མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གསོ་རིག་གི་སྤྱི་བཤད།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

གསོ་རིག  གསར་འཕྲིན།  སྤྱི་ལོ་ ༢༠༠༨ དབྱར་ཁ། འདོན་ཐེངས་ལས་བཤུས།

 

 

བོད་ཀྱི་གསོ་རིག་གི་སྤྱི་བཤད།
བོད་རིགས་མི་དམངས་ཀྱིས་འཛམ་གླིང་ས་མཐོའི་ཡུལ་དུ་རྒྱུན་རིང་འཚོ་གནས་བྱས་ཏེ་མི་ན་བར་གནས་པ་དང་ན་བ་གསོ་བའི་ཐབས་སམ་རིག་པ་མང་པོ་རྙེད་ནས་བོད་ཀྱི་གསོ་བ་རིག་པ་འདི་གསར་གཏོད་བྱས་ཤིང༌། གནའ་བོའི་ཞང་ཞུང་ལུགས་ཀྱི་སྨན་དཔྱད་ནས་བརྒྱུད་དེ་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་བོད་ཀྱི་སྨན་དཔྱད་ཀྱི་རིག་པ་འདི་ཚད་ལྡན་ཅན་དང་མ་ལག་ཡོད་པ། ས་གནས་རང་བཞིན་དང་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ཡོད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་ཀྱི་གསོ་རིག་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ནང་དོན་ཕུན་སུམ་ཚོགས་པའི་འཛམ་གླིང་སྟེང་གི་གསོ་དཔྱད་རིག་པ་ཞིག་ཡིན།
འཁོར་བའི་གནས་སུ་སྐྱེ་བའི་འགྲོ་བ་མི་ལ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འབྱུང་ཞིང༌། སྡུག་བསྔལ་དེ་ཡང་ཚེ་འདི་དང་སྐྱེ་བ་སྔ་མར་བསགས་པའི་ལས་ནས་བྱུང་བ་ཡིན་པར་འདོད།
ལུས་ཁམས་གྲུབ་བྱེད་འབྱུང་བ་ལྔ༌།
བོད་ཀྱི་གསོ་བ་རིག་པས་འཇིག་རྟེན་སྟེང་གི་སྐྱེ་དངོས་ཐམས་ཅད་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་ལྔ་ཡིས་བསྐྱེད་ཅིང༌། མིའི་ལུས་ཁམས་འདི་ཡང་འབྱུང་བ་ལྔས་གྲུབ་ཡོད་པར་བཤད། འབྱུང་བ་ས་ཡིས་ལུས་ཁམས་ཀྱི་ཤ་དང་རུས་པ། སྣའི་དབང་པོ་དང་དྲི་འཛིན་སྐྱེད་པར་བྱེད། ཆུ་ཡིས་ཁྲག་དང་གཤེར་ཁུ། ལྕེ་ཡི་དབང་བོ་དང་རོ་འཛིན་སྐྱེད་པར་བྱེད། མེ་ཡིས་དྲོད་དང་མདོག་མདངས། མིག་གི་དབང་པོ་དང་མཐོང་ཚོར་སྐྱེད་པར་བྱེད། རླུང་གིས་དབུགས་དང་པགས་པའི་དབང་བོ་དང་རེག་བྱའི་ཚོར་བ་སྐྱེད་པར་བྱེད། ནམ་མཁའ་ཡིས་ལུས་ཁམས་ཀྱི་བུ་ག རྣ་བའི་དབང་པོ་དང་སྒྲ་འཛིན་སྐྱེད་པར་བྱེད།
ལུས་ཁམས་ཀྱི་འདུ་བ་རྣམ་གསུམ།
འབྱུང་བ་ལྔ་ཡིས་ལུས་ཁམས་སུ་གནས་པའི་ནུས་པའམ་འདུ་བ་སྟེ་རླུང་དང་མཁྲིས་པ། བད་ཀན་གསུམ་སྐྱེད་པར་བྱེད་ཅིང༌། འདུ་བ་རླུང་ནི་ཕྱི་ནང་དུ་རྒྱུ་བའི་དབུགས་རླུང་གི་རང་བཞིན་ཡིན་པས་འབྱུང་བ་རླུང་གིས་སྐྱེད་ལ། དེ་ཡིས་ལུས་སེམས་ཀྱི་འགུལ་སྐྱོད། ཁྲག་རྒྱུན་འཁོར་རྒྱུགས། དབུགས་གཏོང་ལེན། ཟས་ཟ་བ་དང་ཆུ་འཐུང་བ། དྭངས་སྙིགས་འབྱེད་དོར། བཤང་གཅིན་བཀག་གཏོང༌། མཆིལ་ལུད་འདོར་བ། སྐད་སྒྲ་འབྱིན་པ། རྩ་དཀར་གྱི་བྱེད་ལས། དབང་པོ་ལྔའི་ཤེས་པ་གསལ་བ། འདོད་ཆགས་དང་དངངས་སྐྲག་སྐྱེ་བ། ལུས་སེམས་གཉིས་ཀྱི་འབྲེལ་མཐུད་པ་ལྟ་བུ་བྱས་ཏེ་ཚེ་སྲོག་སྲུང་འཛིན་བྱེད་པ་ཡིན།
འདུ་བ་མཁྲིས་པ་ནི་དྲོད་དང་ཚ་བའི་རང་བཞིན་ཡིན་པས་འབྱུང་བ་མེ་ཡིས་སྐྱེད། དེ་ཡིས་ལསུ་ཁམས་ཀྱི་དྲོད་ཚད་སྲུང་འཛིན་དང་པགས་མདངས་གསོ་བ། བཀྲེས་ཤིང་སྐོམ་པ། བཟའ་བཏུང་ལེན་པ་དང་འཇུ་བ། བློ་སྟོབས་དང་རིག་སྟོབས་སྐྱེ་བ། ཞེ་སྡང་དང་ངར་ཤུགས་སྐྱེ་བའི་བྱ་བ་བྱེད། འདུ་བ་བད་ཀན་ནི་བསིལ་བའམ་ལྕི་བའི་རང་བཞིན་ཡིན་པས་འབྱུང་བ་ས་ཆུ་གཉིས་ཀྱིས་སྐྱེད། དེ་ཡིས་གཟུགས་པོ་དང་སེམས་པའི་བརྟན་ཆ་སྲུང་འཛིན་དང་ལུས་ཁམས་འཇམ་ཞིང་སྣུམ་པར་བྱེད་པ། གཉིད་ཁུག་པ། རུས་ཚིགས་ཀྱི་འབྲེལ་སྦྱོར། བཟོད་སེམས་སྐྱེ་ཞིང་ཡིད་རྨོངས་པའི་བྱ་བ་བྱེད།
ནད་མེད་དང་ནད་ཅན་གྱི་ལུས་པོ།
མིའི་ལུས་ཁམས་ཀྱི་འདུ་བ་རླུང་དང་མཁྲིས་པ། བད་ཀན་གསུམ་པོ་རང་ཉིད་ཀྱི་རང་བཞིན་ནམ་ཚད་གཞི་ལས་མ་འཕེལ། མ་ཟད། མ་འཁྲུགས་པར་བསྡད་དེ་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཕན་ཚུན་བརྟེན་རེས་དང་སྙོམ་སྒྲིག སྐུལ་འདེད། མཉམ་ལས་བྱས་ནས་ལུས་སེམས་གཉིས་ནད་མེད་བདེ་ཐང་དུ་གནས་པར་བྱེད། གལ་ཏེ་ཟས་དང་སྤྱོད་ལམ་མ་འགྲིག་པ། གནམ་གཤིས་དང་སེམས་ཁམས་ཀྱི་འགྱུར་ལྡོག་བཅས་ཀྱི་རྐྱེན་འཕྲད་དེ་འདུ་བ་གསུམ་པོ་རང་ཉིད་ཀྱི་ཚད་གཞི་ལས་འཕེལ་བ། ཟད་པ། འཁྲུགས་པ་བཅས་བྱུང་ན་ལུས་སེམས་གཉིས་ལ་མི་བདེ་བའི་ནད་འབྱུང་གི་ཡོད།
ནད་གཞི་བརྟག་ཐབས།
བོད་ཀྱི་གསོ་རིག་སྨད་པས་ནད་གཞི་བརྟག་དཔྱད་བྱེད་སྐབས་མིག་གིས་བལྟ་བ་དང་སོར་མོར་རེག་པ། སྐད་ཆ་དྲི་བ་བཅས་ཀྱི་ཐབས་ལམ་གསུམ་བེད་སྤྱོད་བྱེད་ཀྱི་ཡོད། མིག་གིས་བལྟ་བ་ནི་ནད་པའི་གཟུགས་པོའི་བོངས་དབྱིབས་དང་པགས་མདོག་ཁ་ལུད་དང་སྐྱུགས་པ། བཤང་བ་སོགས་ཀྱི་ཁ་དོག ལྷག་པར་དུ་དྲི་ཆུ་དང་ལྕེ་མདོག་ལ་ལྟ་ཞིབ་བྱེད་པ། སོར་མོས་རེག་པ་ནི་ནད་པའི་ལུས་པོའི་དྲོད་ཚད་དང་འབུར་འཇམ་སྲ་སྙི། ན་ཟུག་གཏོང་ས། ལྷག་པར་དུ་ལག་པའི་མཁྲིག་མར་ཡོད་པའི་འཕར་རྩའི་རྒྱུ་བ་ལ་བརྟག་དཔྱད་བྱེད་པ། སྐད་ཆ་དྲི་བ་ནི་སྨན་པས་ནད་པ་ལ་ནད་ཇི་ལྟར་བྱུང་བ་དང་གང་དུ་ན་བ། ནད་རྟགས་ཇི་ཡོད། སྨན་པ་སུ་དང་སྨན་གང་བསྟེན་པ། ཟས་སྤྱོད་ཀྱི་ཕན་གནོད་ཇི་ཡོད་བཅས་ཀྱི་དྲི་བ་དྲིས་ཏེ་ནད་གཞི་ངོས་འཛིན་བྱེད་ཀྱི་ཡོད།
སྨན་བཅོས།
བོད་ཀྱི་གསོ་རིག་གིས་མི་ཞིག་གི་བཟའ་བཏུང་དང་བྱ་སྤྱོད། བསམ་བློ་གཏོང་སྟངས་བཅས་ཀྱིས་མི་དེའི་ལུས་སེམས་ཀྱི་བདེ་ཐང་ཐག་གཅོད་བྱེད་ཀྱི་ཡོད་པར་འདོད་པ་ལྟར། བོད་སྨན་གྱི་ལུས་གསོ་ནད་བཅསོ་ཀྱི་རྩ་དོན་ནི་ཟས་དང་སྤྱོད་ལམ་ཡག་པོ་བསྟེན་ཏེ་ནད་རིགས་སྔོན་འགོག་བྱ་རྒྱུ་དང༌། ནད་རིགས་གང་ཞིག་ཡིན་ཡང་ཐོག་མར་ནད་བབ་ལ་བལྟས་ཏེ་ཟས་སྤྱོད་ཕན་པ་བསྟེན་པ་དང་གནོད་པ་སྤང་བའི་བཅོས་ཀ་སྤེལ་ཐབས་བྱེད། འོན་ཀྱང་ཟས་སྤྱོད་གཉིས་ཀྱིས་གསོ་བཅོས་ཀྱི་ནུས་པ་མ་ཐོན་ཚེ་སྨན་དང་དཔྱད་ཀྱི་བཅོས་ཐབས་ལག་བསྟར་བྱེད་ཀྱི་ཡོད།
སྨན་ལ་ཐང་དང་ཕྱེ་མ། རིལ་བུ། ཁེབས་སུལ། སྨན་ཆང༌། སྨན་ཁབ། བྱུགས་པ། སྨན་ཇ། སྟོབས་སྨན་བཅས་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པ་དང༌། དཔྱད་བཅོས་ལ་བསྐུ་མཉེ་ (Massage)དང་ཡོ་གའི་ལུས་རྩལ། སྒོམ་རྒྱག་པ། གསོལ་བ་སྨོན་ལམ་འདེབས་པ། སྣ་སྨན། བཤལ་སྦྱང༌། སྨན་ཆུ་དང་སྨན་རླངས་ཀྱི་ལུམས། རྡོ་དང་སྣུམ་ཚ་བོའམ་གྲང་མོས་བདུག་པ། མེ་བུམ། གསེར་ཁབ། མེ་བཙའ་འཇོག་པ། དབྱུག་གཅོས་སོགས་ཀྱི་བཅོས་ཐབས་སྣ་མང་ཡོད།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese