མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་རིགས་ཤེས་ལྡན་པ་ཞིག་གིས་གཞུང་ལ་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་རེ་བ་སྲབ་ཏུ་འགྲོ་བཞིན་ཡོད་ཀྱང། རྒྱ་རིགས་མང་ཚོགས་ལ་ཡིད་ཆེས་འགྱུར་བ་མེད་གསུང་གིན་ཡོད་པ་ལྟར། སྔར་ལོ་བོད་ནང་དོན་རྐྱེན་བྱུང་རྗེས་རྒྱ་རིགས་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་བོད་པར་གདུང་སེམས་མཉམ་སྐྱེད་དང༌། རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དང་དཔྱད་གཏམ་གཅིག་རྗེས་གཉིས་མཐུད་དུ་སྤེལ་གྱིན་ཡོད།

 

ཕྱི་ཚེས་ ༢༣ ཉིན་ཧོང་ཀོང་གི་འོད་ཟེར་ཞེས་པའི་ཚགས་པར་སྟེང་དུ། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང༌། རྒྱ་ནག་ས་གནས་སྲིད་གཞུང་གི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཕིན་ཀྲིན་ཧེའེ་ཡིས་༧གོང་ས་མཆོག་དང་བོད་རྒྱའི་གནད་དོན་ཐད། རྒྱ་གཞུང་ལ་འབོད་སྐུལ་ཞུས་ཡོད་འདུག གནས་ཚུལ་དེའི་ནང་ཕིན་ཀྲིན་ཧེའེ་ཡིས་བརྗོད་དོན། ང་ཚོས་བོད་ཀྱི་གནད་དོན་འདི་འོས་འཚམ་གྱི་ཐག་གཅོད་བྱ་ཐུབ་པ་ཡིན་ན། དེ་ནི་འགྲོ་བ་མིའི་རིགས་ཀྱི་མཐུན་སྦྱོར་གྱི་ཐད་ལ་རྡོ་རིང་ཆེན་པོ་ཞིག་བསྐྲུན་པ་དང་གཉིས་སུ་མེད་ལ། ང་ཚོས་ཏཱ་ལའི་བླ་མ་དང་འབྲེལ་མོལ་བྱས་ཏེ། ཁོང་ཉིད་ཀྱི་ལྷག་བསམ་རྩེར་སོན་པའི་རླབས་ཆེན་གྱི་མཛད་འཕྲིན་དང་དེང་གི་རྒྱལ་སྤྱིའི་ཁ་བྲལ་དྲག་སྤྱོད་པའི་བྱེད་སྤྱོད་དབྱེ་འབྱེད་གསལ་བོ་བྱ་དགོས། ཏཱ་ལའི་བླ་མས་ཀྱང་བོད་རང་བཙན་དང༌། ཆེས་མཐོའི་རང་སྲིད་རང་སྐྱོང་དེར་རྒྱ་ནག་གཞུང་ཕྱོགས་ནས་ངོས་ལེན་མེད་པ་གསལ་བོར་རྟོགས་ཡོད་ངེས་རེད།

 

ང་ཚོས་འཚེ་བ་མེད་པའི་བྱེད་ཐབས་དང་བསམ་བློ་གསར་བའི་ཐོག་ནས་ཐག་གཅོད་བྱ་དགོས་པ་ལས། ཏཱ་བླའི་བླ་མ་དང་ཁ་བྲལ་དྲག་སྤྱོད་པ་གཞི་གཅིག་ཏུ་བཞག་པ་ཡིན་ན་རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མི་མཐུན་པ་ཞིག་ཆགས་ཀྱིན་ཡོད། ཕན་ཚུན་འཆམ་མཐུན་གྱིས་བོད་རྒྱའི་དཀའ་རྙོག་སེལ་དགོས། ཏཱ་ལའི་བླ་མ་ནི་བོད་མིའི་སེམས་ཁོང་གི་རེ་བ་ཉག་གཅིག་ཡིན་སྟབས། ཏཱ་ལའི་བླ་མ་དང་ཁ་ཁར་ཕྱིན་པ་ཡིན་ན་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ནི་ཡོང་མི་སྲིད་པ་ཞིག་རེད། ང་ཚོས་ཏཱ་ལའི་བླ་མར་ཡང་དག་པའི་བརྡ་ལན་ཞིག་གི་འོག་ནས། བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དང༌། རྒྱལ་ཁབ་ཀྱི་བདག་དབང་ཕན་ཚུན་རྩིས་སྤྲོད་རྩིས་ལེན་གྱི་ཐོབ་དབང་མེད་པ་བཅས་ཀྱི་བརྡ་ལན་ཞིག་སྤྲད་པ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱ་ཐུབ་རྒྱུ་རེད།

 

དེ་ལྟར་བྱས་ན་ཏཱ་ལའི་བླ་མས་ཀྱང་ཁོང་སྐུ་འཚོ་བཞུགས་ཀྱི་དུས་ཚོད་འདི་བེད་སྤྱད་དེ། བོད་མི་རིགས་ཀྱི་བདེ་སྐྱིད་ལ་ཁེ་ཕན་ཡོད་པའི་བྱ་བ་ཞིག་བསྒྲུབ་ངེས་རེད། རྒྱ་གཞུང་གིས་ངེས་པར་ཏུ་ཏཱ་ལའི་བླ་མ་དང་འབྲེལ་མོལ་བརྒྱུད་བོད་ཀྱི་གནད་དོན་འདི་འཚེ་བ་མེད་པའི་ལམ་ནས་སེལ་ཐབས་བྱ་དགོས་པ་མ་ཟད། བོད་མི་རིགས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྩི་བཀུར་བྱེད་པའི་ཐོག་ནས་ཕན་ཚུན་འབྲེལ་མོལ་དང་གྲོས་བསྡུར། ཞི་འགྲིག་གི་རྣམ་འགྱུར་བཟུང་བ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་རེ་བ་ཞིག་མཐོང་གི་རེད་ལ། རྒྱ་ནག་གིས་ཀྱང་བྱ་ཐབས་འདི་བརྒྱུད་དེ་རྒྱལ་སྤྱིར་སྣེ་ཁྲིད་ཀྱི་ནུས་པ་འཕེལ་རྒྱས་སུ་གཏོང་ཐུབ་པ་རེད། ཅེས་བརྗོད་ཡོད་པ་རེད།

 

ཕིན་ཀྲིན་ཧེའེ་ནི་སྤྱི་ལོ་ ༡༩༦༣ ལོང་ཅང་སུའུ་ལེན་ཡོན་ནས་སྐྱེས་ཤིང། ད་ལྟ་པེ་ཅིན་སློབ་ཆེན་ཆབ་སྲིད་འཕེལ་རྒྱས་དང་སྲིད་གཞུང་ལྟ་རྟོག་ཚན་པའི་ཞིབ་འཇུག་པ་དང་ཀྲུང་གོ་ས་གནས་སྲིད་གཞུང་གི་ཞིབ་འཇུག་པ་ཆེན་མོའི་འགན་འཁུར་ཡོད་པ་མ་ཟད། རྒྱ་ནག་ནང་མིང་གྲགས་ཡོད་པའི་མཁས་པ་དང་སྲིད་དོན་དབྱེ་ཞིབ་པ་བཅས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

ཆུ་ཚོད་ ༢ སྔོན་ལ།
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

ཆུ་ཚོད་ ༩ སྔོན་ལ།
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

༢༠༢༣/༠༩/༢༩
WIN-WIN COOPERATION Chinese President Xi Jinping meets with Nepalese Prime Minister Pushpa Kamal Dahal Prachanda in Hangzhou, capital city of east China’s Zhejiang Province on Saturday, Sept. 23, 2023. XINHUA PHOTO
Mobile App

བལ་ཡུལ་ནང་གི་བོད་མི་ཚོར་སྔར་ལས་དཀའ་ངལ་འཕྲད་ཉེན་འདུག

༢༠༢༣/༠༩/༢༩
Mobile App

སྤྱི་འཐུས་གཅིག་དང་གྲོས་ཚོགས།

༢༠༢༣/༠༩/༢༩

མཆན། 11

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    རྒྱ་མི་འདིས་༧གོང་ས་ཏཱ་ལའི་བླ་མ་དང་ཡུལ་གྱར་བོད་གཞུང་བེད་སྤྱད་དེ། མཐར་གཏུགས་རྒྱ་ནག་གི་ཁེ་ཕན་སྒྲུབ་ཀྱིན་ཡོད་པ་ང་ཚོས་ཀྱང་ཤེས་མོད། འོན་ཀྱང་། དེ་ནི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཡིན་ལ། ཕྱོགས་གཉིས་ལ་ཁེ་ཕན་ཡོད་ན། དེའི་དམིགས་ཡུལ་གྱི་རྒྱབ་ལྗོངས་ལ་དོགས་པ་ཟ་དགོས་དོན་མེད།

    Reply
  2. བྱམས་པ། says:
    ལོ་ 14 སྔོན།

    འདི་ནི་གྱ་དགུ་ལོ་དང་བསྡུར་ན་དངོས་གནས་རྒྱ་རིགས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་འབྱུང་བཞིན་པ་རྟོགས་ཐུབ། ཕྱིའི་རྒྱལ་གྱི་རྒྱ་རིགས་མ་གཏོགས་ཀྲུང་གོའི་ནང་ཁུལ་དུའང་རྒྱ་རིགས་ཤེས་ཡོན་པ་མང་པོས་རང་ཉིད་ཀྱི་ལྟ་ཚུལ་ངོ་མ་སྤེལ་བ་དང་། དེ་དང་དེ་འདྲ་བའི་ཤེས་ཡོན་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དངོས་དོན་རེད། འདིའི་ང་ཚོ་མི་རིགས་ཀྱི་རང་དབང་ལ་བརྩོན་ལེན་བྱས་པ་འབྲས་བུ་ཐོན་བཞིན་པ་མངོན་ཐུབ།

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 14 སྔོན།

    ་ ངས་ལྟོས་ན་ཡང་རྒྱ་རིགས་ཤེས་ལྡན་པ་འདི་ནི་རྒྱ་གཞུང་གི་འདས་མ་འོངས་གསུམ་གྱི་བདེ་འཇགས་ལ་ཁ་ཞེ་གཉིས་མེད་ཀྱི་འགན་ཁུར་བཞེས་བའི་རྒྱ་གཞུང་གི་ལམ་སྟོན་པ་ཞིག་ཡིན་པ་ཁོང་གི་སྐད་ཆ་ལས་གསལ་བོ་རྟོགས་ཐུབ།ཁོང་༧་གོང་ས་མཆོག་གི་རླབས་ཆེན་གྱི་མཛད་བཟང་ལ་ཧམ་སེམས་ཆེན་པོ་བླངས་འདུག་་་་ཁོང་གིས་༧གོང་ས་མཆོག་མྱུར་ཏུ་བོད་ལ་བདེན་འདྲེན་ཞུ་ནས་བོད་མི་དམངས་ཀྱི་གནས་སྐབས་ཀྱི་རེ་བ་བསྐང་ནས་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་བཟང་བེད་སྤྱད་ནས་རྒྱ་ནག་གི་སྙན་གྲགས་ཇེ་རྒྱས་དང་རྒྱ་ནག་ལ་་རྟག་བརྟན་གྱི་བདེ་སྐྱིད་ཞིག་བཟོ་འདོད་འདུག་མ་གཏོགས་བོད་ལ་དངོས་གནས་དོན་དམ་པའི་དམངས་གཙོ་དང་རང་སྲིད་རང་གིས་སྐྱོང་ཆོག་པའི་རང་སྐྱོང་ཚད་ལྡན་ཞིག་སྤྲད་འདོད་མེད་པ་ཁོང་གི་སྐད་ཆ་ལས་རྟོགས་ཐུབ།ཁོང་གིས་བོད་མི་དམངས་ཀྱི་སྡུག་བསྔལ་དང་དཀའ་ངལ།བོད་མི་དམངས་ཀྱི་སེམས་ཁུར་དང་བཟོད་མི་ཐུབ་པའི་ན་ཟུག་དག་མཐོང་ནས་བོད་ཀྱི་དཀའ་རྙོག་སེལ་དགོས་ཀྱི་འདུག་ལབ་བ་མིན་པར་རྒྱ་གཞུང་གི་མ་འོངས་བའི་བདེ་འཇགས་དང་རྒྱ་གཞུང་གི་ཆབ་སྲིད་ཀྱི་སྲིད་གཞུང་འདི་སྲ་བརྟན་ཡོངས་བའི་ཆེད་དུ་བརྗོད་པ་ཞིག་ཡིན་པ་ཐག་ཆོད་རེད།《 བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དང༌། རྒྱལ་ཁབ་ཀྱི་བདག་དབང་ཕན་ཚུན་རྩིས་སྤྲོད་རྩིས་ལེན་གྱི་ཐོབ་དབང་མེད་པ་བཅས་ཀྱི་བརྡ་ལན་ཞིག་སྤྲད་པ་ཡིན་ན།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱ་ཐུབ་རྒྱུ་རེད། 》ཟེར་བ་དང་ 《ཆེས་མཐོའི་རང་སྲིད་རང་སྐྱོང་དེར་རྒྱ་ནག་གཞུང་ཕྱོགས་ནས་ངོས་ལེན་མེད་པ་གསལ་བོར་རྟོགས་ཡོད་ངེས་རེད། 》
    ཞི་འགྲིག་གི་རྣམ་འགྱུར་བཟུང་བ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་རེ་བ་ཞིག་མཐོང་གི་རེད་ལ། རྒྱ་ནག་གིས་ཀྱང་བྱ་ཐབས་འདི་བརྒྱུད་དེ་རྒྱལ་སྤྱིར་སྣེ་ཁྲིད་ཀྱི་ནུས་པ་འཕེལ་རྒྱས་སུ་གཏོང་ཐུབ་པ་རེད། ཅེས་བརྗོད་པ་འདི་ལ་བསམ་ཞིབ་ཞིག་གནང་ན་གསལ་བོ་རྟོགས་ཐུབ།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 14 སྔོན།

    ་ ངས་ལྟོས་ན་ཡང་རྒྱ་རིགས་ཤེས་ལྡན་པ་འདི་ནི་རྒྱ་གཞུང་གི་འདས་མ་འོངས་གསུམ་གྱི་བདེ་འཇགས་ལ་ཁ་ཞེ་གཉིས་མེད་ཀྱི་འགན་ཁུར་བཞེས་བའི་རྒྱ་གཞུང་གི་ལམ་སྟོན་པ་ཞིག་ཡིན་པ་ཁོང་གི་སྐད་ཆ་ལས་གསལ་བོ་རྟོགས་ཐུབ།ཁོང་༧་གོང་ས་མཆོག་གི་རླབས་ཆེན་གྱི་མཛད་བཟང་ལ་ཧམ་སེམས་ཆེན་པོ་བླངས་འདུག་་་་ཁོང་གིས་༧གོང་ས་མཆོག་མྱུར་ཏུ་བོད་ལ་བདེན་འདྲེན་ཞུ་ནས་བོད་མི་དམངས་ཀྱི་གནས་སྐབས་ཀྱི་རེ་བ་བསྐང་ནས་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་བཟང་བེད་སྤྱད་ནས་རྒྱ་ནག་གི་སྙན་གྲགས་ཇེ་རྒྱས་དང་རྒྱ་ནག་ལ་་རྟག་བརྟན་གྱི་བདེ

    Reply
  5. བཀྲ་ཤིས་རྒྱ་མཚོ says:
    ལོ་ 14 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས ། འོན་ཀྱང་ཕེནཊིན་ཧེ་ནི་རྒྱ་རིགས་ཡིན་པ་མ་ཟད་ཁོང་གིས་བོད་རྒྱ་གཉིས་ཕན་གྱི་སྐད་ཆ་འདི་ང་ཚོས་དང་ལེན་བྱེད་དགོས་བར་སེམས །

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    ལྷག་པར་དུ་རྒྱ་མི་རིགས་རང་ལུགས་ཀྱི་ལྟ་བ་ཡོད་མཁན་ཞིག་གིས་རྒྱ་མི་རིགས་ཀྱི་ཁེ་ཕན་དོར་ནས་བོད་མི་རིགས་ཀྱི་བདེ་དོན་ཆེད་དུ་ཤ་གསེང་གི་སྐད་ཆ་ཞིག་ཡོང་མི་སྲིད་དོ།

    Reply
  7. བཀྲ་ཤིས་རྒྱ་མཚོ says:
    ལོ་ 14 སྔོན།

    མི་རིགས་ཤིག་གིས་རང་མི་རིགས་ཀྱི་རང་ལུགས་དེ་འདོར་རྒྱུ་ཧ་ཅང་ཁག་པོ་རེད ། གོང་གི་རྒྱ་རིགས་དེས་བོད་རྒྱ་སྤྱི་ཕན་གྱི་སྐད་ཆ་བཤད་པ་དེ་ང་ཚོའི་ངོས་ནས་དང་ལེན་བྱེད་འོས་བ་ཞིག་རེད། གཞན་མི་རིགས་སུ་ཡིན་རུང་མི་རིགས་རང་གི་ལྟ་བ་དང་མི་རིགས་རང་ལུགས་ཀྱི་སྐད་ཆ་འདོར་རྒྱུ་དེ་ཕལ་ཆེར་ཡོང་མི་སྲིད་པ་ཞིག་རེད་ལ་མི་རིགས་ཀྱི་ལྟ་བ་སུ་ལའང་ཡོད་ལ་སྒྱུར་ཐབས་ཀྱང་མེད །།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    རྒྱ་རྒན་འདིས་བཤད་པའི་སྐད་ཆ་དེ་དག་གིས་ང་ཚོ་བོད་མི་མང་གི་བདེན་དོན་མཐོ་སར་བསྒྲགས་ཀྱི་ཡོད་མེད་དེ་ནི་གསལ་དངས་དངས་ཤིག་མི་མངོན་ཡང་། འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ལ་སྐད་ཆ་བཤད་ཀྱི་ཡོད་པ་ནི་བདེན་པ་ཡིན་ན་ནི། མི་རིགས་ཤིག་གི་རང་དབང་ཐག་གཅོད་བྱེད་ཕྱོགས་ཀྱི་སྐད་ཆ་དེ་ནི་མི་རིགས་དེའི་གང་ཞིག་འདོད་ཀྱི་ཡོད་མེད་དེ་གསལ་བོ་ཤེས་དགོས་ཀྱི་ཡོད་པ་རེད། དེས་ན་བོད་ནང་གི་བོད་རྒྱ་ཆེ་མི་མང་གིས་ག་རེ་འདོད་ཀྱི་ཡོད་པ་རེད། དེ་དྲ་གྲོགས་ཚོས་གླེང་མོལ་རེ་བྱེད་ཐུབ་པ་ཡིན་ན་ནི། དངོས་ནང་ཡག་པོ་རེད། དེ་མིན་འགྲོ་བ་མིའི་ཐོབ་ཐང་བསྐོར་ལ་དཔྱད་པ་བྱེད་མཁན་དང་རྩོམ་ཡིག་སྤེལ་མཁན་ནི་མང་མེད་ན་ཉུང་མེད་པ་ཡིན། འོན་ཀྱང་། འགྲོ་བ་མིའི་ཐོབ་ཐང་ལག་ལེན་དུ་བསྟར་བར་ཁ་ཞེ་གཉིས་མེད་བྱེད་ཐུབ་མཁན་གྱི་རྒྱལ་ཁབ་ག་ཚོད་ཡོད་མེད་ཐད་དུ་ཚང་མས་ཐུགས་བསམ་ལེགས་པོ་བཞེས་དེ་གཏམ་བཤད་གནང་བ་ཡིན་ན་ནི། བོད་ནང་གི་བོད་མིའི་བདེ་སྡུག་གི་ཐད་དུ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་རེ་གཏོང་ཐུབ་པའི་ཐབས་ལམ་རེ་རྙེད་སྲིད་པ་རེད། དེ་མ་གཏོགས་རྒྱ་རྒན་འདིས་སྐད་ཆའི་ནང་དུ་ཡང་རྒྱ་ནག་མི་རིགས་རང་ལུགས་ཀྱི་སྐད་ཆ་གཏན་ནས་གཏོར་མེད་པ་ཞིབ་དུ་ཀློག་ན་ཤེས་ངེས་རེད། ལྷག་པར་དུ་༧གོང་ས་མཆོག་གིས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་སྔར་ཡང་ཁས་ལེན་བྱས་མྱོང་མེད་ལ་ཕྱིས་སུ་ཡང་ཁས་ལེན་བྱེད་མི་སྲིད་པ་ཞིག་རེད་ཟེར་ནས་བཤད་ཆོག་པ་རེད། གང་ཡིན་ཟེར་ན་ལོ་རྒྱུས་ཐོག་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པའི་བདེན་དབུང་སུ་ལ་ཡང་མེད་པ་མ་ཟད། ལོ་རྒྱུས་ཐོག་ནས་རྒྱ་དང་བོད་ནི་ཐ་དད་ཡིན་པ་མཁྱེན་ཡོན་ལྡན་པའི་གང་ཟག་སུས་ཡིན་ཡང་ཤེས་གསལ་མ་རེད་དམ། དྲ་གྲོགས་ཚོས་ཀྱང་རང་རང་གི་ག་རེ་བཤད་བཞིན་ཡོད་པའི་ཐད་དུ་བསམ་བློ་རེ་བཏང་ནས་བཤད་པ་ཡིན་ན་ནི་ཡག་པོ་རེད། སྔོན་ཆད་ཧྲིང་ལུ་ཞོན་གྱིས་རྩོམ་ཡིག་མང་བོ་ཞིག་ལ་བོད་པ་མང་བོ་ཞིག་གིས་རྒྱབ་སྐྱོར་དང་བསྔགས་བརྗོད་བྱས་པ་རེད། རྗེས་སུ་ཞིབ་དུ་ཀློག་བཞིན་སོང་དུས་མི་དེ་ནི་རྒྱ་མི་རིགས་ཀྱི་ལྟ་བ་མཁྲེགས་ཤོས་ཀྱི་གྲངས་ཤིག་ལ་ངོས་འཛིན་བྱེད་མཁན་ཡང་བྱུང་བ་ནས། སྔོན་ཆད་ཀྱི་ལྟ་ཚུལ་དེ་འགྱུར་བ་བྱིནཔ་རེད། རྒྱ་ནག་གི་ཤེས་ཡོན་པ་སུ་ཞིག་གིས་སྐད་ཆ་བཤད་ན་ཡང་རྒྱ་མི་རིགས་ཀྱི་ཁེ་ཕན་བློས་བཏང་དེ་སྐད་ཆ་བཤད་མི་སྲིད་པ་དེ་ནི་བོད་རིགས་ཚང་མས་སེམས་སུ་ངོས་འཛིན་གསལ་བོ་ཐོབ་དགོས་ཀྱི་འདུག འདི་ནི་ང་རང་གིས་དྲ་གྲོགས་ཚོ་དང་ཀློག་མཁན་ཡོངས་ལ་ཞུས་པའི་འབོད་སྐུལ་ཡང་ཡིན་ལ་བསམ་གཞིགས་བྱེད་གཞིར་སྐུལ་བའི་གསལ་བསྒྲགས་ཐེངས་ཤིག་ཡིན།

    Reply
  9. བསེ་རུ། says:
    ལོ་ 14 སྔོན།

    རྒྱ་རིགས་ཤེས་ལྡན་པ་ཚོས་བོད་སྐོར་གྱི་གནད་དོན་གླེང་བ་ཙམ་གྱིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ང་ཚོ་བདེན་དོན་ལ་བློ་གཏད་བཅོལ་མཁན་གྱི་མི་རིགས་ཉམ་ཆུང་འདིར་དྲང་བདེན་ལ་དགའ་བའི་རྒྱ་མི་རིགས་ཤིག་གིས་སྨྲ་སྒོ་ཕྱེ་བ་ཙམ་གྱིས་ང་ཚོའི་མཐུན་རྐྱེན་དུ་འགྱུར་ངེས་པས་སོ།།

    Reply
  10. གཞིས་ལུས་བོད་པ། says:
    ལོ་ 14 སྔོན།

    གནས་ཚུལ་དེ་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་ནས་ཀྱང་ཟུར་ཙམ་གོ་བྱུང་། དགེ་རྒན་དེས་ད་དུང་བཙན་བྱོལ་བོད་མི་རྐྱང་བ་མ་ཡིན་པར་བོད་ནང་གི་བོད་མིའི་གྲངས་ཀ་མང་བས་དེ་དག་གི་འདོད་པ་དང་བསྟུན་དགོས་པ་སོགས་དགོས་ངེས་ཀྱི་གཏམ་འགའ་ཞིག་བཤད་འདུག །

    Reply
  11. བཀྲ་ཤིས་རྒྱ་མཚོ says:
    ལོ་ 14 སྔོན།

    བཀའ་དྲིན་ཆེ་ལགས་འདི་ནི་ང་ཚོ་ལ་མཚོན་ན་མཐུན་འགྱུར་རོགས་རམ་སུ་གྱུར་ཡོད་པས་དགའ་བསུ་ཡོད ། རྒྱ་མི་རིགས་ཀྱི་ཀླད་པ་གསར་བརྗེ་བྱེད་བཞིན་པའི་མངོན་རྟགས་ཤིག་རེད་ལ ། དྲང་བདེན་དང་གནས་ལུགས་ལ་བརྩི་མཐོང་བཞག་པའི་དན་རྟགས་ཤིག་ཀྱང་རེད །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist