མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སེང་གི་ངར་སྒྲ

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ནང་རྩོམ་གནང་མཛད་ཅིང༌། ཀུན་ཐར་དོན་འགྲུབ་ཀྱིས་བོད་བསྒྱུར་བྱས་པའི་ས་བྱི་ལོའི་བོད་ཆོལ་ཁ་གསུམ་གྱི་གཞིས་ལུས་མི་དམངས་ཀྱི་ཞི་རྒོལ་ལས་འགུལ་གྱི་བྱུང་རིམ་ཟིན་ཐོ། <<གངས་སེང་གི་ངར་སྒྲ>> ཞེས་པའི་དཔེ་དེབ་དེ་ ༢༠༠༩ ལོའི་ཟླ་ ༢ ནང་དཔར་སྐྲུན་འགྲེམས་སྤེལ་ཞུས་ཡོད། དཔེ་དེབ་དེར་ཞི་རྒོལ་ཆེན་མོའི་བྱུང་རིམ་ཤོག་ངོས་ ༢༢༦ དང་པར་རིས་དང་དཔྱད་གཞིའི་ཡིག་ཆར་ཤོག་ངོས་ ༦༤ ཙམ་ཡོད་པ་མ་ཟད། ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ནས་ལོ་དེའི་ཟླ་ ༨ ཚེས་ ༢༤ བར་ཆོལ་གསུམ་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་ལོ་རྒྱུས་སྙིང་བསྡུས་སུ་བཀོད་ཡོད།

 

 

སྒྱུར་བ་པོའི་གཏམ་དུ་བཀོད་དོན། འོད་ཟེར་ལགས་ཀྱིས་ཁོང་གིས་བྲིས་པའི་ས་བྱི་ལོའི་ཞི་རྒོལ་དོན་རྐྱེན་གྱི་ཟིན་ཐོ་རྣམས་དངོས་ཐོག་བདེན་འཚོལ་གྱིས་ཞིབ་བཤེར་དང་དུས་ཐོག་འཚོལ་སྡུད་བྱ་ཆེད། ཆེད་དུ་མདོ་དབུས་ཁམས་གསུམ་གྱི་ས་གནས་མང་པོར་ཕེབས་ཏེ། ཟིན་བྲིས་ནང་གསར་སྣོན་བྱས་པར་བརྟེན། མོ་རང་གི་དྲ་ཚིགས་ཟིན་བྲིས་དང་སི་ཁེ་བྷེ་ལ་གཏོར་སྐྱོན་ཐེངས་མང་བཟོས་པའི་གནས་ཚུལ་ཟིན་ཐོ་འདིར་བཀོད་ཡོད་སྟབས། ཀློག་པ་པོ་རྣམས་ཀྱིས་རིམ་པར་མཐོང་ངེས་ལགས་ཤིང༌། དཔེ་དེབ་བཀླགས་པ་བརྒྱུད། དྲང་བདེན་ལ་ཡིད་ཆེས་དང་བོད་མི་རིགས་ལ་དགའ་ཞེན། ༧གོང་ས་མཆོག་ལ་དད་པ་ཡིད་ཆེས་གཡོ་མེད། རྒྱ་གཞུང་གི་འཇིགས་སྐུལ་དང་གདུག་རྩུབ་ལ་སྨྱུ་གུ་གཅིག་དང་གློག་ཀླད་གཅིག་གིས་ཁ་གཏད་གཅོག་ཕོད་པའི་བུད་མེད་རྩོམ་པ་པོ་ཞིག་གི་ཞིམ་པ་མེད་པའི་སྙིང་སྟོབས་ཀྱི་གཟུགས་བརྙན་གསར་བ་ཞིག་ངང་ངམ་ཤུགས་ཀྱིས་རྣམ་པ་ཚོའི་སེམས་ཀྱི་མེ་ལོང་ངོས་སུ་བཞེངས་ཐུབ་པའི་ཡིད་ཆེས་ཡོད། ཅེས་བཀོད་འདུག

 

 

༧གོང་ས་མཆོག་གིས་དཔེ་དེབ་དེའི་མགོ་བརྗོད་དུ་གསུངས་དོན། བོད་རིགས་སྨྱུག་འཛིན་མ་འོད་ཟེར་གྱིས་ལུས་སྲོག་གི་ཉེན་ཁར་འཛེམས་ཟོན་དང་འཇིགས་སྣང་མ་བྱས་པར་བོད་དུ་བྱུང་བའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་བདེན་པར་སྨྲ་བའི་གཏམ་བརྗོད་དང༌། རྩོམ་ཡིག་ཇི་སྙེད་ཅིག་རླུང་འཕྲིན་སོགས་ཀྱི་བརྒྱུད་ལམ་ནས་གོ་ཐོས་ཡོང་སྐབས། བོད་མིའི་སྙིང་སྟོབས་དང་ལྷག་བསམ་ལ་གདེང་སྤོབས་གོང་འཕེལ་དུ་འགྲོ་བའི་རྒྱུ་རྐྱེན་དུ་གྱུར་ཅིང། ཡང་སྒོས་ད་ལམ་སྔ་ལོའི་ཟླ་ ༣ ནས་བོད་དུ་བྱུང་བའི་ཡིད་སྐྱོའི་གནས་ཚུལ་རྣམས་ཀྱི་དངོས་མཐོང་མྱོང་ཚོར་ཟོལ་མེད་ལྷུག་པོར་བཀོད་པའི་ཉིན་རེའི་དྲན་ཐོ་འདི་བཙན་བྱོལ་དུ་ཡོད་པའི་རྩོམ་སྒྱུར་བ་ཀུན་ཐར་གྱིས་བོད་སྐད་དུ་བསྒྱུར་བ་འདི་མཐོང་སྐབས་ཡིད་འགུལ་ཤུགས་ཆེན་དང། རྩོམ་པ་པོའི་སྙིང་སྟོབས་དང་ཆོད་སེམས་ལ་སྙིང་ནས་ཡི་རངས་དང་བསྔགས་བརྗོད་བྱ་འདོད་བྱུང། རྩོམ་ཡིག་འདི་བོད་མིའི་བྱུང་རབས་ནང་གལ་གནད་ཆེ་བའི་ཡིག་འཇོག་ཅིག་ཏུ་འགྱུར་རྒྱུ་མ་ཟད། བོད་ཕྱི་ནང་དུ་གནས་པའི་བོད་མི་ཡོངས་ལ་སྙིང་སྟོབས་དང་ལྷག་བློ་སྤེལ་བའི་ཆ་རྐྱེན་འགྲན་བྲལ་ཞིག་ཡོང་རྒྱུ་གདོན་མི་ཟ། ཞེས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 14

  1. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    this book is very nice and i am wholly thank to tsering ozer. here i am proud of your solidary and sacrifice.

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    བོད་མི་ཞིག་ཡིན་པའི་ངོས་ནས་བོད་མི་རིགས་ཀྱི་ཞབས་འདྲེན་མ་ཞུས་པ་དེ་སྲིད་དུ་བསྟོད་དགོས་པ་ཞིག་རེད།
    བསྟོད་པ་མང་ན་ཡང་འདྲ་གང་ལྟར་བསྟོད་ཡུལ་དུ་གྱུར་འདུག་པ་ཀུན་གྱིས་གླེང་།
    འོན་ཀྱང་རྒྱ་གཞུང་གིས་རྐང་པ་ནས་མར་འཐེན་དང་འཐེན་བཞིན་པ་མ་ཡིན་ནམ།
    དཔེར་ན།
    ྑཁོ་མོའི་དྲ་རྒྱ་བཀག་སྡོམ་བྱེད་པ་སོགས་ཀྱིས་མཚོན་ནོ།།

    Reply
  3. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་ཞིབ་འདང་རྒྱོབ་བསྟོད་ཀྱིན་མང་དྲག་འདུག།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    བོད་ཀྱི་མགྲིན་ཚབ་པ་ཚེ་རིང་འོད་ཟེར་ལ་ཕུལ།

    ཞབས་རྗེས།

    བསམ་ཕོད་བཤད་ཕོད་སྒྲུབ་ཕོད་གསུམ་པོ་ནི།།
    འོད་ཟེར་གང་གི་ཁྲག་རྒྱུན་ལྷན་དུ་འཁོལ།།
    མི་རིགས་ཤིག་གི་སྐྱོ་གར་ལོ་རྒྱུས་རྣམས།།
    དེབ་ཐེར་འདི་ཡི་ནང་དུ་གསལ་ལྷང་ལྷང་།།

    ཚེ་གཅིག་ལས་དབང་བོད་མིའི་རིགས་སུ་བསྐོས།།
    རིང་བའི་ནམ་ཟླར་དཀའ་སྡུག་རི་བོ་ལྕི།།
    འོད་ཀྱིས་བདེན་དོན་སྣང་བ་བསྐྲུན་པའི་སླད།།
    ཟེར་བརྒྱ་པ་བཞིན་བོད་འབངས་ཀུན་ལ་མཁོ།།

    Reply
  5. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    འོད་ཟེར་ལ་ཕུལ་བའི་སྙན་ངག

    མཛངས་མ། མཛངས་མ། མཛངས་མ།
    འོད་ཟེར། འོད་ཟེར། འོད་ཟེར།
    བུད་མེད། བུད་མེད། བུད་མེད།
    རླབས་ཆེན། རླབས་ཆེན། རླབས་ཆེན།
    འོད། འོད། འོད།
    ཟེར། ཟེར། ཟེར།

    Reply
  6. གངས་ཕྲུག says:
    ལོ་ 17 སྔོན།

    དཔའ་མོ་དེས་སྔོན་མ་ཞིག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་དཔར་གྱི་ལེ་ཚན་ཐོག་བཀའ་མོལ་གནང་སོང་། བོད་སྐད་འཁྱོངས་པོ་རང་མིན་འདུག་ཀྱང་གང་གསུངས་བ་རྣམས་རྣག་ཐོག་གཙག་འཁེལ་རང་རེད། སྐབས་འགར་འདི་འདྲ་གསུངས་ན་ལུས་སྲོག་ལ་ཉེན་ཁ་མེད་དམ་སྙམ་པ་ཡང་བྱུང་། དཔའ་མཛངས་མ། ཁྱེད་ཀྱི་སྐུ་གཟུཊ་ལ་ཐུགས་ཅག་གནང་རོགས།

    འོ་ཡ་་་་་་་་དྲྭ་གྲོགས་རྣམ་པ་་་་དེབ་དེ་ཚོང་ས་ག་བར་ཡོད་དམ།

    Reply
  7. ཁ་བ། says:
    ལོ་ 17 སྔོན།

    བོད་ཀྱི་བུད་མེད་ཚོས་ཐོབ་ཐང་རྩོད་པ་ལས་འགན་འཁུར་བརྩད་ན་མི་ལེགས་སམ།
    ཆ་བཞག་ན་མཛངས་མ་འོད་ཟེར་ནང་བཞིན།
    ཨ་ལེ། ཀུ་རེ་ཡིན།
    ཨ་ཅག་འོད་ཟེར་ལགས། ཁྱོད་ནི་མར་མེ་རྐོང་བུ་གང་ཡིན་པའི་དབང་དུ་བཏང་ན་མུན་ནག་གི་ནང་དུ་ལྷུང་བའི་ངའི་ཆེད་དུ་ཉིན་མཚན་དུས་དྲུག་ལ་འབར་བཞིན་ཡོད་སྟབས། ཁྱོད་ཀྱི་འབར་སྟངས་དེ་ངའི་སེམས་ལ་ཅི་འདྲའི་ཐེག་དཀའ་བའི་སྡུག་བསྔལ་གྱི་ཁུར་པོ་ཞིག

    Reply
  8. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    རྒྱ་ཡིག་མ་དཔེ་ཐེངས་གཅིག་བཀླགས་པ་ཡིན། ཡག་པོ་བྲིས་འདུག ཚེ་རིང་འོད་ཟེར་ལ་བསྔགས་བརྗོད་ཡོད། བོད་བསྒྱུར་ད་ལྟ་མཐོང་མ་བྱུང་། དེར་བརྟེན་སྒྱུར་གྱི་སྤུས་ཚད་སོགས་གང་འདྲ་བྱུང་ཡོད་མེད་མི་ཤེས་ཀྱང། བསྒྱུར་བའི་བྱ་བ་དེ་བསྔགས་འོས་པ་ཡིན་པས། ཀུན་ནས་བསྔགས་ཤིང་བསྟོད་པར་བྱའོ།།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རླབས་ཆེན་གྱི་བུད་མེད་འོད་ཟེར་གྱི་སྙིང་སྟོབས་ལ་རྗེས་སུ་ཡི་རུང་དང་དམིགས་གསལ་གྱིས་རིག་གནས་ནང་འདྲེན་གྱི་བྱ་བཞག་ལ་བྱས་རྗེས་འཇོག་མཁན་གྱི་ཀུན་ཐར་དོན་འགྲུབ་ལགས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། རྗེས་ཕྱོགས་ཀྱི་འདི་འདྲའི་རིགས་ཀྱི་རྩོམ་ཡིག་མི་ཉུང་བ་རེ་བོད་སྒྱུར་གནང་ཐུབ་པར་རེ་སྐུལ་ཡོད། རླབས་ཆེན་གྱི་བུད་མེད་འོད་ཟེར་གྱི་མི་ཚེའི་བྱ་བ་མཐའ་དག་ལ་བར་ཆད་མི་ཡོང་བའི་ཐད་དུ་བོད་མི་སུ་ཡང་རུང་བ་དག་གིས་བྱེད་ཐུབ་པ་རེ་ཡོད་ན་དངོས་ཤུགས་བརྒྱུད་གསུམ་ནས་ཁོ་མོ་འབྲེལ་བ་བྱེད་ཐུབ་ན་ཡག་པོ་འདུག

    Reply
  10. སོག་གཡག་ལ་སེ་བོ། says:
    ལོ་ 17 སྔོན།

    བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ནི་ རྗོད་དུ་མེད་པའི་སྙིང་སྟོབས་དང་ལྷག་བསམ་
    དེ་བཞིན་དྲང་བདེན་དང་མི་རིགས་ཀྱི་ལ་རྒྱ་ཁ་ཙམ་མ་ཡིན་པ་
    འཇིགས་ཞུམ་མེད་པའི་བོད་ཀྱིས་གངས་སེང་གི་
    ངར་སྒྲ་སྒྲོག་མཁན་དཔའ་མོ་ཡིན་པ་
    ངས་དཀར་འཇམ་ཡུག་གཅིག་གིས་བསུ་མ་ལོས་ཡོད་།

    Reply
  11. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    གངས་ལྗོངས་ལོ་རྒྱུས་སྟེང་གི་བུད་མེད་མཛངས་པ་འོད་ཟེར་ལ་རྟེན་འབྲེལ་ཞུ། ཁོང་མོའི་མ་འོངས་པའི་བྱ་གཞག་ཐམས་ཅད་ཡར་ངོའི་ཟླ་བཞིན་འཕེལ་བར་སྨོན། ཁོང་མོར་མ་མཇལ་བར་དུ་སྐུ་ལུས་བདེ་ཐང་ཡོང་བར་སྨོན། མི་ཚེའི་མཐའ་ལ་ཐུག་རེག་བར་དུ་ཁོང་མོར་ཐེངས་གཅིག་མཇལ་ཐུབ་པར་སྨོན། དེབ་འདི་རྒྱ་ཡིག་ཅན་དེ་བཀླགས་ཟིན། ཁོང་མོའི་སྙིང་སྟོབས་དང་བྱས་རྗེས་ལ་སྔོན་མ་ནས་ཡི་རངས་བྱས་ཟིན།

    Reply
  12. མིག་གསུམ་པ། says:
    ལོ་ 17 སྔོན།

    སྙིང་སྟོབས་ལ་ཞུམ་པ་མེད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལྟ་བུ་ཇི་ཙམ་བྱུང་ན་དེ་ཙམ་གྱིས་བོད་ཀྱི་བདེན་དོན་ཐོག་ལ་ཕན་ཐོག་ངེས་ཅན་ཞིགཐོབ་སྲིད་ཀྱི་རེད་འདོད་ཀི

    Reply
  13. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    ནོར་བཅས། རྒྱ་ཡིག་སྟེང་ནས་མཐོང་མྱོང༌། བོད་ཡིག་གི་དེབ་འདི་གང་ནས་རེག་གི་རེད།

    Reply
  14. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    དཔེ་དེབ་འདི་ཉིན་འགའི་སྔོན་ལ་ཐེ་ཝན་ནས་དཔར་དུ་སྐྲུན་པའི་རྒྱ་ཡིག་སྟེང་ནས་མྱོང་མྱོང༌། དངོས་གནས་ཡག་པོ་བྲིས་འདུག ལོ་རྒྱུས་ཀྱི་ཟིན་ཐོ་རང་རེད། རྩོམ་མཁན་ཚེ་རིང་འོད་ཟེར་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བསྒྱུར་མཁན་ཀུན་ཐར་ལའང་ཐུགས་རྗེ་ཆེ་ཞུས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese