མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅི་ཞིག་ལ་མཉམ་སྤེལ་ཚབ་སྤྱོད་སྨན་དཔྱད་ CAM ཟེར་རམ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

གསོ་རིག  གསར་འཕྲིན།  སྤྱི་ལོ་ ༢༠༠༨ དབྱར་ཁ། འདོན་ཐེངས་ལས་བཤུས།

 

ཅི་ཞིག་ལ་མཉམ་སྤེལ་ཚབ་སྤྱོད་སྨན་དཔྱད་ CAM ཟེར་རམ།
ཨ་མེ་རི་ཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་འཕྲོད་བསྟེན་ལས་ཁང་ (National Institute of Health       གིས་རྒྱལ་ཡོངས་མཉམ་སྤེལ་ཚབ་སྤྱོད་སྨན་དཔྱད་ལྟེ་གནས་ (National Center for Complementary and Alternative Medicine ) ཞེས་པའི་ཡན་ལག་ལས་ཁུངས་ཤིག་བཙུགས་ཏེ། རྒྱལ་ཁབ་འདིར་ལག་ལེན་བྱེད་བཞིན་པའི་རྒྱུན་སྤྱོད་གསོ་དཔྱད་དམ་ནུབ་ཕྱོགས་གསོ་དཔྱད་ (Conventional Medicine) ཀྱི་ཁྱབ་ཁོངས་སུ་མ་གཏོགས་པའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་དང་འབྲེལ་བའི་ནད་བཅོས་ལུས་གསོའི་སྨན་དཔྱད་རྣམས་ལ་མཉམ་སྤེལ་ཚབ་སྤྱོད་སྨན་དཔྱད་ (Complementary and Altermative Medicine)  ཞེས་མིང་འདོགས་བྱས་ཏེ་དེའི་ཐད་ལ་སྟངས་འཛིན་ཞིབ་འཇུག་དང་ཁྲིམས་ཐོག་ལས་དོན་བྱེད་ཀྱི་ཡོད། བོད་ཀྱི་གསོ་བ་རིག་པ་ཡང་འདིའི་ཁོངས་གཏོགས་ཡིན་དགོས་སྙམ། སྒྱུར་མཁན་གྱི་གསལ་བཤད།
མཉམ་སྤེལ་ཚབ་སྤྱོད་སྨན་དཔྱད་ནི་ད་ལྟའི་ཆར་རྒྱུན་སྤྱོད་གསོ་དཔྱད་ཀྱི་ཁྱབ་ཁོངས་སུ་མེད་པའི་སྨན་བཅོས་འཕྲོད་བསྟེན་གྱི་གཞུང་ལུགས་དང༌། ལག་ལེན། ཐོན་རྫས་འདྲ་མིན་ཡོད་པ་དེ་དག་ལ་གོ་དགོས། རྒྱུན་སྤྱོད་གསོ་དཔྱད་ནི་འཚོ་བྱེད་སྨན་པ་ (M.D.)  འམ་རུས་བཅོས་སྨན་པ་ (D.O.) ཡི་གོ་མིང་ཡོད་མཁན། དེ་དང་འབྲེལ་ཡོད་ལུས་རྩལ་དཔྱད་བཅོས་སྨན་ཞབས་ (Physical therapist) དང༌། སེམས་ཁམས་བརྟག་ཞིབ་སྨན་པ་ (Psychologist) དེབ་སྐྱེལ་ནད་གཡོག (Registered nurse)  བཅས་ཀྱིས་ལག་ལེན་བྱེད་པའི་སྨན་དཔྱད་ཅིག་ཡིན། འཕྲོད་བསྟེན་དོན་གཉེར་ཅན་རེ་འགས་མཉམ་སྤེལ་ཚབ་སྤྱོད་སྨན་དཔྱད་དང་རྒྱུན་སྤྱོད་གསོ་དཔྱད་གཉིས་ཀ་ལག་ལེན་བྱེད་ཀྱི་ཡོད། ཚན་རིག་གི་ཞིབ་འཇུག་བརྒྱུད་ནས་མཉམ་སྤེལ་ཚབ་སྤྱོད་སྨན་དཔྱད་ཀྱི་བཅོས་ཐབས་རེ་ཟུང་གིས་ནད་ལ་ཕན་ནུས་འདོན་ཞིང་བདེ་འཇགས་ཡིན་པར་ཡིད་འཕེར་ཁུངས་སྐྱེལ་བྱེད་ཐུབ་ཡོད་མོད། འོན་ཀྱང་བཅོས་ཐབས་མང་ཆེ་བ་ནི་ད་རུང་འཆར་གཞི་ཚད་ལྡན་ཅན་གྱི་ཚན་རིག་གི་ལམ་ནས་ཞིབ་འཇུག་བྱེད་རྒྱུར་ལྷག་སྟེ་བསྡད་ཡོད། ཡིན་ནའང་ཁུངས་འཕེར་ཡིག་ཆ་ལྟར་ན། དེང་དུས་ཨ་རིའི་མི་གྲངས་སུམ་ཅ་གཅིག་གིས་སྲོལ་རྒྱུན་སྔོ་སྨན་རིགས་ཀྱི་སྨན་བཅོས་ལ་བསྟེན་གཏུགས་བྱེད་ཀྱི་ཡོད་ལ། དེའི་ཆེད་ལོ་རེར་ཆ་སྙོམས་ཨ་སྒོར་དུང་ཕྱུར་མང་པོའི་འགྲོ་སོང་གཏོང་གི་ཡོད་པར་བཤད།
མཉམ་སྤེལ་སྨན་དཔྱད་དང་ཚབ་སྤྱོད་སྨན་དཔྱད་གཉིས་ལ་ཁྱད་པར་ཡོད་པར། མཉམ་སྤེལ་སྨན་དཔྱད་ནི་རྒྱུན་སྤྱོད་གསོ་དཔྱད་ཀྱི་བཅོས་ཀ་སྤེལ་བ་དང་མཉམ་དུ་ལུགས་གཞན་གྱི་བཅོས་ཐབས་ཡང་ཟུང་དུ་ལག་ལེན་བྱེད་པ་ཞིག་ལ་ཟེར། དཔེར་ན། བསྐུ་མཉེའི་ (Massage) གསོ་ཚུལ་བསྟེན་ཏེ་ནད་པ་གང་ཞིག་གི་གཤག་བཅོས་བྱས་རྗེས་མི་བདེ་བའི་སྣང་ཚུལ་ཉུང་དུ་གཏོང་བར་རོགས་ཕན་བྱེད་པ་ལྟ་བུ་ཡིན། ཚབ་སྤྱོད་སྨན་དཔྱད་ནི་རྒྱུན་སྤྱོད་སྨན་དཔྱད་ཀྱི་བཅོས་ཀ་མ་སྤེལ་བར་དེའི་ཚབ་ཏུ་ལུགས་གཞན་གྱི་བཅོས་ཐབས་ཁོ་ན་བེད་སྤྱོད་བྱེད་པ་ཞིག་ལ་ཟེར། དཔེར་ན། འབྲས་ནད་ཀན་སར་ལ་རྒྱུན་སྤྱོད་གསོ་དཔྱད་སྨན་པས་ངོ་སྤྲོད་བྱས་པའི་གཤག་བཅོས་དང་འོད་འགྱེད་བཅོས་ཐབས (radioation) རྫས་སྦྱོར་བཅོས་ཐབས་ (Chemotherapy) མི་སྤེལ་བར་དེ་དག་གི་ཚབ་ཏུ་དམིགས་བསལ་ཀྱི་ཟས་སྤྱོད་བསྟེན་སྟངས་ཀྱི་བཅོས་ཐབས་སམ་ཡང་ན་བོད་སྨན་དང་རྒྱ་གར་སྨན་བེད་སྤྱོད་བྱེད་པ་ལྟ་བུ་ཡིན།
མཐུན་སྡེབ་སྨན་དཔྱད་ (Integrative medicine) ནི་རྒྱུན་སྤྱོད་གསོ་དཔྱད་དང༌། ཆེས་བདེ་འཇགས་ཡིན་པ་དང་ནད་ལ་ཕན་ནུས་འདོན་པར་ཁུངས་སྐྱེལ་ར་སྤྲོད་ཡོད་པའི་མཉམ་སྤེལ་ཚབ་སྤྱོད་སྨན་དཔྱད་གཉིས་ཀྱི་བཅོས་ཐབས་ཁག་ཅིག་ཟླ་སྒྲིལ་གྱིས་མཐུན་སྡེབ་བྱས་ཏེ་བཅོས་ཀ་སྤེལ་བ་ཞིག་ལ་ཟེར། རེ་འགར་འདི་ལ་མཐུན་བསྡེབས་སྨན་དཔྱད་ (Integrated medicine) ཀྱང་ཟེར།
NCCAM”CAM Basics” ནས་བཏུས་ཏེ་བསྒྱུར།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese