལ་ཞིག་སྤེལ་གྱིན་པར་རྒྱ་ནག་གིས་བཙན་དབང་ཐོག་ཞིང་ལས་འདེབས་འཛུགས་ཀྱི་ལས་ཀ་བྱེད་འཇུག་གི་ཡོད་ལ། དེ་ནི་ལས་འགུལ་གྱི་རྣམ་པ་གསར་བ་ཞིག་རེད། རྒྱ་གར་གྱིས་སྔོན་མ་དབྱིན་གཞུང་ལ་ངོ་རྒོལ་བྱེད་སྟངས་ལྟ་བུ་རེད། ཡིན་ནའང་། བོད་ནང་དུ་རང་གི་ཞིང་ཁ་རང་གིས་མི་འདེབས་པའི་དབང་ཚད་ཀྱང་མེད་པར་དོན་མེད་གཅར་རྡུང་དང་བཙོན་འཇུག་གི་ཉེས་ཆད་འཁུར་དགོས་ཀྱི་ཡོད་འདུག དེ་བཞིན་རྭ་རྒྱ་གཙོས་བོད་སྟོད་སྨད་བར་གསུམ་གྱི་ས་གནས་མང་དག་ཅིག་ཏུ་ད་དུང་ཡང་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་ཡོད་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

མཆན། 2

  1. ཝེར་མ་ལྷ་དར། says:
    ལོ་ 17 སྔོན།

    དྲ་གྲོགས་ཁ་བ་ལགས་ཀྱིས་བཤད་པ་བཞིན་གདོང་དམར་ཚང་གི་ཆག་སྒོ་འདི་མར་མེ་ཁྲོམ་སྐོར་གྱིས་སྐྱོབས་ཐུབ་རྒྱུ་ཞིག་མིན་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་གདུང་སེམས་ཉམས་སྐྱེད་བྱེད་ཀྱིན་ཡོད་པ་རེད། འདི་ལྟ་བུ་ཞིག་ཀྱང་མ་བྱས་ན་གཞིས་ལུས་རྒྱ་ཆེ་མིང་ཚོགས་ལ་ངོ་མི་ཚ་འམ། འདིས་སྐྱོབ་ཐབས་མེད་དེའི་ཀྱང་སྐྱོབ་ཐབས་མེད་ཟེར་ནས་སྡོད་སྐབས་ཞིག་ཡིན་ནམ།
    ལས་འགུལ་དེའི་ཕན་འབྲས་མི་གླེང་བར་གཞིས་ལུས་རྒྱ་ཆེའི་མང་ཚོགས་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱི་དཔེ་ལྟར་བྱེད་མི་དགོས་སམ།

    Reply
  2. ཁ་བ། says:
    ལོ་ 17 སྔོན།

    ཡག་པོ་འདུག རྗེས་སུ་ཡི་རང་ཡོད། འོན་ཀྱང་གདོང་དམར་ཚང་གི་ཆག་སྒོ་འདི་མར་མེ་ཁྲོམ་སྐོར་གྱིས་སྐྱོབ་ཐུབ་རྒྱུ་ཞིག་རེད་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese