མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་འགུལ་ཆུང་ཆུང་གཉིས།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

 མི་ནག་ནས།
 
ན་ནིང་གསུམ་བཅུའི་དུས་དྲན་ནས་བཟུང་ང་ཚོས་བོད་ལ་གོམ་བགྲོད་ཟེར་བ་དང་། ཟས་བཅད་ངོ་རྒོལ་ཟེར་བ་དང་། སྒྲོལ་མ་འབུམ་ཚོགས་ཟེར་བ་དང་། ཞི་བའི་སྐད་འབོད་ཟེར་བ་དང་། མར་མེ་ཁྲོམ་བསྐོར་ཟེར་བ་སོགས་ཕན་འབྲས་མེད་པའི་ལས་འགུལ་རྐྱང་རྐྱང་སྤེལ་ནས་བསྡད་པ་ལས་གཞིས་ལུས་མི་དམངས་ལ་ལས་འགུལ་གྱི་ཁ་ཕྱོགས་གསར་བ་ཅི་ཡང་ལམ་སྟོན་བྱས་མ་སོང་། གུས་པས་ནམ་རྒྱུན་ནས་གཞིས་ལུས་བོད་མིས་འཚེ་སྲོག་གི་འགྲོ་གྲོན་གཏོང་མི་དགོས་པར་སྤེལ་ཐུབ་པའི་ལས་འགུལ་ཆེན་པོ་གཉིས་ངོས་འཛིན་བྱེད་ཀྱི་ཡོད་པ་ནི་བོད་མིས་རྒྱ་གཞས་མི་ལེན་པ་དང་། ཆོལ་གསུམ་བོད་ཀྱི་རྩིས་གཅིག་གྱུར་བྱེད་རྒྱུ་དེ་རེད། ཏག་ཏག་ལ་ན་ནིང་ད་ལོ་ནི་ཆོལ་གསུམ་མི་དམངས་སྤུན་ངོ་འཕྲོད་དེ་ཁྱེད་ཀྱིས་བྱེད་ན་ངས་ཀྱང་བྱེད་ཟེར་བའི་དུས་བཟང་སྐལ་བཟང་ཞིག་གི་ངོ་ཤར་བས། ང་ཚོས་ཀྱང་ཐབས་བརྒྱ་བྱུས་སྟོང་གིས་ལས་འགུལ་ཆུང་ཆུང་འདི་གཉིས་ལ་སོན་ཞིག་འདེབས་རན།

ང་ཚོས་སྐུ་གཤེགས་དཔའ་པོ་དེ་དག་ལ་མྱ་ངན་མཚོན་ཆེད་གཞས་མི་ལེན་ཟེར་བ་ཁག་པོ་རེད་དེ་བོད་ཀྱི་གཞས་པ་གཞས་མ་རྣམས་ཀྱིས་ཉི་མ་དེ་རིང་ནས་བཟུང་འཆི་བ་སྲོག་ལ་ཐུག་ཀྱང་བོད་གཞས་མ་གཏོགས་རྒྱ་མ་བོད་གཞས་མི་ལེན་སྙམ་པའི་ལ་རྒྱ་ཞིག་དངོས་གནས་དགོས་ཀྱི་འདུག བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་པའི་དཔའ་བོ་དེ་དག་གི་རྗེས་སུ་འགྲོ་མ་ཐུབ་ཀྱང་རྒྱ་གཞས་གཏོང་རྒྱུ་རྩ་བ་ནས་མཚམས་བཞག་སྟེ་དེ་དག་ལ་མྱ་ངན་ཙམ་ཞིག་ཅིས་ཀྱང་བྱེད་ཐུབ་དགོས་པ་རེད། བོད་མི་དམངས་ནས་ཀྱང་དེ་ལྟར་བྱེད་མཁན་རྣམས་ལ་དགའ་བསུ་དང་། མི་བྱེད་མཁན་རྣམས་ལ་སྐྱོན་བརྗོད་བྱེད་དགོས་ཀྱི་འདུག རང་ཉིད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ལས་ཞིག་བྱེད་དགོས་ཟེར་གྱིན་མེད། རྒྱ་གཞུང་གིས་དགའ་སྟོན་ཞིག་ལ་རྒྱ་གཞས་ལེན་པར་བཀོད་སྒྲིག་བྱས་པ་ཡིན་ན་གནས་ཚུལ་ཐ་དད་རེད། དེ་མ་གཏོགས་རང་ཉིད་སྒེར་ངོས་ནས་རྒྱ་མ་བོད་གཞས་ཀྱི་བརྙན་སྡེར་དང་འཁོར་ཐག་མི་བཟོ་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་བོད་མི་ཡོངས་ནས་གུས་བཀུར་བྱེད་སའི་གཞས་པའི་དང་རྩེར་སོན་པ་རྣམས་ཀྱིས་ངེས་བར་དུ་འགན་ཞིག་འཁུར་དགོས་ཀྱི་འདུག གདུ་བྷེས་འགན་འཁུར་བ་ལྟར་ཡ་དུང་ནས་ཀྱང་འགན་འཁུར་དགོས་ཀྱི་འདུག་ལ་ནམ་མཁས་འགན་འཁུར་བ་ལྟར་ཀུན་དགས་ཀྱང་འགན་ཞིག་འཁུར་དགོས་ཀྱི་འདུག རང་ཉིད་ཁོ་ནས་མིང་གྲགས་དང་ཁེ་ཕན་མ་གཏོགས་མི་རིགས་ཀྱི་བསམ་བློའི་ཁ་ཕྱོགས་དང་བོད་ཀྱི་སྐད་ཡིག་ལ་གནོད་པ་ཅི་ཙམ་ཐེབས་ཀྱི་ཡོད་མེད་རྩ་བ་ནས་བསམ་བློ་གཏོང་མི་ཤེས་ན། ཆོལ་ཁ་གཞན་པའི་གར་སྟེགས་སུ་བུད་དེ་ཆོལ་གསུམ་བོད་རིགས་སྤུན་ཟླ་གཅིག་པ་ཡིན་ཞེས་ལངས་ཀྱང་དོན་སྟོང་རེད།

དེ་བཞིན་དུ་ད་ལོར་ཆོལ་གསུམ་བོད་མི་ཡོངས་ནས་ལོ་གསར་ལ་མྱ་ངན་སྲུང་བརྩི་བྱས་བ་འདི་དང་བསྟུན་ནས་ལི་ཐོ་གཅིག་གྱུར་ཡོང་བ་ལ་འབད་དེ་ད་ལོའི་ལོ་གསར་ལ་ང་ཚོ་ཆོལ་གསུམ་རྩིས་ངོས་ནས་ལྷན་མཛོམས་བྱུང་བར་དགའ་སྟོན་བྱེད་དགོས། བོད་ནང་དུ་ཚོང་བ་རྣམས་ཀྱིས་དབུས་རྩིས་ལི་ཐོ་རང་རང་གི་ལུང་པར་འགྲེམ་སྤེལ་བྱེད་པ་དང་། སློབ་མ་དང་གྲྭ་བ་རྣམས་ཀྱིས་རང་རང་གི་ནང་མི་ལ་ད་ལོ་ནས་བཟུང་ང་ཚོ་བོད་མི་ཡོངས་ནས་དབུས་རྩིས་གཞིར་བཞག་བྱེད་ཀྱིན་ཡོད་པར་འགྲེལ་བཤད་བྱ་དགོས། རྒྱ་མིས་ཅི་ཙམ་ཁ་བྲལ་དུ་བཟོས་ཀྱང་ང་ཚོ་གང་གི་ཕྱོགས་ནས་ཀྱང་གཅིག་ཡིན་པར་འཛམ་གླིང་མི་དམངས་ལ་གསལ་སྟོན་བྱེད་དགོས་ལ། གཅིག་མིན་པ་རྣམས་རྣམས་གཅིག་ཏུ་བཟོ་དགོས།

གང་ལྟར། རང་དབང་གི་སྐད་འབོད་བསྒྲགས་ཏེ་མེ་མདའི་ཁ་ནས་ཚེ་སྲོག་སྐྱེལ་བ་ལས་ཀྱང་རྒྱ་གཞུང་གི་དམག་དཔུང་མདུན་དུ་འབུད་མི་དགོས་པའི་གོ་ཁའི་ལས་འགུལ་འདི་གཉིས་གྲུབ་འབྲས་ཆེ་བར་དགོངས་ཀྱི་མི་འདུག་གམ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༩ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༢ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 11

  1. སྒྲོལ་མ། says:
    ལོ་ 17 སྔོན།

    བོད་ཀྱི་སྐད་ཡིག་ཟིན་བྲིས་ལས་འདྲེན་བཀོད་བྱས།
    ལོ་ངོག་སྟོང་ཕྲག་ལྷག་གི་དཔལ་ཡོན་ལྡན་པའི་སྒང་བ་བོད་འདི་སྔར་ནས་རང་སྐྱ་ཐུབ་པའི་རྒྱལ་ཕྲན་ཞིག་ཡིན་པ་རྒྱ་བོད་ཀྱི་ཡིག་ཚང་དག་ཏུ་ཡོད་པ་མངོན་གསལ་ཡིན།དེ་རིང་དེའི་གཟི་བརྗིད་ལྡན་པའི་འདས་པའི་ལོ་རྒྱུས་སྐོར་བརྗོད་འདོད་མེད། འཛམ་གླིང་གི་འགྱུར་འགྲོས་དང་འཕེལ་རིམ་ཁྲོད་ལ་ཕྱི་མིག་ཞིག་བལྟས་ཚེ་ང་ཚོ་དང་འདྲ་བའི་མི་རིགས་སམ་རྒྱལ་ཁབ་མང་དག་ཞིག་གིས་ང་ཚོར་མིག་དཔེ་འམ་ལམ་ཁ་བསྟན་ཟིན་ཡོད། དཔེ་མཚོན་མང་པོ་ཞིག་གི་ནང་ནས་ཀུན་གྱི་ཤེས་རྟོགས་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱི་ལོ་རྒྱུས་ལ་ལྟོས་དང ་རང་བཙན་རྒྱལ་ཁབ་ཞིག་ནས་ཕ་ཁྱིམ་ཇག་རྐུན་གྱི་ལག་ཏུ་ཤོར་ནས་ལོ་ངོ་ཉིས་བརྒྱ་ལྷག་རིང་གཉའ་གནོན་འོག་ཏུ་གནས་དགོས་བྱུང་ཡོད། རང་དབང་གཞན་ལག་ཏུ་ཤོར་ཀྱང་མཐར་དཔའ་མཛངས་ལྡན་པའི་སྤུན་ཟླ་ཡོངས་ཀྱིས་རྡོག་རྩ ་གཅིག་སྒྲིལ་གྱི་ཚེ་སྲོག་དང་ཤ་ཁྲག་གིས་མི་རིགས་དེའི་མདུན་ལམ་བཟོས་ནས་ཕ་རོལ་རང་དབང་གི་འབྲས་བུ་སྤྱོད་རྒྱུའི་གོ་སྐབས་མངོན་དུ་གྱུར་བ་རེད་མོད། དེ་མཚུངས་ཀྱི་སྐྱོ་གར་གྱི་སྟེག་བུའི་སྟེང་དུ་ད་སྐབས་ང་ཚོ་མི་འདོད་བཞིན་དུ་སྐྱེལ་ནས་ལོ་ངོ་ལྔ་བཅུ་ཟིན་ཡོད།དེའི་སྟེང་དུ་སླེབ་ཟིན་དུས་གང་ལྟར་འཛམ་གླིང་གིས་མིག་ཅེར་ནས་ང་ཚོས་ཇི་འདྲ་ཞིག་ཁྲབ་སྟོན་བྱེད་ཡོང་ངམ་སྙམ་ནས་བལྟས་ཡོད། རྒྱ ་གར་བ་ཐུག་ས་དེ་འདྲེའི་ནང་ནས་ཅུང་བསམ་ཤེས་ཞིག་ལ་ཐུག་ཡོད།ང་ཚོ་ཐུག་ས་དེ་འདྲེའི་ནང་ནས་ཆེས་གདུག་རྩུབ་ཅན་གྱི་འདྲེ་ཞིག་དང་འཕྲད་ཡོད་བསམ་མཁན་ཡོད་སྲིད། ཅི་ཁག་་་་་་་་ངོ་མ་རེདའོན་ཀྱང་ཁྱེད་ཀྱིའི་ང་ཚོ་ལ་ཁོང་ཚོའི་དབུ་ཁྲིད་འགན་ལྡེ་ལས་ལྷག་པའི་འགྲན་ཟླ་བྲལ་པའི་བླ་མེད་ཀྱི་དབུ་ཁྲིད་ཞི་བདེའི་དེད་དཔོན་ཞིག་ཡོད་པ་ཤེས་དགོས།འོན་ཀྱང་ཁོང་ཁོ་ན་ལ་རེ་བཅོས་བྱེད་རྒྱུ་ག་ལ་ཡོད། དེ་འདྲ་བྱས་ན་མི་རིགས་འདི་ལ་རེ་བ་ཟད་པ་རེད། བཀྲ་པེ་ལགས་ཀྱི་གཙོས་བྱས་དཔའ་བོ་དཔའ་མོ་ཚོའི་བསམ་བློས་དེ་ལ་དོན་གྱི་གཏོང་ཐུབ་ཡོད། དེར་བརྟེན་དཔའ་བོ་དཔའ་མོ་གང་མང་ཞིག་གི་ཚེ་སྲོག་གིས་རང་དབང་གི་ལམ་ཆེན་ལ་ཞལ་འདེབས་ཕོས་དང་འབུལ་བཞིན་ཡོད་པའང་རྒྱུ་མཚན་དེ་རེད།

    ཉིས་སྟོང་བརྗེད་རྒྱུ་མེ ད་པའི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན།རྟ་བདུན་དབང་བོ་གཡའ་དག་གི་མཁའ་ལམ་ནས་དྲོད་ཀྱིས་དྭངས་མ་མཐོ་སྒང་དུ་བཀྱེས་ནས་ཡོད་པའི་ཉིན་དཀྱིལ་ཙམ་ལ་ནུབ་ཀྱི་དྲི་བཞོན་གྱིས་གློ་བུར་དུ་གཉན་པོ་གཡུ་རྩེའི་ཁ་བའི་འདབ ་མ་ཁྱེར་ནས་རྔ་བའི་གྲོང་ཐོག་ཏུ་དལ་གྱིས་མཆོད།དེ་ནི་གནམ་རྒན་མའི་དཔའ་བོ་ཞིག་གི་བྱས་རྗེས་ཀྱི་ལྟ་གོན་ལ་ བསྔོན་བསུའི་སྔགས་པའི་མེ་ཏོག་གམ་ཡང་ན་སྐྱོ་པའི་མིག་ཆུས་སྣེ་འདྲེན་བྱེད་པ་ཞིག་ཡིན། རེ ད་ཡ་་་་་་སུ་ཞིག་གིས་ཀྱང་ཉམས་འཇོག་དང་དོ་སྣང་མེད་པའི་སྐབས་ལ་རྔ་བ་ཀིརྟི་དགོན་གྱི་གྲྭ་བཀྲ་པེ་ལགས་ གྲོང་གི་ལམ་ཆེན་དཀྱིལ་ཏུ་ཡོང་ནས་མི་ཚོགས་དང་རང་གྱེས་ནས་མེ་ཆ་ཞིག་གིས་རང་ལུས་ཀྱི་གྲྭ་ཆས་རྡོ་སྣུམ་གྱིས་ ཚོས་ཟིན་པའི་སྟེང་དུ་གཏད་་་་་་གཏད་སོང་་་་་་་་མེ་ཕུང་ཞིག་ཏུ་གྱུར་་་་་ཀུན་གྱི་མིག་་་་་་་འོད་ཞ གས་ཀྱིས་ཁྱེར་་་་་་་་་་་ཚེ་སྲོག་གི་མེ་ཕུང་དུ་གྱུར་་་་་་་་་་་་་་་འཇིག་རྟེན་ལ་ཆེས་ཚ་ངར་ཅན་གྱི་ མེ་ཕུང་འདིའི་ཚ་ཟེར་ལ་མཁའ་རུ་རྒྱུ་པའི་རྟ་བདུན་དབང་བོས་ཀྱང་ལྟ་མ་བཟོད་པ་ཆུ་འཛིན་གྱི་རྒྱབ་དུ་ཡུབ་ནས་ ཁ་བའི་འདབ་མ་དང་མཉམ་དུ་ཤུམས། མི་ཚོགས་ཀྱིས་གློ་བུར་དུ་སྔར་བྱུང་མ་མྱོང་བའི་དོན་རྐྱེན་འདི་འདྲ་མཐོང་དུས་ཧད་ནས་ལྷག ཁོང་གི་འབོད་ཚིག་འགའ་གནང་འདུག་པས་སུས་ཀྱང་ད་བར་གསལ་བོ་གོ་ཐོས་བྱུང་མཁན་མེད་འདུག

    སྤྱིར་རྔ་བའི་ཁྲོམ་ལམ་བར་མི་སེལ་ལས་དྲག་ཆས་མི་སྣའི་གྲངས་འབོར་གྱི་མང་བ་ད་རེས་ཙམ་མ་རེད། ཁོ ང་ཚོའི་འགྲོ་མི་རེ་རེའི་རྗེས་སུ་མིག་རྩེ་གཏད་ནས་དྲག་གནོན་བྱེད་ཆོག་ཆོག་ཡོད་ཀྱང་འཇིགས་སྐྲག་གིས་ཁངས་བའི་དམག་དཔུང་གནས་སྐབས་ཅི་བྱ་གཏོར་མེད་དུ་གྱུར་འཚམས་ཉེན་རྟོགས་པ་འགས་རྫས་སྦྱོར་གྱི་བཟོས་བའི་མེ་གསོད་བྱེ ད་ཆས་ཀྱི་མེ་གསོད་ཐུབ་ཙམ་བྱུང་རྗེས་རླངས་འཁོར་ཞིག་གི་སྟག་སྒམ་ནང་དུ་ཤ་ཚ་སྙིང་རྗེ་བྲལ་ཏེ་རྡོ་བཞིན་འཕང ་ནས་སྲིད་གཞུང་ཕྱོགས་སུ་ཁྱེར། སྐ བས་དེར་གཞོན་སྐྱེས་མང་བོའི་ཡ་ཁོག་མཆུ་མའི་གང་ནས་དྲག་ཆས་དཔུང་ཁག་ཕྱོགས་སུ་སོར་བཅུ་གཅིག་ཏུ་བཅིངས་ ནས་རྒྱུག་སྐབས་རྒན་རྒོན་དག་གི་ཚེ་སྲོག་ཤོར་རྒྱུ་ལས་མེད་པ་མཐོང་ནས་མཎི་བགྲང་བཞིན་ཤི་འཐབ་རོ་འཐབ་བྱས་ ནས་བཀག་འདུག དྲ ག་དཔུང་གིས་འཕྲལ་དུ་མི་སེར་ཚོ་ཕྱོགས་འཚམས་ཀུན་ལ་བཙན་གྱིས་འགྲོ་རུ་བཅུགདཔའ་བོས་མི་རིགས་ཀྱི་ལོ་རྒྱུས་ཀྱི ་གར་སྟེགས་སྟེང་ནས་འཇིག་རྟེན་སྲིལ་བོ་གཡོ་འགུལ་ཐེབ་པའི་གར་ཉམས་ཞིག་བསྟན་ཟིན། དེ་ནས་བཟུང་བཀྲ་པེ་ཞེས་མི་རིགས་ཞིག་གི་སྙིང་སྟོབས་དང་དཔའ་ངར་མཚོན་བྱེད་གྱི་མི་སྣ་འདིའི་ཚེ་སྲོག་གི་མཇུག ་རྫོགས་པ་ག་ལ་ཡིན། ལོ་ངོ་ཉི་ཤུ་རྩ་གསུམ་དང་ཟླ་བ་ཉིས་བརྒྱ་བདུན་ཅུ་དོན་དྲུག་གཟའ་འཁོར་ཆིག་སྟོང་བརྒྱ་དང་བཅུ་མེད་བཞི ཉི་མ་བདུན་སྟོང་བདུན་བརྒྱ་ཉི་ཤུ་རྩ་བརྒྱད་ཆུ་ཚོདཆིག་འབུམ་བརྒྱད་ཁྲི་ལྔ་སྟོང་བཞི་བརྒྱ་བདུན་ཅུ་དོན་གཉིས། སྐར་མ་བྱེ་བ་གཅིག་དང་ས་ཡ་གཅིག་བྱེ་བ་གཅིག་ཉིས་ཁྲི་བརྒྱད་སྟོང་སུམ་བརྒྱ་ཉི་ཤུ་ཐམ་པའི་དུས་ཚོད་ཀྱི་ཆ་ཚང་ བའི་ལང་ཚོའི་དཔལ་ཡོན་ལ་རྫོགས་ཚིག་བཞག་པ་དེ་ཕྱི་མིག་ཞིག་ལྟས་ན་སྐར་གཅིག་གི་སྣང་བ་རེད་མོད། ཤེལ་སྒམ་ཞིག་གི་ནང་ནས་ལུས་ཀྱི་ཤ་དང་ཁྲག་གི་རྒྱུན་དལ་གྱིས་ཟད་ནས་ན་ཟུག་དང་ཚ་གདོང་གིས་སྐར་མ་རེ་རེ་ལོ་རེའི་འདུ་ཤིས་ཀྱི་ཉི་མ་སྐྱེལ་རྒྱུའི་འགོ་བཟུང་བ་རེད།

    ཁོང་ནི་ད་སྐབས་འཇིག་རྟེན་ཐོག་གི་དམྱལ་བའི་ནང་གི་དམྱ ལ་བ་ལ་ངོས་སུ་གདོང་ལེན་བྱེད་མཁན་དུ་གྱུར་བའི་ང་ཚོའི་སྤུན་ཟླ་རེད། ཁོང་གི་སྐུ་ཚེའི་ཅི་ཙམ་ལ་བསྟེན་མིན་ང་ཚོས་བཤད་དཀའ། དམ་པ་འདིའི་ཕ་ལོ་དང་མ་ལོའི་མཆུ་མས་ཉིན་ཞག་སྐྱེལ་ནས་ཡོད་པ་བཞིན་ཤ་ཞེན་ཅན་གྱི་སྤུན་ཟླ་ཚོས་སེམས་ལ་ན་ཟུག་གིས་སྐྱེལ་གྱིན་ཡོད། འཆི་བ་ལ་ཞེད་སྣང་སྤུ་ཙམ་ཡང་མེད་པས་དཔའ་རྒོད་འདིས་ཕྱིའི་སུ་ཁ་ཆུམས་ཡིག་འབྲུ་ག ཅིག་ཀྱང་བཞག་མེད་ཚོད་འདུག ངོ་མ་སྐུ་ལུས་ལ་མེས་དཀྲིས་པ་དེ་ལས་ལྷག་པའི་ཁ་ཆུམས་གསོན་པོ་ཞིག་གང་ན་དགོས། དེ་ནི་དཔའ་བོ་སྟག་ཤར་ཚོས་གཤིས་ཀ་ཡིན་སྲིད།ཤ་ཚ་སྙིང་རྗེ་བྲལ་བའི་སྲིན་པོ་དག་གི་འདི་ལ་བརྟེན་ནས་ང་ཚོའི་གནས་སྟངས་ལ་འགྱུར་བ་གཏོང་རྒྱུའི་རེ་བ་ལས་མུ་མཐུད་དུ་དཔའ་བོ་དཔའ་མོ་ཚོའི་ལམ་ཀ་དང་དམིགས་ཡུལ་ཐོག་ ཏུ་གོམ་ཁ་དེ་རང་ནས་སྔོན་ལས་ལྷག་པ་ཞིག་སྤོ་དགོས་པ་ནི་བཤད་མ་དགོས་སོ། ད པའ་བོ་འདི་ཉིད་ལ་གུས་ཞབས་མཚོན་བྱེད་དུ་ཟིན་བྲིས་འདི་མགོ་མཇུག་ཚང་མ་ཀློག་མཁན་གྱི་སྤུན་ཟླ་ཚོས་དྲ་གནས ་འདི་ལ་མེ་ཏོག་ས་ཡ་དྲུག་འབུལ་རྒྱུའི་འགོ་འཛིན་རོགས་གནང༌།དེ་ནི་བོད་མི་ས་ཡ་དྲུག་གི་བསམ་པ་དང་དམ་བཅའའང་མཚོན་བྱེད་ཡིན། བཀའ་དྲིན་ཆེ།

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པས་དུས་ཐོག་ཏུ་གསལ་བཤད་གནང་བར་སྐུ་དྲིན་ཆེ།
    གོང་གི་མི་ནག་ཚང་གི་དགོངས་ཚུལ་གསུངས་པ་དེར་རྗེས་སུ་ཡི་རངས་ཡོད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དྲ་ཐོག་གི་གྲོགས་མང་ཚོར་གསལ་བཤད་ཞུ་རྒྱུ་ཞིག་ལ། གོང་གི་མི་ནག་ཞུ་བ་དེ་མི་ནག་ཚང་ལུང་རིགས་རྒྱལ་མིན། ཁོང་གིས་རྩོམ་ཡིག་འདི་བསྐུར་ཡོང་སྐབས་མིང་ལ་མི་ནག་གཅིག་པུ་བཀོད་འདུག་པས། ངས་ཀྱང་ཁོང་གི་རེ་འདོད་བཞིན་དེ་ལྟར་དུ་བཀོད་པ་ཡིན།

    Reply
  4. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    མི་ནག་ཚང་གིས་བཤད་པར་གནས་ལུགས་འདུག རྒྱབ་སྐྱོར་ཡོད།

    Reply
  5. གངས་ཕྲུག says:
    ལོ་ 17 སྔོན།

    རེད་ཡ། མེ་མདའི་ཁར་འགྲོ་མི་དགོས་པའི་ལས་འགུལ་གཉིས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ད་དུང་་་་་་་་་་་་་རྒྱ་མོ་གཞང་ཚོང་མར་མི་རྒྱོ་བ། རྒྱས་གཉེར་བའི་ཚོང་ཁང་ལ་མི་འགྲོ་བ། ཨར་ཁང་ལ་མི་འགྲོ་བ། ཟ་ཁང་ལ་མི་འགྲོ་བ། ཨར་པོའི་བོགས་མ་རང་མི་རིགས་ལ་སྤྲོད་པ་ལས་རྒྱ་རྒན་ལ་མི་སྤྲོད་པ་སོགས་བྱེད་ན་གཟོད་མ་འབོད་མགྲོན་པོ་རྒྱ་ཇག་རྣམས་གནས་བཟོད་མི་ཚུཊ་པ་ཆགས་ངེས་རེད།།

    Reply
  6. གླེན་པ་ལུག says:
    ལོ་ 17 སྔོན།

    སྐུ་ཞབས་ལུང་རིགས་ལགས། བསྐྱར་དུ་དྲ་ཐོག་ནས་མངོན་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་དང་འབྲེལ། ལས་འགུལ་ཆུང་ཆུང་གཉིས་ཀྱི་བསམ་ཚུལ་ལ་ཡང་གོང་བཀུར་མཐའ་གཅིག་ཏུ་བྱེད་འདོད་བྱུང་། ལོ་སྔོན་མའི་དབྱར་ཁ་ཟླ་བ་བདུན་པའི་ནང་ང་ལྡི་ལིར་ཡོད་སྐབས་ཤིག་ལ། ཕ་ཡུལ་མདོ་སྨད་རྔ་བ་ནས་ཡིན་པའི་གཞོན་ནུ་མ་གཉིས་ཀྱིས་གྱོན་གོས་སྐོར་ཞིག་ཉོ་གི་འདུག མོ་གཉིས་ཕན་ཚུན་ལ་བཤད་པའི་སྐད་ཆ་ཡོད་ཚད་རྒྱ་སྐད་རེད། མི་ཞིག་བརྒྱུད་ནས་གོ་བ་ལྟར་ན། གཞོན་ནུ་མ་དེ་གཉིས་རྒྱ་གར་དུ་སླེབས་ནས་ལོ་མང་པོ་འགྲོ་གི་ཡོད་པ་དང་། ཐ་ན་བཙན་བྱོལ་གྱི་སློབ་གྲྭ་ག་གེ་མཐར་ཕྱིན་པ་རེད་ཀྱང་ཟེར། གང་ལྟར་ལོ་ཕྱི་ནང་འདི་གཉིས་ནང་རྔ་བའི་དཔའ་བོ་དཔའ་མོ་ཚོའི་རྟུལ་ཕོད་དྲན་ཐེངས་རེར། ང་མོ་གཉིས་ལ་སྐྱུག་ལོག་པའི་སྣང་བ་ཞིག་ཤར་སོང་།

    Reply
  7. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    ད་ལོ་བོད་མིས་ལོ་གསར་མི་གཏོང་ཟེར་མ་ཐག་རྒྱ་ནག་གིས་ལྷ་སར་ལོ་གསར་དགོང་ཚོགས་སྔར་ལས་ཆེ་བ་ཞིག་བསྡུས་ཡོད་མོད། མདོ་འཛིན་པའི་ངོ་སྤྲོད་དང་གཞས་མང་ཆེ་ཤོས་རྒྱ་སྐད་རེད། དེ་ལ་བསམ་ཚུལ་ཅི་ཞིག་ཡོད་གི ལོ་གསར་བཙན་གྱིས་གཏོང་དགོས་ནའང་རྒྱ་སྐད་བཤད་ནས་རྒྱ་གླུ་ལེན་དགོས་ཀྱི་ཨེ་རེད། ཨོ་ཉིན་དེར་པེ་ཅིན་ན་ལྷ་སའི་གླུ་མ་ཚེ་བརྟན་སྒྲོལ་མས་ད་དུང་མོའོ་ཀྲུའུ་ཞི་ཞེས་བའི་གཞས་དེ་གཏོང་གི་འདུག ཁ་ནང་ན་སོ་ར་ཡོད་ས་མ་རེད། འདིའི་གྲས་ལ་འཆི་རྒྱུ་ཡང་མི་འདུག

    Reply
  8. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    མི་འདི་རང་ག་བ་ཞིག་མིན། ཨ་ཕོ་ལུག་རྫི་ལ་ཉན་གྱིན་ཉན་གྱིན་ང་རང་ངོ་མ་གངས་འདབས་ཤིག་ཏུ་ལུག་ཁྱུ་ཞིག་འཚོས་ནས་བསྡད་ཡོད་པའི་འཁྲུལ་སྣང་གི་ཀློང་ཞིག་ཏུ་འཁྲིད་འགྲོ་གི་འདུག

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ཡར་དུང་གིས་བོད་ཡིག་ཡག་པོ་ཞིག་ཤེས་ཀྱིན་མེད་པ་འདྲ། ཁོ་ཚོང་ཙག་ཙིག་རྒྱག་མཁན་དང་ལས་བཟོ་བ་འདྲ་བྱས་ནས་གཞོན་དུས་ཀྱི་མི་ཚེ་ཕལ་མོ་ཆེ་དཀའ་ངལ་གྱི་ཁྲོད་ནས་སྐྱེལ་དགོས་བྱུང་མཁན་ཞིག་རེད་འདུག རྒྱ་ཡིག་གི་སྟེང་དུ་གཞས་ཚིག་དེ་ཚོ་རྩོམ་ཐུབ་ཀྱིན་ཡོད་འདུག དེར་བརྟེན་ཁོས་རྒྱ་སྐད་ཀྱི་གཞས་མང་པོ་ཞིག་བཏང་བ་ཡིན་ས་རེད། སྤྱིར་བཏང་ཡར་དུང་ཡིན་ནམ་གཡའ་དྭངས་ཡིན་ནམ་ཁོ་ལ་ཁྱད་ཆོས་ཤིག་ཡོད་པ་དེ་ནི་སྟག་གཟིག་གི་པགས་པ་སོགས་ཀྱི་གྱོན་ཆས་གོན་པ་མཐོང་རྒྱུ་ཆེར་མེད་པ་རེད། དེ་ཡང་ཁོའི་ཁྱད་ཆོས་ཤིག་རེད།

    Reply
  10. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    ང་རང་གི་བསམ་ཚུལ་ལ་ཆོལ་ཁ་ཕན་ཚུན་བར་གར་སྟེགས་སྟེང་གདན་ཞུ་བྱས་བར་དགེ་མཚན་ཆེན་པོ་འདུག བདག་གི་ཉམ་མྱོང་ལ་གླུ་བ་ཡར་དུངས་ལགས་༩༧ལོ་ཡས་མས་ཞིག་ལ་ཐོག་དང་བོ་ཨ་མདོ་གཙོའི་གྲོང་ཁྱེར་ལ་གདན་ཞུའི་གླུ་བར་ཡོངས་སྐབས་བོད་རིགས་ལས་བྱེད་པ་དང་ཐ་ན་རྒྱ་རིགས་ཁ་ལོ་བ་ཚོར་ཡང་བོད་ལ་གྱོན་བཅུག་ཏེ་ཚང་མ་རླངས་འཁོར་སྐོར་ནས་གསེར་མགོའི་ཉག་ཁ་བར་བསུ་མ་བྱེད་པར་སོང་བ་རེད། ཡར་དུངས་ཁོ་བོས་ཨ་མདོའི་ས་ཁུལ་དུ་ཁོ་བོར་འདི་འདྲའི་གདེང་འཇོག་ཞིག་བྱེད་ཀྱིན་ཡོད་སེམས་ལ་ཡང་ཤར་མ་མྱོང་མོད་ཕན་ཚུན་མི་རིགས་གཅིག་པ་ཡིན་པའི་ལར་ཞེན་དང་གུས་བརྩི་འདི་ནམ་ཡང་མི་བརྗེད་ཞེས་དགོངས་ཚོགས་སྟེང་བཤད་སོང་། ད་ལྟའི་བར་ཁོས་གུང་ཁྲན་ཏང་ལ་བསྟོད་གླུ་ཞིག་བླངས་སོང་ངམ། འོན་ཀྱང་ཁོའི་གཞས་གྲགས་ཅན་མང་ཤོས་རྒྱ་སྐད་ནང་ཡོད་པ་རེད། འདི་ཕྱོགས་གཅིག་ནས་ཚོང་རའི་ཁྱབ་ཆེ་ཆུང་གིས་འཁྱེར་འགྲོ་གི་རེད། རྒྱ་སྐད་ནང་བླངས་བའི་གླུ་གྲགས་ཅན་ཞིག་ཡིན་ན་ཧྲེང་ཧེ་དང་པེ་ཅིན་སོགས་གྲོང་ཁྱེར་ཆེ་ཁག་ཚང་མ་ན་བཙོང་རྒྱུ་ཡོད་པ་རེད། ངས་ལྟོས་ན་གཙོ་པོ་གཞས་ཀྱི་ནང་དོན་རེད།

    Reply
  11. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    འབྲས་བུ་དུས་ཐོག་ཏུ་མ་སྨིན་པ་རེད་མ་གཏོགས་འབྲས་བུ་མེད་པ་ཞིག་ད་ཨེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese