མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དབུས་ཁྲིམས་དཔོན་ཝུ་ཨེ་ཡཱེན་མཆོག་ལ་ཞུ་རྒྱུར།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱ་ནག་དབུས་གཞུང་གི་ཁྲིམས་དཔོན་ཝུ་ཨེ་ཡཱེན་ཞུ་བའི་མཚན་ཐོག་ཏུ། ཉེ་ཆར་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་ཁག་ཅིག་ལ་སྲོག་ཁྲིམས་དང་ཚེ་བཙོན་བཅད་ཡོད་པ་དེར་རང་དབང་ཐོག་ནས་བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཞུས་ཡོད།

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང། མེགྷ་ལོར་རྒྱ་གར་གསོལ་མགྲོན་ཁང་ཞིག་ཏུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཐུན་མོང་ཐོག རྒྱ་ནག་དབུས་ཁྲིམས་འཛིན་ལྷན་ཁང་གི་ཁྲིམས་དཔོན་ཝུ་ཨེ་ཡཱེན་ཟེར་བའི་མཚན་ཐོག་ཏུ། ཉེ་ཆེར་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་ཁག་ཅིག་ལ་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དེ་དྲང་བདེན་མིན་པ་དང། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བསྐྱར་དུ་དཔྱད་ཞིབ་དགོས་པའི་འབོད་སྐུལ་ཞུས་སོང།

སྐབས་དེར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྒྲོག་སྦྱོང་གནང་དོན། ཁྲིམས་དཔོན་ཝུ་ཨེ་ཡཱེན་མཆོག་ལ། ང་ཚོས་སྐུ་ཉིད་ཀྱི་ལས་ཁུངས་ལ་གུས་བརྩི་ལྡན་པའི་སྒོ་ནས་རེ་འདུན་ཞུ་རྒྱུར། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ ༢༠༠༩ ཟླ་ ༤ ཚེས་ ༨ ཉིན་བོད་མི་བློ་བཟང་རྒྱལ་མཚན་དང་ལོ་ཡག་ལ་སྲོག་ཁྲིམས་དང། བསྟན་འཛིན་ཕུན་ཚོགས་དང་རྐང་གཙུག་ལ་ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཁྲིམས། ཟླ་བ་བཟང་པོར་ཚེ་བཙོན་བཅད་པ་སོགས་ལ་ངེས་པར་དུ་དོ་སྣང་དགོས་ཀྱིན་འདུག ང་ཚོས་ཁྲིམས་བཅད་དེ་རིགས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཤིག་མིན་པར་ཡིད་ཆེས་བྱེད་ཀྱིན་ཡོད།

 

ང་ཚོས་རེ་བ་ནན་གྱིས་ཞུ་རྒྱུར་སྲོག་ཁྲིམས་ཀྱི་ཉེས་པ་དེར་གང་མགྱོགས་གྲུབ་འབྲས་སོན་པ་དང། དབྱེ་འབྱེད་མེད་པའི་དཔྱད་ཞིབ་ཀྱིས་ཁོང་ཚོར་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་གྱོད་ཞིབ་བྱེད་དགོས་ཀྱིན་འདུག དེར་མ་ཟད་ ༢༠༠༨ ཟླ་ ༣ དང་ ༤ ནང་བྱུང་བའི་གནས་ཚུལ་ཚང་མ་ཆེས་རང་དབང་ལྡན་པའི་སྒོ་ནས་བསྐྱར་ཞིབ་མ་བྱས་བར་དུ་གནས་སྐབས་མཚམས་འཇོགས་བྱ་དགོས་ལ། གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་ ༡༢༠༠ ལྷག་གི་མིང་གཞུང་དང་དེ་དག་གང་དུ་ཡོད་མེད། ལྷག་པར་སྔ་ལོའི་གནས་ཚུལ་འོག་བཀག་ཉར་བྱས་པ་སོགས་ཀྱི་མིང་གཞུང་གསལ་བརྗོད་བྱ་དགོས།

 

རྒྱ་གཞུང་གིས་སྔ་ལོའི་ཞི་རྒོལ་ལ་ཆེས་དྲག་སྤྱོད་དང་གདུག་རྩུབ་ཀྱི་བརྡ་ལན་སྤྲད་ཡོད་པ་དེ་ནི། བོད་མི་རྣམས་རྒྱ་མིའི་སྲིད་དབང་འོག་ཁ་གྲགས་མི་ཕོད་པ་བཟོ་བའི་བྱ་ཐབས་ཤིག་རེད། ང་ཚོས་འབོད་སྐུལ་ཞུ་རྒྱུ་གཅིག་ནི་བཙོན་པ་མི་གཅིག་ལའང་དྲག་རྡུང་མི་བྱ་རྒྱུ་དང། ཁོང་ཚོའི་ནང་མི་ཐུག་འཕྲད་ཀྱི་ཐོབ་ཐང་ཚུལ་བཞིན་སྤྲོད་པ། ཁྲིམས་རྩོད་པ་དང་འབྲེལ་གཏུགས་བྱེད་ཆོག་པ་མ་ཟད། དུས་ཐོག་སྨན་བཅོས་བྱེད་དུ་འཇུག་དགོས། ཞེས་སྒྲོག་སྦྱོང་གནང་སོང།

 

ཁོང་གིས་མུ་མཐུད་དུ་གོང་གི་གནད་དུ་དེ་དག་ཐད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུས་དོན། རྒྱལ་སྤྱིའི་ཉེ་ཡངས་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་ལྟ་རྟོགས་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དོན་ཚོགས་པ་བཅས་ཀྱི་དབུ་ཁྲིད་རྣམས་ལ། རྒྱ་གཞུང་གིས་བོད་མི་གཉིས་ལ་སྲོག་ཁྲིམས་བཅད་པ་དེ་སྐྱོབས་རོགས། ཞེས་ང་ཚོས་གུས་ཞབས་ཆེན་པོས་རེ་འདུན་ཞུ་བཞིན་ཡོད། ༢༠༠༩ ཟླ་ ༤ ཚེས་ ༨ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་བོད་མི་ལྔ་ལ་ཉེས་པ་ཁག་མི་འདྲ་བ་ ༣ གྱི་ཐོག་ནས་ཁྲིམས་ཆད་བཅད་ཡོད་ལས་གཙོ་བོ་ ༢༠༠༨ ཟླ་ ༣ ནང་ལྷ་སར་མེར་བསྲེགས་ཀྱི་དོན་རྐྱེན་བཟོས་པའི་ཉེས་འཛུགས་བྱས་ཡོད། བློ་བཟང་རྒྱལ་མཚན་དང་ལོ་ཡག་ལ་སྲོག་ཁྲིམས་དང། བསྟན་འཛིན་ཕུན་ཚོགས་དང་རྐང་གཙུག་ལ་ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཁྲིམས། དེ་བཟིན་ཟླ་བ་བཟང་པོར་ཚེ་བཙོན་བཅས་ཀྱི་ཁྲིམས་ཐད་བཅད་ཡོད་ལ། ཞིན་ཧྭ་གསར་སྤེལ་ཁང་གི་གནས་ཚུལ་ལྟར་ན། གྱོད་དོན་དེ་དང་འདྲ་བ་ད་དུང་ལྷག་ཡོད་ཚུལ་འདུག

 

འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པའི་ ༢༠༠༩ ཟླ་ ༣ སྙན་ཐོའི་ནང་ཕྱོགས་བསྡོམས་བྱས་པ་ལྟར་ན། འདས་ལོའི་བོད་ནང་གི་ཁྲིམས་ཐག་གཅོད་སྟངས་དང། བཙོན་བཅུག་བྱེད་སྟངས་རྣམས་ཆབ་སྲིད་ཀྱི་སྐུལ་སློང་གཙོར་བཟུང་ཐོག ཁྲིམས་ལུགས་ཀྱི་ལྟ་གྲུབ་དང་རང་དབང་ལ་དབང་འཛིན་པ་འགའ་རེ་ཡིས་ཁྱད་གསོད་བྱས་ཡོད་སྟབས། ཁྲིམས་ཁང་དང་ཉེན་རྟོག་པས་ཀྱང། ཁོ་ཚོའི་ཆབ་སྲིད་ཀྱི་དགོས་མཁོ་བཞིན་བསྒྲུབས་ཡོད། ཁྲིམས་ཐག་བཅད་ཟིན་པ་ཚོར་ཁྲིམས་ཞིབ་གཙང་མ་ཞིག་གཏན་ནས་བྱས་མེད། ཅེས་བོད་རང་དབང་ལས་འགུལ་ཁང་གིས་བརྗོད་ཡོད་པ་དང། ཉེ་ཆར་ཁྲིམས་ཐག་བཅད་པའི་བོད་མི་ཚོར་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་ཡོད་པ་དང། ཁྲིམས་ལུགས་ཀྱི་གཞི་རྩའི་རྒྱུད་རིམ་གང་ཡང་བརྒྱུད་མེད་པ་མ་ཟད། རྒྱ་གཞུང་གི་སྲོག་ཁྲིམས་ཀྱི་ཉེས་པ་དེར་དཔང་རྟགས་ཙམ་མ་ཡིན་པར་ཁྲིམས་ལུགས་དེའི་ལྟ་གྲུབ་ཐོག་ལ་ང་ཚོས་ངོ་རྒོལ་བྱེད་ཀྱིན་ཡོད།

 

སྔ་ལོའི་ཟླ་ ༣ ནང་བྱུང་བའི་དོན་རྐྱེན་དེར་རྒྱ་ནག་གིས་རང་དབང་ངང་རྟོགས་ཞིབ་བྱེད་པའི་ལམ་ཁ་གང་ཡང་སྤྲད་མེད་ལ། ཟླ་ ༣ ཚེས་ ༡༠ ནས་ ༡༤ བར་གྱི་ལྷ་སའི་ཞི་རྒོལ་དེ་གློ་བུར་དུ་རྣམ་པ་དྲག་པོར་གྱུར་བ་དང། དེར་རྒྱ་དམག་གིས་དྲག་གནོན་ཚབས་ཆེན་བྱས་མཐར། དོན་རྐྱེན་དེ་བོད་ཀྱི་ས་ཁུལ་གང་སར་ཁྱབ་གདལ་དུ་སོང་ཡོད་ཀྱང། རྒྱ་གཞུང་གིས་དེའི་འབྱུང་རྐྱེན་ལ་བསམ་གཞིགས་གང་ཡང་བྱས་མེད།

ཟླ་བ་ ༡༣ ལྷག་རིང་བསྟུད་མར་བྱུང་བའི་བོད་མིའི་རླབས་ཆེན་གྱི་ལས་འགུལ་རྣམས། འཆེ་མེད་ཞི་བ་ཁོ་ན་ཡིན་རུང། དེར་རྒྱ་གཞུང་གི་དྲག་རྩུབ་དང་འཇིགས་བསྐུལ་ཁོ་ནས་ལན་འདེབས་བྱེད་ཀྱིན་ཡོད། ས་ཁུལ་མི་འདྲ་བ་ ༥༠ ལྷག་ལ་དོན་རྐྱེན་ ༡༥༠ ལས་བརྒལ་བ་བྱུང་ཡོད།

 

རྒྱ་གཞུང་གིས་མངོན་གསལ་མེད་པའི་ཐོག་ནས་མུ་མཐུད་བོད་ནང་དྲག་པོས་བཀའ་རྒྱ་སྡོམ་གྱིན་ཡོད་པ་དང། བོད་མི་ ༢༠༠ ལྷག་དམར་གསོད། ༢༣༠ ལྷག་ཟླ་ ༦ ནས་ཚེ་བཙོན་བར་གྱི་ཁྲིམས་ཐག་བཅད་པ། དེ་བཞིན། བོད་མི་ ༦༠༠༠ ལྷག་བཙོན་འཇུག་བྱས་པ། ༡༢༠༠ ལྷག་གར་སོང་ཆ་མེད་དུ་གྱུར་བ་སོགས་བྱུང་ཡོད་མོད། ད་དུང་ཡང་བོད་ནང་བོད་མི་ཚོས་ཞི་རྒོལ་མཚམས་འཇོག་བྱས་མེད། དེར་བརྟེན། ང་ཚོ་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཀྱིས་ཁྱེད་རྣམས་ཀྱི་གུས་བརྩི་འོས་པའི་ལས་ཁུངས་ལ་རེ་འདུན་ཞུ་རྒྱུ་ནི། རྒྱ་གཞུང་གི་ཁྲིམས་ཐག་གཅོད་སྟངས་དེར་ཁྱེད་རྣམས་ཀྱིས་རྒྱ་མིའི་དབུ་ཁྲིད་ཚོར་འབོད་སྐུལ་ཞུས་ཏེ། རྒྱལ་སྤྱིའི་ཁྲིམས་ལུགས་དང་རྦད་དེ་རྒྱབ་འགལ་བྱས་པར་དོ་ཁུར་བྱ་དགོས། ཞེས་འབོད་སྐུལ་ཞུ་གིན་ཡོད། ཅེས་སྒྲོག་སྦྱོང་གནང་སོང།

 

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. སེར་སྨད་བློ་དགའ། says:
    ལོ་ 17 སྔོན།

    ཆེས་མཆོག་ཏུ་བཀུར་འོས་པའི་གོང་གསལ་ཚོགས་པ་ཁག་དེ་དག་གིས་དངོས་སུ་གདོང་ལེན་གྱི་ངོ་རྒོལ་སྤེལ་ཡོད་པ་ལྟར་བོད་གཞུང་གི་ངོས་ནས་ཁྲིམས་དཔོན་དེའི་མིང་དང་ལས་ཁུངས་གང་ཡིན་གསལ་པོ་ཧོ་གོ་ཡི་ཡོད་འདོག་ཁ་པོ་རེད། ཁྲིམས་ཆད་ཕོག་པ་དེ་ཚོར་དམིགས་ཏེ་གོང་ཞུའི་ཁྲིམས་དཔོན་དང་འབྲེལ་ཡོད་སོགས་ལ་དངོས་སུ་སྐད་ཆ་འདྲ་བཤད་ཐུབ་པ་བྱུང་ཨེ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese