གསོ་
གོང་ལ་ཕུག Carrot
མིང་གཞན། ལ་སེར།
སྐྱེ་དབྱིབས། འདི་ནི་ལ་ཕུག་གི་རིགས་ཤིག་སྟེ། རྩ་བའི་དབྱིབས་ལ་ཕུག་དང་འདྲ་མོད། ཁ་དོག་དམར་སེར་ཡིན། སྡོང་རྐང་མང་པོ་ས་ངོས་ལ་ཐོན་ཏེ་ལོ་མ་སིབ་སིབ་སྔོ་ལྗང་ཅན་ཐོགས་པ། ཡུལ་མང་ཆེ་བར་འདེབས་འཛུགས་བྱེད་ཀྱི་ཡོད།
བེད་སྤྱོད། རྩ་བ་སོས་པ་གཙང་མ་བཀྲུས་ཏེ། རྗེན་པར་ཟ་བ། གྲང་ཚལ་བཟོ་བ། ཚལ་གཞན་མཉམ་བརྔོ་གཡོ་བྱེད་པ། ཡང་ན་བཙོ་བའམ་མེ་སྲེག་བྱས་ཏེ་ཟ་བ། ཁུ་ཐང་བཟོ་བ། ལོ་མ་ཡང་ཟས་སུ་བྱེད་རུང༌།
རོ་དང་ངོ་བོ། རོ་མངར། ངོ་བོ་སྙོམས།
ཕན་ནུས། ཟུངས་ཁྲག་གསོ། མཆིན་སྟོབས་སྐྱེད། ཚ་བ་སེལ། དུག་འཇོམས། མིག་གསལ་བར་བྱེད། མཚན་ལོང་སྟེ་མཚན་མོ་མིག་གིས་མི་མཐོང་བ་ལ་ཕན། ཕགས་པ་རྩུབ་པོ་འཇམ་པར་བྱེད། བཤང་འགག་དང་འབྲས་ནད་ཀན་སར་སྔོན་འགོག་བྱེད་པར་ཡང་ཕན།
དོ་སྣང༌། རྗེན་པ་ཟོས་པས་མ་ཞུ་བ་དང་མེ་དྲོད་ཞན་པོའི་རིགས་ལ་གནོད།
བོད་ཀྱི་གསོ་རིག་པའི་འཚོ་བ་ཟས་སྐོམ་ལས་སྔོ་ཚལ་གྱི་ཕན་ཡོན་དང་ལག་ལེན་ལས་བཏུས།