མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པན་ཆེན་ཆུང་སྲིད་དངོས་གནས་སྐུ་གཤེགས་སམ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

གལ་སྲིད་རྒྱ་ནག་གཞུང་གིས་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་དངོས་སུ་བཞུགས་མིན་གསལ་ཁ་མ་བཏོད་ཚེ་ང་ཚོས་ཁོང་ད་ལྟ་བཞུགས་མིན་ཁ་ཚོན་གཅོད་མི་ཐུབ། ཉིན་ཤས་གོང་ཉི་ཧོང་དུས་བབ་ཀྱི་འགན་འཛིན་ཟུར་པ་ཡོ་ཆི་ཤི་མ་ཚུ་ Yoichi Shimatsu འབོད་པས་པེ་ཅིན་གྱི་ཆིན་ཧྭ་སློབ་གྲྭ་ཆེན་མོའི་བགྲོ་གླེང་ཞིག་གི་སྟེང་དུ། པན་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ལོ་མང་པོ་ཞིག་གི་སྔོན་ནས་འདས་གྲོངས་སུ་གྱུར་བ་རེད། ཁོང་འདས་རྐྱེན་ནི་སྐྲན་ནད་དང་ཡང་ན། leukemia ཞེས་པའི་ནད་གཞི་གང་རུང་ལ་བསྟེན་ནས་འདས་པ་རེད། ཡིན་ཡང་། རྒྱ་ནག་གཞུང་གིས་གནས་ཚུལ་འདི་བོད་པ་དང་རྒྱ་ནག་མི་དམངས་གཉིས་ཀར་གསང་བ་བྱས་ཡོད་པ་རེད། ཁོང་གི་གནས་ཚུལ་གྱི་ཁུངས་བཙན་ལ། གནས་ཚུལ་བདེན་པ་ཡིན། ཅེས་བརྗོད་ཚུལ་ཨི་ཊ་ལིའི་གསར་ཤོག་དྲ་རྒྱ་ Corriere Della Sera ཞེས་པའི་སྟེང་བཀོད་ཡོད་པ་རེད།

གོང་གི་གནས་ཚུལ་འདི་བདེན་མིན་ད་ལྟའི་ཆར་གསལ་ཁ་བཏོད་ཐུབ་མེད་ལ། ཡིན་ཡང་འདས་པའི་ལོ་འགའི་ཡར་སྔོན་ལ་པན་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འདས་ཤིང་། ཁོང་གི་སྐུ་ཕུང་ཀན་སུའུ་ནས་མཐོང་སྐོར་གྱི་གནས་ཚུལ་བསླེབས་ཡོད་པ་རེད། ཡིན་ཡང་། རྗེས་སོར་གནས་ཚུལ་དེ་དཀྲོགས་གཏམ་ལྟ་བུ་ཞིག་གི་ངོ་བོར་བཞག་པ་རེད། གོང་གི་གནས་ཚུལ་འདི་དང་འདས་པའི་ལོ་འགའི་ཡར་སྔོན་ལ་ཁོང་སྐུ་གཤེགས་ཚུལ་གྱི་དཀྲོགས་གཏམ་གཉིས་ལ་འབྲེལ་བ་ཡོད་པ་ལྟར་སྣང་བས། ད་ནི་རྒྱ་ནག་གཞུང་གིས་ཁོང་གི་སྐུ་དངོས་སུ་བཞུགས་མིན་སྐོར་བོད་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁུངས་འཕེར་རང་བཞིན་གྱི་གསལ་བཤད་བྱ་དགོས་ཀྱི་ཡོད།

འདི་ག་གསར་ཁང་གིས་ཆིན་ཧྭ་སློབ་གྲྭ་ཆེན་མོར་བཞུགས་པའི་སྐུ་ཞབས་ ཡོ་ཆི་ཤི་མ་ཚུ་ ལ་འབྲེལ་བ་འཛིན་ཐབས་བྱས་ཀྱང་འབྲེལ་བ་བྱུང་མ་སོང་ལ། ཁོང་ནི་ད་ཆར་རང་དབང་གསར་འགོད་པ་དང་། དངོས་བྱུང་བརྙན་འཕྲིན་བཟོ་མཁན་ཞིག་ཡིན་ལ། དེང་སྐབས་པེ་ཅིན་གྱི་ཆིན་ཧྭ་སློབ་ཆེན་དུ་བསྡད་ཡོད་ཚུལ་འདུག ཁོང་ལ་འབྲེལ་བ་བྱུང་མཚམས་གནས་ཚུལ་འདི་ཁུངས་འཕེར་ཡིན་མིན།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༤ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༡ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 16

  1. མིག་གསུམ་པ། says:
    ལོ་ 17 སྔོན།

    སྐུ་ཞབས་བཙན་པོ་ལགས། པཎ་ཆེན་རིན་པོ་ཆེ་ཁོང་ནི་ཁྱེད་ཀྱི་བསམ་པའི་ནང་གི་ཏང་དང་རྒྱ་མེས་རྒྱལ་ལ་དགའ་བའི་དམིག་མི་ཞིག་མིན་ལ། རྗེས་སུ་བོད་མི་རིགས་ལ་ཕན་པ་ལས་གནོད་པ་བྱེད་པའི་བོད་མི་རྩ་རྗོངས་ཞིག་དུ་སྐྱེས་པར་དེ་བས་ཀྱང་མ་ངེས་པར། ཁོང་གིས་བོད་མི་རིགས་ལ་བཅངས་པའི་ཐུགས་ཞེན་དང་སྙིང་སྟོབས། དཀོན་མཆོག་ལ་མོས་པའི་ངེས་ཤེས་བཅས་ཀྱིས་ཁ་དཔེ་ལ། ཕ་དམ་པ་ཆང་གིས་བཟི་ཡང་། དོན་དམ་པ་རླུང་ལ་མི་བསྐུར་བ་ཞིག་དན་དན་ཡིན་ནི་རེད། བཙན་པོ་ཁྱོད་ཀྱི་འདོད་ཐོག་ལ་ཡོང་རྒྱུ་མ་རེད་ཡ།

    Reply
  2. ཨརྱ། says:
    ལོ་ 17 སྔོན།

    ངོ་མ་ང་ཚོས་ཅི་ཞིག་ཤེས་ཡོད་དམ་ང་ཚོའི་གཞུང་གིས་ཅི་ཞིག་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་དམ། མཐའ་ན་བན་ཆེན་རིན་པོ་ཆེའི་སྐུ་འདས་གསོན་ཙམ་ཡང་བློ་ཐག་ཆོད་པོས་བཤད་མི་ཐུབ་དོན་ཅི་རེད་འདི་ལྟར་བསམ་ན་ངོ་མ་ཁོ་རེ་ཆད་གི ད་དུང་ང་ཚོས་འདི་ན་བན་ཆེན་འཁྲུངས་སྐར་ཞེས་སྤྲོ་སྐྱིད་བཏང་སྟེ་རྩེད་མོ་རྩེ་བཞིན་པ་འདི་ལ་བསམ་ན་ངོ་མ་ང་ཚོ་ཀླེན་པ་རང་རེད། གཞུང་གིས་མ་འཇོན་གྱང་དུས་བབས་ཚང་གིས་འདིའི་སྐོར་གསལ་བོ་ཞིག་དང་བདེན་པ་དངོས་ཤིག་བཤད་ཐུབ་ན་དུས་བབས་ཀྱིས་བཞག་པའི་ཞབས་རྗེས་རླབས་ཆེན་ཞིག་ལ་དངོས་འཛིན་ཆོག་ཆོག་རེད་

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 17 སྔོན།

    དེ་བདེན་མདོག་ཁ་པོ་མི་འདུག དེ་འདྲའི་གནས་ཚུལ་མང་པོ་རྒྱ་ནག་གི་བྱུས་ངན་ཁུངས་རུལ་བ་ལས་ཐོན་ཡོད། གལ་སྲིད་ཕུགས་དེད་དགོས་ན་དེའི་སྐོར་གྱི་ལས་འགུལ་ཤུགས་ཆེན་ཞིག་འབྲེལ་ཡོད་རྒྱལ་ཁབ་ཅིག་གི་བརྒྱུད་ལམ་བྱས་ཏེ་སྤེལ་ན། ཏན་ཏན་གསལ་པོ་ཆགས་ཡོང་གི་རེད་བསམ་གི དོ་སྣང་བྱ་རྒྱུ་གལ་ཆེའི་ནང་གི་དོན་ཆེན་ཆགས་ཡོད་པ་སྨོས་མི་དགོས་ཤིག་རེད།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་གནས་ཚུལ་འདི་འདྲ་ཞིག་ངེད་ཅག་གིས་ལོ་ངོ་དུ་མའི་སྔར་རོལ་དུ་གོ་མྱོང་བ་ནི། ཆུང་སྲིད་འདས་པའི་སྐུ་ཕུང་དེ་ནི་སེ་ར་དུར་ཁྲོད་ནང་དུ་མི་ཞིག་གིས་མཐོང་སོང་ཟེར་ནས་སྐད་ཞིག་གོ་བ་རེད། དེ་རིང་ཡང་གསར་འགོད་པ་ཞིག་གིས་ཆུང་སྲིད་རིན་པོ་ཆེ་སྐྲན་ནད་ཀྱི་དབང་གིས་འདས་པར་གླེང་གི་ཡོད་པ་དེ་རེད། ང་ཚོས་གསལ་གསལ་དངས་དངས་ཤིག་མི་ཤེས་པ་དེ་ནི་སྐུ་འཚོ་བཞུགས་ཡོད་མེད་ཀྱི་དྲི་བ་འདི་རེད། ད་ནི་དུས་ཚོད་འདི་དམ་འཛིན་གྱིས་བོད་མི་ཡོད་དོ་ཅོག་གི་རྣ་བར་བླུགས་དེ་གཏམ་འདི་ཡི་ཁུངས་ཤིག་རྙེད་ཐབས་བྱེད་པའི་དུས་སུ་སླེབས་ཡོད་པ་འདྲ། གཅིག་བྱས་ན་ཆུང་སྲིད་རྫུན་མར་འབོད་པ་དེས་འདིའི་བསྐོར་གྱི་གནས་ཚུལ་ངོས་རེ་ཤེས་མི་སྲིད་པ་མིན། དེ་ལ་རྒྱུད་ལམ་ཡོད་མཁན་རེ་ཡོད་ན་ད་ནི་འབྲེལ་བ་ཞིག་བཟུང་དེ་སྐད་ཆ་རེ་དྲིས་ན་ཡག་ས་རེད། འདི་ནི་ང་རང་གི་རྨོངས་འཆར་ཙམ་ཞིག་ཡིན། ལྷག་པར་དུ་གསར་འགོད་པ་དེ་ལ་དུས་ཚོད་ཐུང་ཐུང་ངང་དུ་འབྲེལ་བ་འཛིན་མ་ཐུབ་པ་ཡིན་ན་ནི། གནས་ཚུལ་རྒྱ་ཆེ་རུ་སོང་རྗེས་སུ་དཀའ་ལས་ཁག་པོ་རེད་སྙམ། དེས་ནས་དུས་བབ་ཚང་གི་རླབས་ཆེན་གྱི་ལས་གཞི་འདིས་མཇུག་སྐྱོང་ཐུབ་རྒྱུའི་རེ་སྐུལ་ཡོད།

    Reply
  5. བཙན་པོ། says:
    ལོ་ 17 སྔོན།

    སྐུ་ཞིང་ལ་ཕེབས་སོང་བ་བདེན་ན་ཡག་པོ་འདུག ཕར་ཆེ་བདེན་པ་ཡིན་རྒྱུ་རེད།བཙན་འོག་ནས་བཞུགས་ཀི་མ་རེད། བོད་ཕྱི་ལོག་ན་སྐུ་འཁྲུངས་ཡོད་རྒྱུ་རེད། གལ་ཏེ་རྒྱའི་དབང་འོག་ནས་བཞུགས་ཡོད་ན་རྗེས་མ་བོད་སྐད་མི་ཤེས་པའི་རྒྱའི་དམག་མི་ཞིག་ཡིན་རྒྱུ་རེད། འུག་ཆོ་བཟང་བཅའ་ནི་མི་དགོས་ངན་བཅའ་ནི་རེད། རིན་པོ་ཆེ་ལ་ཐུགས་རྒྱ་ཆེ་ནི་རེད།སྐུ་མ་བཞུགས་པ་བདེན་པ་ཡིན་རྒྱུ་རེད།

    Reply
  6. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    ད་ནངས་གནས་ཚུལ་འདི་གོ་བ་དང་སེམས་ནང་ཅི་ཡང་དྲན་གྱི་མི་འདུག གནས་ཚུལ་འདི་ལ་ཐེངས་མང་པོར་བལྟས་པ་ཡིན་ཏེ། ད་དུང་ཁ་གསལ་གང་ཡང་མི་འདུག དྲ་གྲོགས་ཚོས་འདི་སྐོར་ལ་ད་དུང་གང་བྱུང་མ་བཤད་ན་མི་བཟང་ངམ། གནས་ཚུལ་ནི་ཧ་ཅང་ལྐོག་གྱུར་རེད་པས། ང་ཚོས་འོད་ཚོད་མ་བྱས་ན་བཟང་སྙམ།

    Reply
  7. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    ལུང་རིགས་ལགས། གང་མགྱོགས་ཐབས་ཤེས་ཀྱིས་གནས་ཚུལ་གསལ་བོ་མ་བཟོས་ན་བོད་ནང་ནས་གོ་ཚེ་མི་ཤི་རྟ་འགྱེལ་གྱི་ལས་ཀ་བྱེད་སྲིད་རྒྱུ་རེད་སྙམ། གང་མགྱོགས་གསལ་བོ་བཟོས་ཏེ་ཕྱིར་བསྒྲགས་བྱེད་དགོས་པ་རེད།

    Reply
  8. ཁྱུང་ཚང་། says:
    ལོ་ 17 སྔོན།

    པཎ་ཆེན་ཆུང་སྲིད་ཁོང་བོད་མགོ་ནག་སྤྱི་ཡི་ཁོག་པའི་སྙིང་དང་དཔྲལ་བའི་མིག་
    གཅིག་ཏུ་ལྟ་བཞིན་ཡོད་པས། ལས་སླ་བོར་བགྲོངས་མི་ཐུབ། འོན་ཀྱང་དེ་ལྟ་བུའི་
    འཆར་གཞི་ཡོད་པ་ནི་བཤད་ཀྱང་ཅི་དགོས། དེ་བས་ད་ཐེངས་ཀྱི་དཀྲོགས་གཏམ་
    འདི་རྒྱལ་སྤྱི་དང་བོད་མི་ཚོར་ཉམས་ཚུལ་ལེན་རྒྱུ་དང་། ལག་ལེན་གྱི་སྔོན་འགྲོའི་
    འཆར་གཞི་ཞིག་མིན་ནམ། གསར་འགོད་པ་དང་སྲིད་དོན་པ་དག་གིས་ནུས་ཤུགས་
    གང་ཡོད་ཀྱིས་རྒྱལ་སྤྱི་དང་གསར་ལམ་ཁག་ནས་གཏམ་དེ་བདེན་མིན་ལ་མ་ལྟོས་
    པར་ཁོངས་རྩད་གཅོད་ཀྱིས་དགྲ་ནག་འཇིགས་ཡེར་བའི་ཨར་ལ་གཏད་དགོས།

    Reply
  9. མིག་གསུམ་པ། says:
    ལོ་ 17 སྔོན།

    གཏམ་ངན་དེ་འདྲའི་རིགས་མི་བདེན་པའི་སྨོན་ལམ་འདེབས། སྤྱིར་དགྱ་ནག་ཚང་ལ་ཡིད་ཆེས་བློ་གཏད་ཟེར་བ་ཞིག་ཡོད་ནི་མ་རེད། འུ་ཅག་བོད་པ་ཚང་གི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཡོད་ཚད་རེ་རེ་བཞིན་མི་འདོད་པའི་ལམ་ཁར་བརྫངས་འཇོག་གི
    གོང་སྨྲས་ཀྱི་གནས་ཚུལ་འདི་ལྟ་བུ་མི་འབྱུང་བའི་ངེས་པ་མེད་ཀི

    Reply
  10. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 17 སྔོན།

    དེ་བདེན་ནི་མ་རེད། ན་ནིང་རླངས་འཁོར་ཞིག་གི་ནང་བཞག་སྟེ་ལྷ་སར་བསྐོར་བ་ཞིག་བརྒྱབས་ནས་ཁྲིད་སོང་། དེ་པལ་ཆེར་བདེན་པ་ཡིན་པ་འདྲ། ་ད་དུང་པེ་ཅིན་པེ་ཧེ་གླིང་གའི་ཉེ་འགྲམ་ཞིག་ན་བཟང་བཙོན་བྱས་ནས་ཡོད་པ་ཡང་ཁུངས་ཐུབ་ཞིག་གོ་མྱོང་།

    Reply
  11. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    ལུང་རིགས་ལགས། ལས་ཀ་འདི་ལྟར་བྱས་ན་དངོས་གནས་གསར་འགོད་པ་ཞིག་གི་ཁྱད་ཆོས་འདུག ཨ་མའི་བུ། ང་ཚོས་ཀྱང་གང་ཐུབ་རྒྱབ་སྐྱོར་བྱ་ངེས། ངེས་པར་དུ་གནས་ཚུལ་འདི་གསལ་པོ་བཟོ་དགོས།

    Reply
  12. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    མ་གཞི་གཏམ་ངན་གྱི་རིགས་དག་ཕལ་ཆེར་མི་བདེན་པ་མེད་ནའང༌། ད་ཐེངས་ཀྱི་གནས་ཚུལ་སྡུག་པོ་འདི་བདེན་མི་སྲིད་སྙམ། གལ་སྲིད་བདེན་པ་ཡིན་ན་རྒྱ་ནག་གིས་ཁྱབ་བསྒྲགས་བྱེད་སྲིད། རྒྱུ་མཚན་ནི་ཁོང་བཙོན་དུ་འཇུག་ཐུབ་ན་དོན་དག་མི་ལེགས་པ་དེ་འདྲ་བྱུང་བ་ཡིན་ན་སྐྲག་ས་གཞན་ཡོད་པ་མ་རེད། སྐུ་གོང་མ་དེ་ལྟར་ང་ཚོའི་ལག་ནས་ཤོར་བ་ལ་བསམ་ན་འདི་ཉིད་ཤོར་སྲིད་པ་རེད། ཡིན་ནའང་ང་ཚོ་ལ་གྲ་སྒྲིག་ཅིག་ངེས་པར་དུ་དགོས་པ་རེད།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ལོ་སྔོན་མར་ཕ་ཡུལ་ཕྱོགས་ཀྱི་མི་ཞིག་གིས་བཤད་དོན། པན་ཆེན་ཆུང་སྲིད་མཆོག་གིས་དེང་སྐབས་ཀན་སུའུ་ས་ཁུལ་གྱི་དམག་སྒར་ཞིག་ཏུ་སློབ་གཉེར་བྱེད་ཀྱིན་འདུག་ལ། གནས་ཚུལ་དེའི་ཁུངས་ནུ་བོད་རིག་པའི་མཁས་པ་ཞིག་ཡིན་རབས་བཤད། འོན་ཀྱང་། འདི་ལ་ཁུངས་ཐུབ་ཀྱི་གནས་ཚུལ་གཞན་མ་རག ད་ལྟ་བོད་མི་རིགས་ཀྱི་ངོས་ནས་བཤད་ན། ཆུང་སྲིད་ཁོང་བཞུགས་མིན་ལ་དོགས་པ་སྐྱེ་གཞི་མང་མེད་ན་ཉུང་མེད། དེ་བས་རྒྱ་ནག་གཞུང་གིས་ད་རེབ་ཀྱི་གནས་ཚུལ་འདི་དང་འབྲེལ་ནས་ཁོང་དངོས་སུ་བོད་མི་དམངས་དང་འཛམ་གླིང་མི་དམངས་ལ་སྟོན་དགོས་པ་རེད། ང་ཚོས་ཀྱང་འདིའི་ཐད་སྐད་འབོད་དང་གསལ་བཤད་འཚོལ་དགོས་པརེད། ངས་ཉིན་གཉིས་ཀྱི་སྔོན་ལ་ཉི་ཧོང་བ་ Yoichi Shimatsu ལ་འབྲེལ་ལམ་བཙལ་ཡང་ད་དུང་རག་མ་སོང་། འདས་ལོར་ཡང་ཁོང་གིས་བོད་ནང་གི་ཡར་ལངས་སྐོར་ལས་འཕྲོས་པའི་གནས་གསར་ལམ་ཁག་ལ་སྤེལ་འདུག དེ་བས་ཁོང་གི་གློག་འཕྲིན་ཁ་བྱང་དེ་ཁོང་གི་གསར་འགྱུར་སྤེལ་མཁན་གསར་ཁང་དེ་དག་ལ་ཡོད་དགོས་ངེས་སུ་མཐོང་། ང་ཚོས་ཁོང་ལ་གནས་ཚུལ་འདི་ཁ་གསལ་གཏིང་གསལ་ཞིག་འདྲི་དགོས་པར་མཐོང་།

    Reply
  14. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    སྐུ་གཤེགས་པ་དེ་མི་བདེན་པའི་སྨོན་ལམ་འདེབས། གལ་ཏེ་བདེན་པའི་དབང་དུ་ན་རང་དགར་འདས་པ་མིན། རྒྱ་མིས་བཀྲོངས་པ་ཡིན་ངེས་སོ། །

    Reply
  15. དགེ་འདུན་རབ་གསལ། says:
    ལོ་ 17 སྔོན།

    དཀོན་མཆོག་མཁྱེན། གང་འདྲ་ཡིན་ནམ།
    ཨི་ཊ་ལིའི་སྐད་དུ་གསར་འགྱུར་དེ་འདི་ན་འདུག
    http://www.corriere.it/esteri/09_aprile_20/panchen_lama_vero_del_corona_4dbaa8e2-2d82-11de-b92c-00144f02aabc.shtml

    Reply
  16. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    བརྗེད་ཟིན་པའི་དོན་དག་ཅིག་ཐོལ་གྱིས་གླེང་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese