མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་གྲྭ་འབྲོག་རུ་ཚུལ་ཁྲིམས་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་དང།  ཁོང་གིས་འདོན་སྤེལ་བྱེད་ཀྱིན་ཡོད་པའི་ཁ་བའི་ཚེ་སྲོག་ཅེས་པའི་རྩོམ་རིག་ཚགས་ཤོག་དེའང་བཀག་འགོག་བྱས་ཡོད་འདུག

 

ཕྱི་ཚེས་ ༡༨ ཉིན་བོད་ནས་གློག་ཀླད་བརྒྱུད་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཟླ་ ༤ ཚེས་ ༢ ཡས་མས་སུ་ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ། མང་ར་རྫོང་ཁོངས་ནས་ཡིན་ཞིང༌། དེང་སྐབས་རྔ་བ་སྒོ་མང་དགོན་དུ་སློབ་གཉེར་གནང་བཞིན་པའི་རྩོམ་པ་པོ་གྲྭ་འབྲོག་རུ་ཚུལ་ཁྲིམས་ལགས་ལ། ཀྲུང་ཧྭ་མེས་རྒྱལ་ལ་ངོ་རྒོལ་དང༌། ཏཱ་ལའི་འོས་ལངས་ལ་སྐུལ་སློང་གི་རྩོམ་ཡིག་སྤེལ་པའི་ཉེས་མིང་འོག རྒྱ་གཞུང་གི་ཉེན་རྟོག་མི་སྣས་རྔ་བ་སྒོ་མང་དགོན་པའི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། ཁོང་སྒེར་གྱིས་གཉེར་བའི། ཁ་བའི་ཚེ་སྲོག ཅེས་པའི་རྩོམ་རིག་ཚགས་ཤོག་དེ་ཡང་བཀག་འགོག་བྱས་ཡོད་འདུག

 

རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ནི་ད་ལྟ་རང་ལོ་ ༢༧ ཡིན་ཞིང། ཆུང་ངུའི་དུས་ནས་མང་ར་ཀླུ་ཚང་དགོན་པ་དང་ངྷི་ཚ་དགོན། རྔ་བ་སྒོ་མང་དགོན་བཅས་ནས་ནང་ཆོས་གཙོ་བོར་གྱུར་བའི་ཐ་སྙད་རིག་གནས་ལ་བསླབ་པ་སློབ་གཉེར་གནང་ཡོད་པ་མ་ཟད། ཚགས་པར་དང་དུས་དེབ་ཁག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་མྱོང་ཡོད་ཅིང་། སྒེར་ངོས་ནས་སྙན་ངག་གི་ཆེད་དེབ་ཅིག་ཀྱང་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་འདུག གྲྭ་འབྲོག་རུ་ཚུལ་ཁྲིམས་ལགས་ཀྱིས་དེང་སྐབས་རྔ་བ་སྒོ་མང་དགོན་དུ་སློབ་གཉེར་གྱི་ཞོར་དུ། ཁ་བའི་ཚེ་སྲོག ཅེས་པའི་རྩོམ་རིག་ཚགས་ཤོག་ཅག་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དེ་ཐེངས་འདིའི་དོན་རྐྱེན་དང་བསྟུན་ཏེ། རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

སྐར་མ ༢༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༡༩ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣

མཆན། 16

  1. ཐུབ་འཕྲིན་ལས། says:
    ལོ་ 17 སྔོན།

    ཧ་

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྐད་ཆ་འདི་ལྟར་གླེང་དེ་དོན་དངོས་ཐོག་ནས་ཀྱང་ང་ཚོས་དེ་ལྟར་ཨེ་འཇོན་ལྟ་རྒྱུ་ན་བོད་ལ་སྐྱེ་བའི་དགོས་དོན་དེ་རེད། ཚང་མའི་སེམས་དང་ཁ་ནང་དུ་་ཕྱོགས་དེ་དམིགས་གསལ་གྱིས་བོད་ནང་གི་གནས་སྟངས་བསྐོར་ལ་བགྲོ་གླེང་ལྷུག་པོ་རེ་གནང་ཐུབ་ན་དངོས་ནས་ཡག་པོ་འདུག འདི་ནི་ངེད་ཅག་གི་བརྒྱུད་ལམ་དང་ངེད་ཅག་གི་མི་རིགས་ལ་འགན་ལེན་བྱེད་ཐབས་གསར་བ་རེད། དྲ་ཐོག་ནས་གླེང་ན། དྲ་ཐོག་པ་གང་མང་བརྒྱུད་དེ་མི་མང་གི་རྣ་རྩར་སླེབས་ངེས་ཡིན། མི་མང་གི་རྣ་རྩར་སླེབས་ན་མི་མང་གི་སེམས་ནང་དུ་སླེབས་སྲིད་པ་ཡིན། དེ་ལྟར་ང་ཚོས་རང་རང་གི་ས་ནས་ལག་བརྡང་སྤྲེལ་ནས་ཤུ་རེ་བྱེད། འབད་བརྩོན་བྱེད། བོད་རིགས་དྲ་ཐོག་པ་ཚང་མས་རང་ཉིད་བོད་དུ་སྐྱེ་བ་བརྗེད་མེད་དུ།

    Reply
  3. བཙན་པོ། says:
    ལོ་ 17 སྔོན།

    ཕྱོགས་གང་ནས་བསམ་བློ་བཏང་རུང༌། རང་དོན་ཡལ་བར་དོར་ནས་གཞན་དོན་ལྷུ་རུ་བཞེས་མཁན་ཞིག་ཡིན་པ་ན། དེ་ནི་ངེས་པར་དུ་གླེང་རིན་ཡོད་པའི་མི་སྣ་རླབས་ཆེན་ཞིག་ཏུ་བཀུར་ཆོག་ལ། དེ་བཞིན་རྒྱ་དམར་གྱི་བཙན་གནོན་འོག་དཀའ་སྡུག་སྣ་ཚོགས་ཤིག་མྱོང་བཞིན་པའི་གཞིས་ལུས་བོད་རིགས་སྤུན་ཟླ་སུ་དང་སུ་ཞིག་ཡིན་རུང༌། ངའི་སེམས་ནང་ནས་ནམ་ཡང་བརྗེད་མ་མྱོང་ལ། ལྷག་པར་ཏུ་འདི་བཞིན་ཤེས་འཇོན་གཉིས་ལྡན་གྱི་བོད་རིགས་གཞོན་སྐྱེས་སྐུ་ཞབས་འབྲོ་རུ་ཚུལ་ཁྲིམས་ཀྱིས་མཚོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ལས་འདས་པ་ཞིག་ཉིན་མཚན་རྒྱུ་མི་ཆད་པར་རྒྱ་དམར་གྱི་ཁྲིམས་འོག་ནས་སྐུ་ཚེ་འཕོས་བཞིན་པར་ལྷག་བསམ་རྣམ་དག་གིས་མྱ་ངན་དང་གདོང་སེམ་མཉམ་སྐྱེད་ཞུ་བཞིན་ཡོད། སྤྱིའི་ཆ་ནས་བཤད་ན། འགྲོ་བ་མིའི་རིགས་ཤིག་ཡིན་ཕྱིན་ནས། དྲང་བདེན་དང་གནས་ལུགས་མི་གླེང་མཁན་ཞིག་ནི་ཧ་ཅང་ཉུང་ལ། དོན་དངོས་ཀྱི་ཆ་ནས་གནས་ལུགས་ལ་རྒྱབ་སྐྱོར་དང་དྲང་བདེན་ལ་དཔུང་རོགས་བྱེད་མཁན་ཞིག་ནི་ཤིན་ཏུ་ནས་ཀྱང་དཀོན་མོད། ཡིན་ན་ཡང༌། མི་ཞིག་གིས་རོགས་པ་བྱེད་མིན་དང༌། ཚོགས་པ་ཞིག་གིས་གྲོས་ཆོད་འཇོག་མིན་དེ་གཙོ་བོ་མ་ཡིན་པར། གོང་གསལ་རྒྱལ་གཅེས་དཔའ་བོ་སྐུ་ཞབས་འབྲོ་རུ་ཚུལ་ཁྲིམས་སོགས་ཀྱི་མཚོན་པའི་མི་རིགས་ལ་ལྷག་བསམ་དཀར་ཞིང༌། སྐད་ཡིག་ལ་དུང་བ་ཟབ་པའི་བཀུར་འོས་གཞིས་བཞུགས་སྤུན་ཟླ་རྣམས་མིག་དཔེར་བཟུང་སྟེ། བྱ་བ་ཐམས་ཅད་རང་སྟེང་ནས་འགོ་རྩོམ་རྒྱུ་ནི་ང་ཚོ་ལ་མཚོན་ན་ཧ་ཅང་གལ་ཆེ་ལ། དེ་བཞིན་ཕྱི་བསྡོད་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་བོད་གཞུང་གིས་འཇོན་མིན་དང༌། ལས་བྱེད་ག་གེ་མོ་ཞིག་གིས་ཁྲེལ་མེད་ཀྱི་སྤྱོད་ཚུལ་ཏེ་རྩོད་གླེང་བྱེད་ནས་འདུག་རྒྱུ་དེ་གལ་མི་ཆེ་བར། གཙོ་བོ་ང་ཚོ་ཚང་མ་བོད་གཞུང་གི་གྲུབ་ཆ་ཞིག་ཡིན་པ་དང་བོད་རིགས་ཤིག་ཡིན་པའི་ཆ་ནས་རང་ངོས་ནས་འཇཽན་ཐབས་ལ་འབད་པ་བྱེད་དགོས། གལ་སྲིད་ཁྱེད་རང་འཇོན་པོ་དང་ནུས་ལྡན་ཞིག ཡང་ན་བོད་སྤྱི་ལ་ཕན་ཐོགས་མཁན་ཞིག་ཡིན་པ་ན། བོད་གཞུང་ཞེས་པ་གང་ནས་འགོ་བརྩམས་ཀྱང་ཆོག་པ་ཞིག་ཡིན། དེ་རིང་ཁ་རྩང་གི་བོད་བཞུང་ནི། སྐྱབས་བཅོལ་བའི་བོད་གཞུང་ཞིག་ལས་གཏན་འཇགས་ཀྱི་གཞུང་ཞིག་ཡེ་མིན་པས། གལ་སྲིད་ཁྱེད་ཉིད་ལ་ནུས་པ་དང་འཇོན་ཐང་ཡོད་ན། ཁྱེད་རང་ངོས་ནས་བོད་གཞུང་གི་སྣེ་ཁྲིད་དེ་ཆབ་སྲིད་ལམ་སྟོན་བྱོས་དང༌། ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་འདི་ལྟར་བྱེད་མཁན་ཉུང་དྲག་པ་ལས་མང་དྲག་མེད། ད་བར་ྋགོང་ས་མཆོག་སྐུ་སྒེར་ངོས་ནས་སྐུ་ཚེགས་གྲངས་མེད་ཅིག་མྱངས་ཏེ། བོད་པ་ཚང་གི་གནས་སྟེང་དེ་རེ་བ་མེད་ས་ཞིག་ནས་རེ་བ་ཅན་ཞིག་ཏུ་བསྒྱུར་ཟིན་པའི་དེ་རིང་གི་བོད་པ་ཚང་འདི། ད་ནས་བཟུང་ང་ཚོ་ཚང་མས་དཔུང་བརྡང་གཅིག་སྦྲེལ་གྱིས་རང་ནུས་རྩལ་འདོན་བྱེད་རན་པས། ཁྱོའི་ཁ་དང་ངའི་སྣ་རྩོད་ནས་འདུག་རན་ཞིག་གཏད་ནས་མིན།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ཡིན་ན་ཡང་འཆི་མེད་དགའ་ཚལ་གླིང་གི་གསར་འགྱུར་གཤམ་གྱི་འདྲ་པར་ཕྱིར་ལོག་མ་དེ་ད་དུང་བརྗེས་མི་འདུག་ཨང་།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    པར་འཇོག་སྟངས་ནོར་བ་བསྐྱར་དུ་བཟོ་བཅོས་བྱས་པ་བདེན་པ་རེད།
    ཁ་བ་དཀར་པོ་ལ་མིག་རྣོ་པོ་འདུག་དཱ། གཟབ་གཟབ་མ་བྱས་ན་ཁོའི་ཁ་ལག་མིག་གསུམ་ལས་ལ་སླ་བོ་མེད་དཱ།

    Reply
  6. wangden tsomo says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་དང་དྲ་གྲོགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
    ད་ག་རུ་བྱས་ན་བཟང་ང་ཚོའི་རྩོམ་པ་པོ་དང་ལྷག་སེམས་ཅན་གྱིས་མང་ཐོག་པ་ཆ་ཚང་ཚར་རྒྱུ་རེད་ཡ།

    Reply
  7. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ལྷ་ཆབ་ལགས།
    ངས་ད་ནང་ཞོགས་པར་ལྟ་དུས་ངོ་མ་འདྲ་པར་དེ་ཕྱིན་ཅི་ལོག་ཏུ་བཞག་འདུག་པས་ངས་འདི་ལྟར་བྲིས་པ་ཡིན། དེ་ནས་རྩོམ་སྒྲིག་པས་བརྗེས་པ་རེད། འདི་ཙམ་ངས་ཀྱང་ལོས་ཤེས། ད་ནས་བརྩིས་པའི་ཆུ་ཚོད་བཅུ་དྲུག་གི་སྔོན་དུ་རེད་དོ།།

    Reply
  8. ཀླུ། says:
    ལོ་ 17 སྔོན།

    དོན་མེད་རྩོད་པ་མ་བྱེད་རོགས་དྲིན་ཆེན་ཚོ།
    འབྲི་ཤེས་ན་ཐང་ཁོམ་ཡོད་ན་ཐང། འབྲོག་རུ་ཚུལ་ཁྲིམས་དང་། གངས་ཉི།་་མགོ་ལོག་འཇིགས་མེད སྒྲོལ་མ་སྐྱབས་སོགས་གླེང་རོགས། ཁྱེད་ཚོ་ཕྱི་ལ་ཐར་དུས་བྱེད་སྟངས་དེ་འདྲ་མིན་པའི་ཡོད་ཆེས་ཡོད།

    Reply
  9. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    ད་རེར་ཁ་བ་དཀར་བོ་གཉང་འདུག ཚང་མ་ཕྱིན་ཅི་ལོག་ཏུ་སྒྲུབ་འདུག་མོད། པར་འདི་ཕྱིན་ཅི་ལོག་ཏུ་བཀོད་མེད་པ་གསལ་བོ་རེད། ལྷག་པར་དུ་གུང་ཐང་ཚང་དང་ཀུན་མཁན་རིན་པོ་ཆེའི་པར་ལ་ལྟོས་དང༌། གུང་ཐང་ཚང་གི་སྟོད་འགག་ཕྲག་ལེན་ལ་ལྟོས་དང་ཧ་གོ་ཐུབ། དེ་མིན་རྩོམ་པ་པོ་འབྲོག་རུ་བ་ཁོང་གི་སྟོད་འགག་གྱོན་སྟངས་དང་གཟན་ཕྲག་ལ་འཛིན་སྟངས་གང་གི་ཆ་ནས་ཕྱིན་ཅི་ལོག་མིན་པ་གསལ་བོ་རེད།

    Reply
  10. དོམ་ནག་སྨྱོན་པ། says:
    ལོ་ 17 སྔོན།

    དྲང་མོ་བཤད་ན་ད་ང་ཚོ་བོད་ཚོས་ཁ་ནས་ཞི་བདེ་ཞི་བདེ་ཞེས་ལབ་ནས་འདུག་རན་མ་རེད་ཡ།

    Reply
  11. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    དང་པོ་འདྲ་པར་ཕྱིན་ཅི་ལོག་ཏུ་བཞག དེ་ནས་ཨང་གྲངས་དང་འདྲ་པར་མཉམ་དུ་ཕྱིན་ཅི་ལོག་ཏུ་བཀོད། རྗེས་མར་ཡི་གེ་ཡང་ཕྱིན་ཅི་ལོག་ཏུ་བཀོད་ན་ཀློག་པ་པོ་ཚོས་ལག་ཏུ་མེ་ལོང་རེ་བཟུང་ནས་དེའི་ནང་དུ་དྲ་ངོས་ཤར་དུ་བཅུག་ན་མ་གཏོགས་ལས་སླ་བོར་ཀློག་ཐུབ་ཀྱི་མ་རེད་དོ།།

    Reply
  12. གསེར་སྐྱབས says:
    ལོ་ 17 སྔོན།

    དུས་བབ་རྩོམ་སྒྲིག་པ་དག་ལ་ཡང་ཁག་མི་འདུག་ཁོ་ཚོའི་ནང་དུ་གྲྭ་ལོག་ཇོ་ལོག་མེད་ཚོད་རེད ། གྲྭ་ལོག་ཇོ་ལོག་གང་རུང་མིན་ཚེ་དོ་སྣང་ཡོང་དཀའ་རྗེས་ཕྱོགས་ཁྱེད་ཚོའི་ནང་དུ་དགེ་བོ་རེ་འཇུག་ཐུབ་ན་ཡག་པོ་འདུག །

    Reply
  13. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    འཆི་མེད་དགའ་ཚལ་གླིང་གི་འདྲ་པར་རྒྱབ་དཔར་མ་དེའི་གསལ་འདེབས་ལ་རྩོམ་སྒྲིག་པས་ཁ་ཡ་གཏན་ནས་མི་བྱེད་དོན་ཅི། འདྲ་པར་ཕྱིན་ཅི་ལོག་ཏུ་བཀོད་པ་ནི་ཆེ་ས་ནས་བོད་པའི་རིག་གཞུང་ལ་སྣང་ཆུང་ངམ་མཐོང་ཆུང་དང་། ཆུང་ས་ནས་འདྲ་པར་དེའི་སྟེང་གི་མི་རེ་རེར་བརྩི་འཇོག་མ་བྱས་པ་ཞིག་ཏུ་འགྱུར་ནའང་ཐང་།

    Reply
  14. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ད་རུང་ཡིད་མི་ཆེས་ན་ཁོང་གི་ཁང་པའི་རྩིགས་ངོས་སུ་ཡོད་པའི་གུང་ཐང་ཚང་དང་འཇམ་བཞད་ཚང་གི་སྐུ་པར་དེར་ལྟོས།

    Reply
  15. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    གོང་གི་འདྲ་པར་དེ་ཕྱིན་ཅི་ལོག་ཏུ་བཀོད་འདུག ཡིད་མི་ཆེས་ན་རྩོམ་པ་པོའི་གཟན་ཤམ་གྱོན་སྟངས་དང་པར་གཤམ་གྱི་ཟླ་ཚེས་ལ་ལྟོས། ཁ་ཉིན་ཡང་ཁམས་སྤྲུལ་རིན་པོ་ཆེའི་ལྷ་ཁང་སྒོ་འབྱེད་ཀྱི་པར་གཅིག་རྒྱབ་བསློགས་ནས་བཀོད་འདུག རྩོམ་པ་སྒྲིག་པའི་ཁྲོད་དུ་གྲྭ་ཟུར་རེ་མེད་དམ། གྲྭ་ཟུར་ཚོ་གྲྭ་ཆས་ཅན་གྱི་འདྲ་པར་འཇོག་དུས་སུ་ཇི་འདྲའི་མཁོ་བ་ལ་ཨང་།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ད་རེད། རིགས་ཞེན་ཅན་གྱི་རྩོམ་པ་པོ་ཚོ་གཅིག་རེ་གཉིས་རེ་བྱས་ནས་བཟུང་ནས་ཚར་རྒྱུ་རེད། དཔེར་ན་། ན་ནིང་འཇམ་དབྱངས་སྐྱིད། སྒྲོལ་མ་སྐྱབས་སོགས་ད་ལོ་གངས་ཉི་འབྲོག་རུ་ཚུལ་ཁྲིམས་སོགས་མང་ནི་རེད་མོད། མི་དྲན་གི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese