མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་པ་ཁྲིད་ནས་ཁྲོམ་སྐོར་བྱས།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་དཀར་མཛེས་ས་ཁུལ་གྱི་བོད་མི་ ༡༥ ལྷག་འཇུས་ཏེ། ཁོང་ཚོ་མི་རིགས་ཁ་བྲལ་བ་ཡིན་རབས་བཤད་དེ་ཡུལ་སྡེ་སོ་སོའི་ཁྲོམ་སྐོར་དུ་ཁྲིད་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་ཏྲེ་ཧོར་སྐྱིད་སྡུག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༡ ཉིན་གྱི་མཚན་དཀྱིལ་ཏུ་དཀར་མཛེས་རྩིས་ཐང་དགོན་པའི་ནང་དྲག་ཆས་ཉེན་རྟོག་དམག་མི་བཙན་གྱིས་འཛུལ་ཏེ་དགོན་པའི་གྲྭ་ཤག་ཡོངས་ལ་བསྔོག་བཤེར་བྱས་ཡོད་པ་དང་། དཀར་མཛེས་ལྷོ་པ་ཞང་ཕ་ཚེ་འདས་དོན་འགྲུབ་དང་མ་དཔལ་བདེ་སྐྱིད་གཉིས་ཀྱི་བུ་རྩིས་ཐང་དགོན་པའི་གྲྭ་བསོད་ནམས་ཉི་མ་སོགས་དགེ་འདུན་པ་ ༥ ཉེས་འཛུགས་ཀྱིས་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༥ ཉིན་ཟླ་སྔོན་མའི་ཚེས་ ༡༩ ཉིན་ས་ཞིང་འདེབས་ལས་མ་བྱས་པའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་པའི་རྩིས་ཐང་དགོན་གྱི་རང་ལོ་ ༢༧ ཡིན་པའི་གྲྭ་བྱམས་པ་དོན་འགྲུབ་དང་། ཟླ་ ༣ པའི་ཚེས་ ༡༩ ཉིན་ཉེས་འཛུགས་འདྲ་མིན་ཐོག་བཙོན་འཇུག་བྱས་ཡོད་པའི་འབྲས་སྟག་གྲོང་ཚོའི་རང་ལོ་ ༥༦ ཡིན་པའི་བཀྲ་འཕེལ། ཟླ་ ༣ པའི་ཚེས་ ༢༡ ཉིན་ཞིང་ཁ་འདེབས་ལས་མ་བྱས་པའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་པའི་ལྷོ་པ་ཞང་ཁ་ཉིན་ནང་གྲོང་ཚོའི་རང་ལོ་ ༤༢ ཡིན་པའི་ཚེ་རིང་དབང་རབ་སོགས་བོད་མི་ ༡༥ ལྷག་ཕྱོགས་བཞི་མེ་མདའ་བཟུང་ཞིང་དྲག་ཆས་དམག་མིས་བསྐོར་བའི་རླངས་འཁོར་ཞིག་ཏུ་བླུགས་ཏེ། ཉེན་རྟོག་མི་སྣ་སོགས་རླངས་འཁོར་ཆེ་ཆུང་ ༢༠ ལྷག་གིས་མཐའ་བསྐོར་ཡོད་པ་དང་། སེར་སྐྱ་དབྱེར་མེད་ལ་བཙོན་པའི་ལྭ་བ་གྱོན་དུ་བཅུག་ཡོད་མ་ཟད། རྐང་ལྕགས་ལག་ལྕགས་བརྒྱབས་ཏེ་དཀར་མཛེས་རྫོང་ནས་ལྷོ་པ་ཞང་། རོང་པ་ཚ་སོགས་སུ་འཁྲིད་དེ་མི་མང་ལ་ལྟ་རུ་བཅུག་ཡོད་པ་དང། ད་དུང་རྒྱང་སྒྲོག་ནང་མི་མང་ལ་མི་རིགས་ཁ་བྲལ་གཏོང་མཁན་དང་རྒྱལ་ཁབ་གཏོར་གཤིག་གཏོང་མཁན་ཁོང་ཚོ་རེད། ཁྱེད་ཚོས་ཁོ་ཚོ་ལྟར་ལས་ཀ་བྱས་ན་རྒྱལ་ཁབ་བདེ་འཇགས་ནམ་ཡང་ཡོང་མི་ཐུབ། གལ་སྲིད་ཁྱེད་ཚོས་ཀྱང་ལམ་འདི་འདེམས་ཚེ་མཇུག་འབྲས་འདི་མ་གཏོགས་མེད། ཅེས་དམག་མི་མང་པོའི་མེ་མདའ་དང་གློག་རྒྱུགས་སོགས་བཟུང་སྟེ་མི་མང་ལ་འཇིགས་སྐུལ་བྱས་ཡོད་པ་དང་བོད་པའི་བཙོན་པ་དེ་དག་ས་གནས་གང་སར་ཁྲོམ་སྐོར་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 5

  1. བསེ་རུ། says:
    ལོ་ 17 སྔོན།

    ༸གོང་ས་མཆོག་གིས་ཁ་སྔོན་བུད་མེད་ཚོགས་བཅར་བ་ཚོར་ཡང་།
    ཤེས་ཡོན་ཡར་རྒྱས་དང་དཔལ་འབྱོར་ཐོག་དོ་སྣང་དགོས་པའི་བཀའ་ནན་ཕེབས་འདུག
    དེང་སྐབས་ང་ཚོས་གཞོན་སྐྱེས་ཚོར་ཤེས་ཡོན་སྤྲོད་རྒྱུ་དང་།
    འབྱོར་ལྡན་ཚོས་ཤེས་ཡོན་གྱི་བསྟི་གནས་ཚོགས་སྡེ་ཁག་ལ་རོགས་ཕན་བྱས་ཏེ་ང་ཚོའི་ཉམ་ཐག་པའི་
    གནས་སྟངས་འདི་ནས་སྐྱོབས་ཐབས་བྱས་ན་སྐབས་སུ་བབས་པའི་ལས་འགན་དུ་མཐོང་།།

    Reply
  2. རྩྭ་ཁེར་སྐྱེས says:
    ལོ་ 17 སྔོན།

    རེད་རེད་དེ་ལས་ལྷག་ང་ཚོས་ཅི་བྱེད་འོན་ཀྱང་བསམ་བློ་མང་པོ་གཏོང་རྒྱུ་ཡོད་པ་རེད །

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    ང་ཚོས་ང་ཚོ་འུ་ཐུག་ཐབས་ཟད་ལ་གྱར་པ་ལྟ་བུར་མཐོང་གི་ཡོད་ཀྱང་། ཕྱོགས་གཞན་ནས་བསམས་ན། རྒྱ་ནག་གཞུང་གི་བྱེད་སྟངས་འདི་ཚོ་འུ་ཐུག་ཐབས་རྡུགས་ཀྱི་བྱེད་སྟངས་རེད།

    འདི་ལྟར་བྱས་ཏེ་ལོ་ངོ་དྲུག་ཅུ་སོང་བ་རེད། འོན་ཀྱང་བོད་མི་རིགས་ཀྱི་སེམས་ཤུགས་ཉམས་དམས་སུ་གཏོང་ཐུབ་མེད་ལ། མ་འོངས་པར་ཡང་ཐུབ་ཀྱི་མ་རེད།

    ང་ཚོ་བོད་གཞིས་བྱེས་གཉིས་ཀྱིས་ད་ཆ་ཤེས་ཡོན་དང་དཔལ་འབྱོར་གཉིས་ལ་དོ་སྣང་བྱེད་དགོས་འདུག ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་བཏང་སྟེ་མི་རིགས་མ་ཉམས་པ་བྱས་ཏེ་གོ་སྐབས་ལ་སྒུག་དགོས།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་ནི་རྒྱ་ནག་གིས་བོད་མིས་སྟེང་ལ་བྱེད་སྟངས་འདི་འདྲ་བྱོས་དེ་འོང་དུས། སྔོན་ཆད་རྒྱ་ནག་ལ་ཉི་ཧོང་གི་བཙན་འཛུལ་བྱེད་སྟངས་གློག་བརྙན་བཟོས་ཡོད་པ་དེ་དག་མིག་ལམ་དུ་ཤར་དེ་འོང་གི དངོས་ནས་ཡ་ང་བ་དང་དྲག་སྤྱོད་ལས་གནས་ལུགས་དང་རྒྱུ་མཚན་ཟེར་ས་ཞིག་གཏན་ནས་མེད་པ་རེད། ད་ནི་བོད་པ་ཚང་གི་ལས་དབང་འདི་ལ་སུ་ཞིག་གིས་ཀྱང་རོགས་བྱེད་མི་ཐུབ་པ་ཁོ་ཐག་རེད། རང་གི་རང་ལ་སྐྱབས་བཅོལ་བ་ལས་ལྷག་མི་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཟེར་བའི་ཉན་ན་ཡིད་འཕྲོག་པའི་ཚོགས་པ་ཆེས་མང་བོ་ཞིག་འཛམ་གླིང་གང་སར་ཡོད་ཀྱང་མིང་ཙམ་ཞིག་འདུག་པ་ད་ནི་དངོས་ཟིན་སྟེར་གྱི་མི་འདུག་གམ། བདག་གི་སྙིང་ནས་བརྩེ་བའི་བོད་རིགས་སྤུན་ཟླ་ཚོ།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ྐླ་ྐློའི་བྱེད་སྟངས་རེད། རྒྱ་ནག་ཡར་རྒྱས་སོང་ཟེར་བ་དེ་འདི་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese