མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་སྤྲུལ་སྐུ་བདམ་པའི་སྲོལ་མེད་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ལོ་རྒྱུས་སྟེང་འདེམས་བསྐོའི་ལུགས་ཀྱིས་སྤྲུལ་སྐུ་བདམ་པའི་སྲོལ་མེད་པ་མ་ཟད། སྒྲུབ་སྟངས་འདི་རིགས་ནི་ལོ་རྒྱུས་སྟེང་གཏན་འབེབས་བྱས་པའི་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་དང་མི་མཐུན་ཞིང་། སྤྲུལ་སྐུ་ངོས་འཛིན་ཀྱི་ཕྱི་མོའི་གཞུང་ལུགས་དང་ཡང་འགལ་ཟླར་གྱུར་ཡོད་པ་རེད་ཟེར།
   

ཕྱི་ཚེས་ ༡༥ ཉིན་རྒྱ་ནག་ཤིན་ཧྭ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན།  ཚེས་ ༡༣ ཉིན་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་བསྒྲུབས་པའི་གསར་འགྱུར་ཇ་སྟོན་ཚོགས་འདུ་སྐབས་བཞི་བའི་སྟེང་། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ལ་ཞིབ་འཇུག་བྱེད་པའི་ལས་གཉེར་བའམ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་དང་། རབ་འབྱམས་པ་ཟླ་བ་ཚེ་རིང་གིས།  བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་ཁྲོད་དུ་མི་དར་མ་དང་། རྒྱལ་ཕྱིའི་མི་སྤྲུལ་སྐུར་ངོས་འཛིན་བྱེད་པའམ། ཡང་ན་སྐུ་བཞུགས་པའི་དུས་སུ་སྤྲུལ་སྐུར་ངོས་འཛིན་བྱེད་པ་དག་ལ་ལོ་རྒྱུས་སྟེང་གཏན་འབེབས་བྱས་པའི་འགྲོ་ལུགས་དང་། དེའི་ཆོས་ལུགས་ཀྱི་ཆོ་ག་དག་གི་གཞི་འཛིན་ས་མེད། ཅེས་དང་། སྤྲུལ་སྐུ་ངོས་འཛིན་གྱི་ཁྲོད་དུ་རྒྱལ་ཕྱིའི་མི་སྤྲུལ་སྐུར་ངོས་བཟུང་བྱེད་པའི་ཐད་ནས་བཤད་ན།ཉེ་ལམ་རྒྱལ་ཕྱི་སྟེ། དཔེར་ན་རྒྱ་གར་ལྟ་བུར་སྤྲུལ་སྐུའི་ངོ་བོ་དེ་རྒྱལ་ཕྱིའི་མིར་ངོས་བཟུང་བྱེད་ཚུལ་ཡོད་ན་ཡང་། བདག་གི་གོ་ཐོས་སུ། ད་ལྟའི་བར་དུ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ།   སི་ཁྲོན་སོགས་ས་གནས་སུ་རྒྱལ་ཕྱིའི་མི་སྤྲུལ་སྐུར་ངོས་བཟུང་བྱེད་པའི་གནས་ཚུལ་བྱུང་མྱོང་མེད།   ལོ་རྒྱུས་སྟེང་དུ་བོད་ཁུལ་མི་ཉུང་བ་ཞིག་ཏུ་སྤྲུལ་སྐུ་ངོས་འཛིན་བྱེད་པའམ། ཡང་ན་ནང་སོག་ས་ཁུལ་ལམ་སོག་པོའི་ས་གནས་སུ་སྤྲུལ་སྐུ་བོད་ལྗོངས་ནས་ངོས་འཛིན་བྱེད་པའི་གནས་ཚུལ་མ་གཏོགས། མི་རིགས་གཞན་དག་དང་ས་གནས་གཞན་དག་ནས་ངོས་འཛིན་བྱེད་སྲོལ་མེད། ཅེས་བཤད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. གནས་ཚང་། says:
    ལོ་ 17 སྔོན།

    ད་ཡིན་ན། སྐད་ཆ་གཅིག་འཛིན་ཆོག་གི་འདུག་སྟེ། ནང་སོག་ནས་སྤྲུལ་སྐུ་གདམ་ཆོག་ན། ཕྱི་སོག་ནས་གདམ་ག་བྱས་ན་མ་འགྲིག་ཚུལ་ལབ་ཐབས་ཆེར་མེད་པས། ལྷན་རྒྱས་ཚོས་དགོངས་པ་ཞིག་བཞེས་རོགས། དེང་སྐབས་ཐབས་ལམ་ལས་བཙན་གཏམ་གྱིས་ཕན་ཆེར་ཐོགས་ཀྱི་མ་རེད།

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    སྔོན་ཆད་འདེམས་སྲོལ་མེད་ན་ཕྱིན་ཆད་སྲོལ་གཏོད་མི་ཆོག་པ་གང་ན་ཡོད། ཕྱི་ལོ་ ༡༤༡༩ གོང་དུ་དགའ་ལྡན་ཁྲི་པ་ཟེར་བ་ཞིག་མེད་པས། དགའ་ལྡན་ཁྲི་པ་ཐོག་མར་བསྐོ་སྐབས་སྔོན་ཆད་མེད་པས་ད་ལྟ་བསྐོས་མི་ཆོག་ཟེར་བ་ཞིག་བྱུང་འདུག་གམ།

    པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གོང་དུ་དགེ་བཤེས་ལྷ་རམ་པ་ཞེས་པ་ཞིག་བདམས་སྲོལ་མེད་ཀྱང། དེ་རྗེས་སྲོལ་གསར་དུ་བཙུགས་ཏེ་དར་ཁྱབ་ཆེན་པོ་བྱུང་བ་རེད།

    ཡང་སྲིད་བྱོན་སྟངས་ལའང་༸རྒྱལ་དབང་ལྔ་པ་ཆེན་པོས་༼རྒྱ་གར་དང་མི་འདྲ་བའི་བོད་ཡུལ་འདིར་བླ་མ་ལ་གདུང་རྒྱུད་དང་སྐྱེ་བས་འཛིན་པ་གཉིས་སུ་འདུག་པའི་སྔ་མ་ནི་ལུགས་གཉིས་ཀའི་ཡོན་ཏན་རྣམས་ཕ་ཤུལ་བུ་འཇགས་ལྟ་བུའི་བར་གསེང་མེད་ཅིང་བུ་སློབ་འཁོར་འབངས་རྣམས་ཀྱང་བག་ཕེབས་པར་སྣང་ལ། ཕྱི་མ་ནི་གོང་མ་ལས་གོ་ལྡོག་ཅིང་ཤི་གསོན་གྱི་དཀོར་ནག་སོགས་ཟང་ཟིང་གི་འབུལ་བ་མ་ཎི་བའི་རྟེན་སྒམ་ལྟར་ལེན་རྒྱུ་རྣམས་རྒྱུན་འཆད་པའི་དབང་གིས་རྗེས་འཇུག་ཚོ་བླ་མ་གྲོངས་པ་ལས་སྐྱེ་བ་མ་བྱུང་བར་སེམས་ལས་ཆེ་ཞིང༌། དེ་གའི་རྦ་ཚད་ཀྱིས་ཡུལ་གྲུ་ཆེ་གེ་མོ་ན་བྱིས་པ་ཕ་མ་སོགས་ཀྱིས་གཡོ་སྒྱུས་བཟོས་པ་འདྲ་ལ། ཚམ་ཚོམ་མེད་པར་བདག་ཏུ་བཟུང་བའི་བཞུགས་གྲལ་ལ་ཆུང་ངེས་ཀྱི་ཐག་ཁྲ་ལ་སྦྲལ་དུ་མཐོང་བ་ལྟར་སྐྱེ་བོ་དུ་མའི་རི་བོང་ཅལ་འདྲོགས་ལ་བརྟེན་ཝ་སྐྱེས་སེང་གེར་བརྫུ་བའི་སྣང་ཚུལ་ཁོ་ན་སྟེ་༽ཞེས་སོགས་གསུངས།

    གོང་གི་སྤྲུལ་བླ་མ་ལ་གདུང་རྒྱུད་དང་སྐྱེ་བས་འཛིན་པ་གཉིས་སུ་འདུག་གསུངས་པའི་གདུང་རྒྱུད་ཀྱིས་འཛིན་པ་ནི་ས་སྐྱ་བ་ལྟ་བུ་ཡིན། དེ་ཡང་གཙོ་བོ་སུས་བྱེད་བུ་རྒྱུད་ཀྱི་ནང་ནས་གོང་མས་བདམས་ཏེ་བསྐོ་བ་ཡིན།

    སྐྱེ་བས་འཛིན་པའི་ཁོངས། མ་འདས་སྤྲུལ་སྐུ་དང་། སྐུ་གོང་མས་རྗེས་མ་གང་དུ་འཁྲུངས་མིན་བརྡ་སྟོན་མཛད་པ། རྗེས་འཇུག་ཚོས་ཡང་སྲིད་འཚོལ་བ་སོགས་གཅིག་ཏུ་མ་ངེས་པ་སྣ་ཚོགས་མཆིས།

    མདོར་ན། རྒྱ་ནག་དམར་གཞུང་གི་སྡུག་སྐད་འདི་ནི། ད་བར་༸གོང་ས་མཆོག་གི་སྐུ་ཚེ་ལ་ཚད་བཙུག་ཏེ་བོད་དོན་སྣང་མེད་དུ་བཞག སླད་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ཁྱེའུ་གཞན་ཞིག་བསྐོས་པ་ལྟར་༸གོང་ས་མཆོག་གི་ཡང་སྲིད་དུ་རང་གི་གང་འདོད་དུ་བཀོལ་ཆོག་པའི་ཁྱེའུ་ཞིག་འཇོག་རྒྱུའི་འཆར་གཞི་འཐེན་པའི་མཐར། ད་ཆ་༸གོང་ས་མཆོག་གི་ཡང་སྲིད་ཕྱི་རྒྱལ་དུ་འཁྲུངས་སྲིད་པ་དང་། འདེམས་བསྐོ་ཡང་བྱེད་སྲིད་པ། མ་འདས་སྤྲུལ་སྐུའི་ཐོག་ནས་ཀྱང་ཕེབས་སྲིད་པ་བཅས། གང་ལྟར་རྒྱ་དམར་གྱི་ལག་འོག་ཏུ་ཡོང་ས་མ་རེད་སྙམ་པའི་སྡུག་སྐད་ཤོར་པ་ཞིག་རེད།

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    སྤྲུལ་སྐུ་འདེམས་སྟངས་འདི་ཡིན་ཞེས་པའི་གཏན་འབེབས་ཀུན་ལ་ཁྱབ་པ་ཞིག་ ༡༩༥༩ ལོ་གོང་གི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པས། དོན་དངོས་འདི་རང་གིས་ཁོའི་སྐད་ཆ་དེ་གཞི་རྩ་མེད་པར་སྒྲུབ་ཐུབ།

    ལ་དྭགས་དང་ཁུ་ནུ་ལྟ་བུའི་བོད་ཀྱི་རིག་གཞུང་དར་བའི་ཡུལ་ལ་སྤྲུལ་སྐུ་བྱུང་མྱོང་ཡོད་པས། ཕྱི་སོག་ནང་སོག་ཙམ་དཔེ་ལ་བཞག་པ་དེས་མ་ཁྱབ། བལ་ཡུལ་གྱི་གློ་དང་དོལ་པོ། ཤར་པ། རྟ་མང་སོགས་ལའང་སྤྲུལ་སྐུ་ཡོད་སྲིད།

    བོད་ཀྱི་བླ་མས་ངོས་འཛིན་བྱས་པར་གཞིགས་ན། རྒྱ་གར་གྱི་རྒྱན་དྲུག་དང་ཏེ་ལོ་པ་དང་ན་རོ་པ་སོགས་བླ་མ་འདི་དང་འདིའི་ཡང་སྲིད་གོང་མ་ཡིན་ཞེས་འཁྲུངས་རབས་ནང་དྲངས་ཡོད། སྤྱན་རས་གཟིགས་གཅིག་པུའི་འཁྲུངས་རབས་ནང་ངོས་འཛིན་བྱས་པར་གཟིགས་ནའང་རྒྱ་གར་དང་བལ་ཡུལ་གྱི་མི་མང་པོ་ཡོད་པ་རེད།

    མདོར་ན། སྤྲུལ་སྐུ་ཞེས་པ་དེ་རང་དབང་ཐོབ་པའི་སྐྱེ་བོ་ཚོས་སེམས་ཅན་གྱི་དོན་དུ་དུས་དང་གནས་གང་དུ་བྱོན་བྱོན་གྱི་རང་དབང་ཡིན་པ་ལས། ལྷ་མེད་སྨྲ་བ་རྒྱ་ནག་གཞུང་གི་བཀའ་ལ་བརྩིས་ནས་འཁྲུངས་ས་འཁྲུངས་དུས་འདེམས་དགོས་པ་ཞིག་ནམ་ནམ་ཞར་ཞར་ཡང་མིན་ནོ།། །།

    Reply
  4. གངས་ཅན། says:
    ལོ་ 17 སྔོན།

    སོག་པོ་ནི་བོད་ལས་ཕྱི་ལོགས་མ་ཡིན་ནམ། རྒྱལ་ཕྱི་ཡིན་ན་རྒྱ་ནག་རྒྱལ་ཁབ་ཀྱི་ཕྱི་ལོགས་ཡིན་དགོས་པའི་ལོ་རྒྱུས་ཀྱི་གཏན་འབེབས་གང་ན་ཡོད། དེ་ནི་སྤྱི་ཚོགས་ཀྱི་འགྱུར་བ་དང་ཁོར་ཡུག་གི་འགྱུར་བ་དབང་གི་དང་ནང་ཆོས་ལས་འབྲས་དང་བླ་མས་འཕེན་པ་གཏོང་སྟངས་ཀྱིས་རེད་མ་གཏོགས། དེ་ལ་མཐའ་དང་མཚམས་འདི་རེད་ཟེར་བ་ཞིག་རྒྱ་ནག་གི་རྩ་ཁྲིམས་ན་ཡོད་ན་ལས་ནང་པའི་གཞུང་ན་ཡོད་རྒྱུ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese