མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གླ་ཡོད་གསལ་བསྒྲགས་ཚགས་པར།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཨ་ཧྥི་རི་ཀའི་ཉིན་རེའི་ཚགས་པར་ཞིག་གི་ཤོག་ངོས་ ༡༢ ཡོད་པ་ཧྲིལ་བོར། ཡུལ་དེའི་རྒྱ་ནག་དོན་གཅོད་ཁང་གིས་གླ་ཡོད་གསལ་བསྒྲགས་ལྟར། དངུལ་སྤྲད་དེ་བོད་པའི་སྤྱི་ཚོགས་རྙིང་བར་སྐྱོན་བརྗོད་དང༌། བོད་ཞི་བའི་བཅིངས་གྲོལ། དམངས་གཙོ་བཅོས་བསྒྱུར། དེ་བཞིན་ལོ་ངོ་ ༥༠ རིང་གི་བོད་ལྗོངས་ཀྱི་འཕེལ་རྒྱས་དང་བདེ་སྐྱིད་ཡོད་སྐོར་གྱི་རྩོམ་ཡིག་དང་པར་རིས་བཀོད་ཡོད་འདུག

 

ཚེས་ ༧ ཉིན་ཨ་རིའི་རང་དབང་གི་རྩོམ་པ་པོ་ཇོན་ཌ་ཧྥེལ་ཞུ་བ་ཡིས། ལྷོ་ཨ་ཧྥི་རི་ཀའི་མཱ་ལཱ་ཝེ་མངའ་སྡེ་ཡི་ཉིན་རེ་གསར་ཤོག་དེའི་ཕྱི་ཚེས་ ༦ ཉིན་གྱི་ཤོག་ངོས་ ༡༢ ཧྲིལ་བོར། ལོ་ངོ་ ༥༠ རིང་གི་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་ཞེས་པའི་རྩོམ་ཡིག་དང་པར་རིས་ཀྱིས་ཁེངས་ཡོད་པ་དང༌། ཚགས་པར་ཧྲིལ་བོའི་བརྗོད་སྙིང་དང་ཇུས་འགོད་སོགས་ཚགས་ཚུད་ཡོད་པ་མཐོང་མ་ཐག ཁོང་གིས་ཚགས་པར་དེའི་རྩོམ་སྒྲིག་ཁང་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ། གནས་ཚུལ་བརྩད་གཅོད་བྱས་ཡོད་སྟབས། ཉིན་དེར་ཚགས་པར་དེའི་ཤོག་ངོས་ ༡༢ ཡོད་པ་ཚང་མ་ཡུལ་དེ་གའི་རྒྱ་ནག་དོན་གཅོད་ཁང་གིས་དངུལ་སྤྲད་དེ། གླ་ཡོད་གསལ་བསྒྲགས་དང་མཚུངས་པར་བོད་ཀྱི་སྤྱི་ཚོགས་རྙིང་བའི་སྐོར་གྱི་དྲིལ་བསྒྲགས་རྩོམ་ཡིག་བཀོད་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་རྗེས། ཉིན་རེའི་ཚགས་པར་དེའི་དཔར་སློག་གཅིག་ཨ་རིའི་ཝ་ཤིན་ཊོན་གྱི་ཕྱི་རྒྱལ་སྲིད་དོན་རྩོམ་རིག་གསར་ཁང་གི་ཟིན་བྲིས་སུ་བཀོད་ཡོད་འདུག

 

ཟིན་བྲིས་དེ་ཀློག་མཁན་དག་གིས་དཔྱད་གཏམ་སྤེལ་དོན། རྒྱ་ནག་གཞུང་གི་དྲིལ་བསྒྲགས་སྲིད་བྱུས་དེ་རྒྱལ་མཚམས་བརྒལ་ནས་སླེབས་ཏེ། ཐེངས་འདིར་ལྷོ་ཨ་ཧྥི་རི་ཀའི་མངའ་སྡེ་ཞིག་གི་ཉིན་རེའི་ཚགས་པར་བེད་སྤྱོད་བཏང་ནས་དྲིལ་བསྒྲགས་བྱས་སོང༌། ཡིན་ན་ཡང་ང་ཚོས་ཚོད་དཔག་བྱ་དཀའ་བ་ཞིག་ནི། ལྷོ་ཨ་ཧྥི་རི་ཀའི་མངའ་སྡེ་དེས་རྒྱུ་མཚན་གང་འདྲ་ཞིག་གི་འོག་ནས་བོད་དོན་ལ་དོ་སྣང་བྱས་པ་དང༌། ཡང་ན་རྒྱ་ནག་གིས་ཅིའི་ཕྱིར་མངའ་སྡེ་དེ་རུ་བོད་དོན་དྲིལ་བསྒྲགས་གལ་ཆེན་དུ་བཟུང་བ་རེད་དམ། ཞེས་པའི་གནད་དོན་འདི་རེད། ཅེས་དྲི་བ་བཏང་ཡོད་འདུག  

 

ཚགས་པར་དེའི་ཤོག་ངོས་དང་བོའི་མགོར་རྒྱ་ནག་གི་རྒྱལ་དར་ཆེན་པོ་ཞིག་དང༌། དེའི་འཁྲིས་སུ་ཡིག་འབྲུ་དམར་པོས། ལོ་ངོ་ ༥༠ རིང་གི་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་ཞེས་བྲིས་འདུག་ལ། ཚགས་པར་ཧྲིལ་བོར་རྒྱ་ནག་གཞུང་འབྲེལ་གྱི་དྲིལ་བསྒྲགས་ཁག་གཙིགས་སུ་བཟུང་སྟེ་བཀོད་ཡོད་པ་དང༌། སྤྱི་ལོ་ ༡༩༥༩ ལོའི་སྔོན་གྱི་བོད་མིའི་སྤྱི་ཚོགས་རྙིང་བར་སྐྱོན་བརྗོད་ཀྱི་དཔྱད་བརྗོད་རྩོམ་ཡིག་དང༌། སྐབས་དེའི་བོད་པའི་བྲན་གཡོག་ཚོས་ཞིང་བྲན་བདག་པོ་དང་མགོ་དཔོན་དག་ལ་སྐུ་གཡོག་ཞབས་ཞུ་སྒྲུབ་སྟངས་ཀྱི་པར་རིས་བཀོད་ཡོད་པ་མ་ཟད།

 

རྒྱ་ནག་གིས་བོད་ཡུལ་བཙན་བཟུང་བྱས་པ་མིན་པར། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཚོས་་བོད་ལྗོངས་ཞི་བའི་བཅིངས་གྲོལ་གཏོང་བར་རྒྱ་ནག་དང་མོས་མཐུན་གྱི་ཆིངས་ཡིག་དོན་ཚན་ ༡༧ ལ་མཚན་རྟགས་འཁོད་ཚུལ།  ༡༩༥༩ ལོར་རྒྱ་ནག་གིས་བོད་ལྗོངས་སུ་ཞི་བའི་སྒོ་ནས་དམངས་གཙོ་བཅོས་བསྒྱུར་བྱས་སྟབས། བོད་མི་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ཚུལ་དང་མི་མང་གི་གྲལ་རིམ་ལ་འགྱུར་བ་སོང་པ། བོད་ནང་གི་བོད་མི་ཚོས་ད་ལྟའི་རྒྱ་ནག་གི་བཀའ་དྲིན་ལ་བརྟེན་ནས་ཞི་བདེ་ལྷིང་འཇགས་དང༌། རང་དབང་རང་བདག་གི་འཚོ་བ་རོལ་གྱིན་ཡོད་པ། ༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱིན་ཡོད་པ། སྔར་ལོར་བྱུང་བའི་ཞི་རྒོལ་སྐབས། བོད་མི་ཚོས་དྲག་གཅོད་ཀྱི་ལས་འགུལ་སྤེལ་ཚུལ་སོགས་པར་རིས་དང་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༧ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༨ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢

མཆན། 11

  1. གངས་བུ། says:
    ལོ་ 17 སྔོན།

    གོང་ན་རྒྱ་རྒན་ཚོས་འདི་འདྲ་སྤེལ་དུས་དྲ་གྲོགས་ཚོའི་སེམས་ཚོར་ཅི་འདྲ་འདུག ། ངས་བསམ་པར་འདི་འདྲ་ཞིག་གིས་ང་ཚོ་ལ་དུས་ནམ་ཡང་ཕམ་ཁ་འབྱུང་མི་སྲིད །
    གོང་གི་པར་འདི་མོ་ཞིག་ལ་མི་སུ་ཞིག་ཡིད་ཆེས་ནས་བདེན་དབང་དུ་འཇོག་རྒྱུ་རེད ། གལ་སྲིད་འདི་འདྲ་ཞིག་གིས་འཛམ་གླིང་མི་མང་གི་སེམས་ཁམས་བསྒྱུར་ཐུབ་ན་ང་ཚོ་ལའང་༡༩༤༠སྔོན་གྱི་རྒྱ་ནག་མི་མང་གི་འཚོ་བའི་སྐྱིད་སྡུག་གི་པར་རིས་མང་པོ་སྟོན་རྒྱུ་ཡོད་མོད།

    Reply
  2. གངས་བུ། says:
    ལོ་ 17 སྔོན།

    སྤྱིར་བོད་ཀྱི་དུས་བབ་འདི་ཀློག་མཁན་བོད་རིགས་ཤ་སྟག་ཡིན་ཡིན་པས་འུ་ཚུགས་བཙན་གྱིས་རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་ཡིག་གཞན་བེད་སྤྱོད་མ་བཏང་ན་ཡག་ཤས་ཆེ ། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་བོད་ཡིག་སྤྱོད་པའི་ཆ་རྐྱེན་ལྡན་པས་ཚང་མས་བོད་ཡིག་ཐོག་ནས་སྤེལ་རོགས་གནང་ཞེས་ངས་འདི་ནས་འབོད་སྐུལ་ཞུ་བཞིན་ཡོད། བོད་ཡིག་མི་ཤེས་བའམ་རྟགས་མི་ཤེས་ན་རང་ཉིད་ལན་པ་ལས་ཁག་འཇོག་ས་གཞན་མེད།

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    སེམས་སྟེང་ནས་འཐད་པ་ཡིན། སྐད་ཆ་ཡོད་ན་ཁ་ཐུག་ལ་ལབ་བ་སྟག་ཤ་རའི་གཟི་བརྗིད་རེད།

    Reply
  4. དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    གྲོགས་པོ་ལྷན་རྒྱས། དྲྭ་ཚིགས་འདི་ཕ་སྐད་གཙང་མ་སྤེལ་ས་ཞིག་ཡིན་དུས། དབྱིན་ཡིག་དང་རྒྱ་ཡིག་དག་མ་འགོད་རོགས་ཞུ་རྒྱུ་ཡིན།

    Reply
  5. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    ཕྱི་སྡོད་བོད་པ་ཚོས་ཀྱང་ངེས་པར་དུ་བོད་དོན་དྲིལ་སྒྲོག་དང་ངོ་རྒོལ་སོགས་གང་ཅིའི་ཐད་ནུས་པ་བླ་ལྷག་ཏུ་འདོན་དགོས་ས་རེད། ཉེ་ཆར་ཧུའུ་ཅིན་ཐའོ་ལོན་དྲོན་དུ་འབྱོར་སྐབས་ངོ་རྒོལ་བྱས་པ་ཙམ་ཡང་ཐོས་མ་བྱུང་། ད་ཅི་ཞིག་བྱེད་བཞིན་བསྡད་ཡོད་པ་རེད།

    Reply
  6. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    ཕྱི་སྡོད་བོད་པ་ཚོས་ཀྱང་ངེས་པར་དུ་བོད་དོན་དྲིལ་སྒྲོག་དང་ངོ་རྒོལ་གྱི་སོགས་གང་ཅིའི་ཐད་ནུས་པ་བླ་ལྷག་ཏུ་འདོན་དགོས་ས་རེད། ཉེ་ཆར་ཧུའུ་ཅིན་ཐའོ་ལོན་དྲོན་དུ་འབྱོར་སྐབས་ངོ་རྒོལ་བྱས་པ་ཙམ་ཡང་ཐོས་མ་བྱུང་། ད་ཅི་ཞིག་བྱེད་བཞིན་བསྡད་ཡོད་པ་རེད།

    Reply
  7. Tenpa Nyima says:
    ལོ་ 17 སྔོན།

    Oh ya, Chinese acting as a child play game and no one believe what they said but they still tried so hard. Oh gosh, Some poor countries like Nepal and Africa will be their dog and any way they will bark any time when Chinese push them.

    Reply
  8. གངས་ཕྲུག says:
    ལོ་ 17 སྔོན།

    འཛམ་གླིང་ཡུལ་གྲུ་ཆེ་ཆུང་མང་བོ་ཞིག་རྒྱའི་རྒྱུཊ་ཁྱི་རེད། ཁོང་ཚོར་ཚོང་ཁེ་ཐོབ་ན་རྒྱ་རྒན་ཧུ་དང་ཝན་གཉིས་ཀྱི་རྟུག་པ་ཟ་བར་ཡང་བག་ཚ་མེད་ཁོ་ཐག་རེད། རང་དོན་རང་བྱེད་ལས་མི་ལ་སྐྱབས་བཅོམལ་མི་ཉེན

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འཛམ་གླིང་འདི་རུ་སྙན་གྲགས་ཅན་གྱི་མི་སྣ་ཆེས་མང་བོ་ཞིག་གིས་ཁ་གཡང་སྙན་མོ་རེ་སྒྲོག་བཞིན་ཡོད་པ་ལས་དོན་དངོས་ལ་ཐུག་དུས་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོ་བྱེད་པ་ལས་སྐྱབས་བཅོལ་གྱི་འོག་འཚོ་བཞིན་པའི་མི་རིགས་དག་མི་མཐོང་མཁན་ནི་ཧ་ལས་པའི་དར་འཕེལ་འགྲོ་བཞིན་ཡོད་པ་ནི་མངོན་གསལ་དོད་པོ་ཆགས་ཡོད་པ་མ་ཟད། ད་ལྟའི་འཆར་ཨ་ཧྥི་ཀའི་སྲིད་འཛིན་དེ་དག་གིས་དེ་ལྟར་རྒྱ་ནག་ལ་ངོ་དགའ་འཁྲབ་བཞིན་པའི་བྱེད་སྟངས་འདི་ནི་ཧ་ལས་དགོས་པ་ཞིག་མིན་པར་དེ་ནི་ཁོང་ཚོས་རང་གི་སྲིད་དོན་གྱི་སྟེགས་བུ་རྒྱ་ཇེ་ཆེར་གཏོང་འདོད་ཡིན་པ་ལས་ཆབ་སྲིད་ཀྱི་རྨོངས་པའི་ཨ་ཧྥི་རི་ཀའི་མི་མང་ལ་བོད་པ་ཚང་གི་སྐྱིད་སྡུག་གི་བྱུང་རིམ་དེ་དག་ཡིན་པར་ཡིད་ཆེས་ཡོང་བར་ངོ་སྤྲོད་བྱེད་ཀྱི་མེད་ལ། ཨ་ཧྥི་རི་ཀའི་ཞི་བདེ་རྟགས་མ་བཞེས་མཁན་གྱི་མི་སྣ་སྐད་གྲགས་ཅན་རེ་ཟུང་ཡོད་པ་དེ་དག་གིས་ཀྱང་གནས་ཚུལ་དེ་དག་བདེན་པ་མིན་པ་ཤེས་བཞིན་ཡོད་ཀྱང་། ཁོང་ཚོས་རང་གི་སྲིད་གཞུང་ལ་ཇུས་དོག་བྱེད་རྒྱུའི་དབང་ཤུགས་ནི་མེད་པ་རེད། ད་ནི་སྲིད་དབང་འཛིན་མཁན་གྱི་རྒྱལ་ཁབ་ཆེས་མང་བོ་ཞིག་གིས་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོ་འཛིན་པ་ལས་འགྲོ་བ་མིའི་ཐོབ་ཐང་ཅེས་གླེང་བཞིན་པ་དེ་ནི་ཁ་གཡང་ཞིག་ལས་གཞན་གང་ཡང་མིན་པ་ཤེས་པར་གྱིས་དེ་རང་དོན་རང་གི་བྱེད་རྒྱུར་བོད་རིགས་ཚང་མའི་རྡོག་རྩ་གཅིག་སྒྲིལ་གྱིས་རང་རང་ས་ནས་མི་གཅིག་ལ་ཡིན་ཡང་བོད་པ་ཟེར་བ་དེ་ནི་གང་འདྲ་ཞིག་ཡིན་མིན་འགྲེལ་བཤད་བྱེད་ཐུབ་མཁན་ཞིག་ཆགས་དགོས་ཀྱི་ཡོད་པ་དེ་ཤེས་པའི་དུས་སུ་སླེབས་པ་ངོས་ཟིན་བྱེད་རོགས་ཞུ་རྒྱུ་ཡིན།

    Reply
  10. ཁ་བ། says:
    ལོ་ 17 སྔོན།

    ནོར་བཅོས། ངས་་་་་

    Reply
  11. ཁ་བ། says:
    ལོ་ 17 སྔོན།

    ང་སྔོན་ཆད་ལྷོ་ཨ་ཧྥི་རི་ཀ་ནི་ཨ་ཧྥི་རི་ཀའི་གླིང་ཆེན་གྱི་རང་དབང་དང་། མང་གཙོ། སྨྲ་བརྗོད་རང་དབང་གི་མཚོན་རྟགས་ཤིག་ཏུ་འདོད་ཡོད། འོན་ཀྱང་ཉེ་ཆར་༸གོང་ས་མཆོག་ལ་ཞི་བདེ་ལྷན་ཚོགས་ཐོག་ཆིབས་བསྒྱུར་གནང་རྒྱུའི་ཐོངས་མཆན་མ་ཕུལ་བ་དང་། ཕྱི་ཚེས་ ༦ ཉིན་ལྷོ་ཨ་ཧྥི་རི་ཀའི་མཱ་ལཱ་ཝེ་མངའ་སྡེ་ཡི་ཉིན་རེ་གསར་ཤོག་ཐོག་དེ་ལྟར་བོད་ཀྱི་དོན་དངོས་འཁྱོགས་བཤད་བྱེད་སར་སྤྱད་པ་དེས་ངའི་སེམས་ཁོང་གི་ལྟ་ཚུལ་དེ་རྦད་དེ་བརླགས་སོང་བར་མ་ཟད། འཛམ་གླིང་ཐོག་གི་རང་དབང་དང་དྲང་བདེན་སྐྱོང་བའི་མི་རྣམས་ཧ་སངས་པར་བྱས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese