མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོ་ཚེ་ཚུལ་ཁྲིམས་ཀྱི་ཞུ་ཡིག

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

༄༅། །     དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་མཆོག་ལ།

                                ཆེད་ཞུ།

གུས་འབངས་ཕྲན་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་སམ་མཉྫུ་ཤྲི་པུ་ཛཱ་ནས་ཞུ་སྙིང་། ཕྲན་ད་ལམ་ཕྱི་སོག་སང་གིན་ཏཱ་ལའི་ཆོས་དགོན་དང། རིག་བཅུའི་འཛིན་སྐྱོང་མཉྫུ་ཤྲི་གླིང་དགོན་པ། ནང་སོག་ཧ་ཡ་གྷྲི་ཝ་ཕན་བདེ་རྒྱ་ཆེན་གླིང་བཅས་ཀྱི་ཆོས་དགོན་གསུམ་གྱི་སྤྱི་ཁྱབ་མཁན་པོའི་མིང་ཁུར་ཏེ་ཞུ་གསོལ་འདེབས་སྙིང་། འགྲོ་བ་ལྷར་བཅས་སྲིད་ཞྀའི་སྐྱབས་མགོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་དུ་མཇལ་བཅར་ཞུ་བའི་དགོས་དོན་དམིགས་ཡུལ་མདོར་བསྡུས་ཞུ་རྒྱུ་གཤམ་གསལ།

དང་པོ། གོང་གསལ་སོག་དགོན་ཆོས་སྡེ་གསུམ་གྱི་བསྟན་པ་འཛིན་སྐྱོང་དར་རྒྱས་སྐོར་སྙན་སེང་དང་འབྲེལ་ཐུགས་སྨོན་བཀའ་སློབ་ལམ་སྟོན་སྤྱི་གཙུག་ཏུ་ཞུ་རྒྱུ་དང།

གཉིས་པ། ཕྲན་གྱིས་བརྩམས་པའི་གསུང་འབུམ་པོད་བཅུ་གཅིག་གི་དཀར་ཆག་ཡོངས་རྫོགས་དང་པོད་དང་པོ་བཅས་༧གོང་ས་མཆོག་ལ་སྤྱན་འབུལ་ཞུ་རྒྱུ།

གསུམ་པ། ཕྲན་ལ་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་གི་དྲུང་ཆེ་ཡི་ཞབས་ཞུའི་སྐལ་བ་ཐོབ་མཁན་ཞིག་གི་ངོས་ནས། གུང་ཐང་རིན་པོ་ཆེའི་སྐོར་གྱི་དམིགས་བསལ་དོན་གནས་འགའི་ཐོག་ལ་ནང་མོལ་སྙན་སེང་ཞུ་རྒྱུ།

བཞི་བ། དེ་སྔ་སྤྱི་ཚོགས་ཁྲོད་མི་ཁ་ཤས་ཀྱིས་ཕྲན་ལ་དོལ་རྒྱལ་ཚོགས་པ་དང་འབྲེལ་བ་ཡོད་རབས་དང། ལྷག་པར་དོལ་རྒྱལ་ཚོགས་པའི་བྱེད་གཏེ་གངས་ཅན་བླ་མ་དང༌། གུ་རུ་དེ་ཝ་བཅས་དང་དམིགས་བསལ་འབྲེལ་བ་ཡོད་ཚུལ་སོགས་མ་ཉེས་ཁ་གཡོགས་ཀྱི་འཆལ་གཏམ་ཁག་ཅིག་བྱུང་ཡོད་སྟབས། དེའི་སྐོར་གྱི་ཡང་སྙིང་གནས་ལུགས་ངོ་མ་གང་ཟག་མི་རེ་ངོ་རེར་དག་སེལ་འགྲེལ་བཤད་ཞུ་རྒྱུར་དགོས་པ་དང་གནས་སྟངས་གང་ཅིར་འཚམ་པ་ཞིག་མ་མཐོང་ཡང། ནམ་ཞིག་གསལ་བཤད་དག་གཙང་ཞུ་རྒྱུའི་གོ་སྐབས་བྱུང་ཚེ། ༧རྒྱལ་བ་དོན་གྱི་བདག་པོའི་སྐུ་མདུན་དུ་སྦ་གསང་མེད་པར་གསེད་བཀྲོལ་གཡའ་དག་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་མུས་ཐོག ད་ལམ་ཕྱི་སོག་བརྒྱུད་རྒྱ་གར་ལ་ཆེད་དུ་༧གོང་ས་སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུ་རྒྱུའི་གོ་སྐབས་ཞུས་པ་དེ་ལྟར་ལགས། ད་ལམ་ཕྲན་གྱིས་མཆོག་གསུམ་དཔང་བཙུགས་ཚིག་ཐག་ཆོད་པོའི་སྒོ་ནས་ཞུ་རྒྱུ་ཞིག་ལ། གངས་ཅན་བླ་མ་དང་གུ་རུ་དེ་ཝ་ལ་འབྲེལ་བ་ཆགས་སྟངས་ནི་ཕྲན་གྱི་རྩོམ་སྒྲིག་ཞུས་པ། གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོ།  དཔར་སྐྲུན་ལ་གངས་ཅན་བླ་མས་མ་བསྐུལ་དང་བླངས་ཀྱིས་ཞལ་འདེབས་ཕུལ་སྐབས་ཕྱི་དངོས་པོའི་ཞལ་འདེབས་ཙམ་གྱི་འབྲེལ་བ་བྱུང་བ་དོན་དངོས་ཡིན་པ་མ་གཏོགས། དོལ་རྒྱལ་ཚོགས་པའི་ལས་དོན་སྤྱི་དང་ཁྱད་པར་ཤུགས་ལྡན་བསྟེན་གསོལ་སྐོར་གྱི་ལབ་གླེང་འབྲེལ་བ་གང་ཡང་མེད་པའི་ཁར། ཕྱི་ལོ་ ༢༠༠༦ ནས་ད་བར་ཁོ་བོར་འགྲོ་འོང་འབྲེལ་གཏུགས་སྤུ་ཙམ་ཡང་མེད། ཅེས་ཚིག་ཐག་གཙང་བཅད་ཀྱིས་ཞུ་རྒྱུ་དང། ལྷག་པར་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་གི་དངོས་སློབ་ཅིག་ཡིན་པའི་ཆ་ནས་ཁོང་གི་བཀའ་སློབ་སྙིང་བཅང་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང། རྒྱའི་ཡུལ་གྲུ་ཁག་དང་སོག་པོ་ཕྱི་ནང་བཅས་སུའང་དེ་ལུགས་དར་སྤེལ་གྱི་ལས་དོན་ཅི་ནུས་བསྒྲུབ་རྒྱུ་ནི། ཕྲན་རང་གི་དམིགས་ཡུལ་ཡིན་ན། གོང་གསལ་དོན་གནས་སྐོར་འཛམ་གླིང་རྒྱལ་བསྟན་ཡོངས་ཀྱི་དོན་གྱི་བདག་པོ་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་དགོངས་སྐོར་སྙན་སེང་དང་ཐུགས་སྨོན་མཚམས་སྦྱོར་ཞུ་རྒྱུ་ཡིན་པ་བཅས། ཕྲན་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་འཇལ་དཔལ་དགྱེས་པའི་བློ་གྲོས་སམ་མཉྫུ་ཤྲི་པཱུ་ཛ་མིང་ཅན་གྱིས། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༥ ཉིན་ཕུལ །

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༤ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༢ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༧ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 2

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འདིས་སྐད་ཆ་འདི་དག་ལ་མི་སུ་ཞིག་གིས་ཡིད་ཆེས་བྱེད་ཐུབ་ཀྱི་ཡོད་དམ། ཕལ་ཆེར་ད་ནི་ཡིད་ཆེས་བྱེད་མཁན་ཡོད་མི་སྲིད་པ་ལྟ་བུ་རེད། གལ་ཏེ། ཡིད་ཆེས་འཕེར་བ་ཞིག་ཡོང་དགོས་ཀྱིས་ཡོད་ན་ནི། ཁོ་རང་གིས་སྔར་འགྱོད་ཕྱི་སྡོམ་གྱི་ལས་ཀ་རླབས་ཆེན་ཆེས་མང་དག་ཞིག་ད་ནས་བཟུང་དེ་མགོ་བརྩམས་དེ་མ་ཤི་བར་འབད་བརྩོད་ཧུར་ཐག་བྱས་པ་ཡིན་ན་ནི། ནམ་ཞིག་འབྲས་པུ་ཙམ་ཞིག་ཡོད་འགྲོ དེ་མིན་སྙན་གྲགས་དང་མིང་ལས་དོན་གཉེར་མི་བྱེད་པའི་མི་འདི་འདྲ་ལ་ཡིད་ཆེས་ལོས་འགེལ་བྱེད་མཁན་ནི་ཕལ་ཆེར་ཡོད་སྲིད་ཀྱང་། དེ་ནི་ཁོ་དང་འདྲ་བ་ཁ་ཤས་ཡིན་རྒྱུ་རེད། དེ་ལས་མི་འདི་འདྲའི་རིགས་ལ་གཞུང་དམངས་སུས་ཀྱང་འབྲེལ་འདྲིས་མ་བྱས་པར་ཁེར་རྐྱང་དུ་བཞག་ན་མཛེས་པར་སྙམ་མོ། ད་ནི་བཟུང་དེ་མི་ངན་འདི་འདྲའི་རིགས་༧གོང་ས་མཆོག་གི་ཉེ་འཁྲིས་སུ་བཅར་བའི་གོ་སྐབས་ཤིག་མ་སྤྲད་ན་ཡག་པོ་རེད། མི་ངན་ངན་སར་མ་བསྐྱལ་ན། བཟང་བོ་ཨ་ཐད་ཆད་ཀི་ལོ་རྒྱུས་རེད།

    Reply
  2. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    ཁྱོད་ཀྱི་འདྲ་པར་དེ་དག་ལ་ལྟོས་ན་ཁྱོད་ཀྱིས་འདྲ་ཆགས་པོ་བརྒྱ་བཤད་སྟོང་བཤད་བྱས་རུང་མི་ཚེ་འདིའི་ནང་བོད་ཀྱི་སྤྱི་ཚོགས་ནང་དུ་གདོན་རྫས་སུ་གྱུར་ཡོད ། ད་ཁྱོད་ཀྱིས་སོག་རྒན་རྒྱ་རྒན་ཁ་ཤས་ལ་མགོ་བསྐོར་ནས་མི་ཚེ་འཁྱོལ་ཐབས་བྱོས ། ཡང་བསྐྱར་བོད་ཀྱི་སྤྱི་ཚོགས་ནང་དུ་སྐེ་སྲིངས་མ་ཡོངས་རོགས །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese