མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨ་ཆུ་རྫོང་དབལ་པཎ་ཤང་དུ་བོད་མི་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྨ་ཆུ་རྫོང་དབལ་པཎ་ཤང་གསར་མ་དགོན་གྱི་གར་འཆམ་སྐབས། རྒྱ་དམག་ཉིས་བརྒྱ་ཙམ་གྱིས་དགོན་པར་མཆོད་མཇལ་དུ་འགྲོ་མཁན་མི་མང་ལ་གང་བྱུང་ཉེས་རྡུང་བཏང་སྟབས་ཡུལ་མི་བོད་པ་དང་རྒྱའི་དམག་དཔུང་བར་ལག་འཛིང་ཤོར་ཡོད་འདུག

རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་དུས་བབ་ཀྱི་ཟིན་བྲིས་སུ་བཀོད་པ་ལྟར་ན། ཕྱི་ཚེས་ ༡༠ ཉིན་གྱི་ཆུ་ཚོད་ ༡༢ ཐོག་རྨ་ཆུ་རྫོང་དབལ་པཎ་ཤང་གསར་མ་དགོན་གྱི་གར་འཆམ་སྐབས། རྒྱ་དམག་ཉིས་བརྒྱ་ཙམ་གྱིས་དགོན་པར་མཆོད་མཇལ་ཞུ་བར་འགྲོ་མཁན་མི་མང་ལ་གང་བྱུང་ཉེས་རྡུང་དང་སྔོགས་བཤེར་གྱིས་ལྕགས་རྡོ་དང་གློ་གྲི་སོགས་འཕྲོགས་འཁྱེར་དང༌། དེ་བཞིན་དབལ་པཎ་ཤང་དུ་གཞུང་གྲུ་འཛིན་མཁན་ཤི་ལོག་ཟེར་བའི་ནང་སྔོགས་བཤེར་གྱིས་སྤྱང་ལྤགས་ཤིག་ཐོན་པར་མེ་མདའ་ཡོད་པར་བསྙད་དེ་སྤྱང་ལྤགས་འཕྲོག་འཁྱེར་གྱིས་ཁོ་པར་ཉེས་རྡུང་བཏང་བས། ཁོའི་གྲོགས་པོ་དཀོན་བྷེ་དང་བློ་བཟང༌། རྔ་པ་རུ་སྐོར་གྱི་གྲགས་པ་སོགས་ཡོང་སྟེ་དམག་མི་ཚོར་སྤྱང་ཀི་མེ་མདས་བསད་པའི་དཔང་རྟགས་མེད་པར་སྤྱང་ལྤགས་ཁྱེར་བ་ཡིན་ན་བཙན་འཕྲོགས་ཡིན་པས་ཁྲིམས་འཛིན་མི་སྣ་ཞིག་གི་ངོས་ནས་བཤད་ན་ཐལ་ཆ་ཆེ་བའི་བྱ་སྤྱོད་ཅིག་ཡིན་ཚུལ་བཤད་དེ་ཁ་རྩོད་སྐབས། དམག་དཔུང་གིས་ཁོང་ཚོར་ལག་ལྕགས་བརྒྱབ་སྟེ་འཛིན་བཟུང་བྱས་མཚམས། གར་འཆམ་ལ་མཆོད་མཇལ་ཞུ་མཁན་མང་ཚོགས་དང་དམག་དཔུང་ལག་འཛིང་གིས་དམག་མི་བརྒྱད་ལ་རྡོ་གཞུས་ཏེ་རྨས་སྐྱོན་ཕོག་ཡོད་འདུག་ལ། གོང་གསལ་འཛིན་བཟུང་བྱས་པའི་མི་བཞི་དེའང་ཚུར་འཕྲོགས་ཡོད་འདུག དཀོན་བྷེའི་མགོ་ལ་དམག་མིས་ཉེས་རྡུང་སྐབས་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་དེང་སྐབས་ལན་ཀྲུའུ་སྨན་ཁང་དུ་ཡོད་ཅིང༌། བློ་བཟང་ལ་རྩིབས་རུས་གཉིས་བཅག་ཡོད་མོད་ད་ལྟའི་ཆར་རྔ་བ་རུ་སྐོར་གྱི་གྲགས་པ་མཉམ་བྲོས་བྱོལ་དུ་སོང་ཡོད་འདུག ཕྱི་ལོ་༢༠༠༩ ཟླ་༤ ཚེས་༡༢ ཉིན་རྨ་ཆུ་རྫོང་དབལ་བཎ་ཤང་གི་ཤི་ལོག་ཞུ་བ་ས་གནས་དམག་དཔུང་གི་འཇིགས་བསྐུལ་འོག་འཛིན་བཟུང་གིས་དེང་རྨ་ཆུ་རྫོང་བཀག་ཉར་ཁང་དུ་ཡོད་འདུག དེ་བཞིན་ཉིན་དེར་དབལ་བཎ་ཤང་གསར་མ་དགོན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྣེ་རྣམས་དང༌། དབལ་བཎ་ཤང་གི་ཤང་ཀྲང༌། རུ་ཆེན་ཁག ཚོ་དཔོན་ཁག་རྫོང་རིམ་པའི་འབྲེལ་ཡོད་མི་སྣས་འབོད་འགུགས་ཀྱིས་ཚོགས་འདུ་ཚོགས་ཏེ། ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་རྨ་ཆུ་རྫོང་ཁ་བྲལ་གྱི་ཟིང་ཆ་ལངས་ས་གཙོ་བོ་ཞིག་ཆགས་ཡོད་པ་དང༌། ལྷག་དོན་དབལ་པཎ་རུ་དགོན་ནང་རྒྱལ་ཁབ་ཁ་བྲལ་དང་འབྲེལ་བའི་ལས་འགུལ་མང་པོ་ལངས་ཡོད་པས། ཐེངས་འདིར་ངེས་པར་རྒོ་ཤུལ་བློ་བཟང་གཙོས་ཉེས་ཅན་གཏེ་བོ་མི་ལྔ་འཛིན་བཟུང་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བཏང་ཡོད་འདུག

ཕྱི་ལོ་༢༠༠༩ ཟླ་༣ ཚེས་༢༨ ཉིན་རྨ་ཆུ་རྫོང་གི་དགོན་པ་ཁག་ཏུ་དམག་དཔུང་གིས་གྲྭ་པ་རེར་འབྲས་རས་ཁུག་གཅིག་དང་ལག་ཁུག་གཅིག ཕོ་བྲང་པོ་ཏཱ་ལའི་འདྲ་པར་ངོས་སུ་དམར་ཤོག་ཚོགས་པའི་མཚོན་རྟགས་འཕྱར་བའི་དམག་དཔུང་ལ་གཟབ་འཕྱོར་སྤྲས་པའི་བོད་མི་འགས་དགའ་བསུ་བཞིན་ཡོད་པའི་པར་རིས་རེ་སྤྲད་ཡོད་འདུག་ཀྱང༌། དགོན་པའི་དོ་དོམ་ཨུ་ཡོན་ལྷན་ཁང་གི་ལས་སྣེ་དང་གྲྭ་པ་རྒན་པ་རེ་ཟུང་ལས་དགོན་པ་ཕལ་ཆེར་གྱི་གྲྭ་མང་དངོས་རྫུན་དེ་ལེན་དུ་ཡོང་ཡོད་མི་འདུག

རྒྱ་གཞུང་གི་རྒྱང་བསྒྲགས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་དགོན་པ་དང་ཤང་ཁག་ཏུ་ཨ་རིའི་བརྙན་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་སོགས་ལ་ལྟ་ཉན་བྱེད་མི་ཆོག་པའི་བཙན་བཀའ་བཏང་སྟེ། སྒེར་གྱིས་ཉོས་པའི་ཨ་རིའི་བརྙན་འཕྲིན་གཏོང་འཐེན་ཡོ་ཆས་བསྡུ་ལེན་གྱིས་ཚབ་ཏུ་རྒྱ་ནག་ནང་ཁུལ་བརྙན་འཕྲིན་ཡོངས་ལ་ལྟ་ཐུབ་པའི་ཡོ་ཆས་༡༧༠ ལྷག་བཙུགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese