མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་འོས་ཆོས།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

པདྨ་ཚེ་དབང་ཤཱསྟྲི།

རྒྱལ་གཅེས་ལྷག་བསམ་གྱི་མེ་རླབས་མཐོན་པོར་འབར་བ། ཉེ་བའི་ཆར་དབྱིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱུང་བའི་སྤྱི་ཟུར་སྐུ་ ཞབས་ཐུབ་བསྟན་བསམ་འགྲུབ་ལགས་ནས་འགན་ཁུར་རྐང་བཞེས་གནང་སྟེ། འབྱུང་འགྱུར་ཕྱི་ལོ་༢༠༡༡ ལོར་འདེམས་སྒྲུག་བྱ་རྒྱུའི་བཀའ་བློན་ཁྲི་པ་དེ་བཞིན་ཤིན་ཏུ་ནས་གལ་འགངས་ཆེན་ པོ་ཡིན་པ་གཟིགས་གནང་སྟེ། རྒྱ་ཆེ་མང་ཚོགས་ལ་སྔོན་ཚུད་ནས་འོས་དམིགས་དགོངས་པ་བཞེས་རྒྱུའི་སླད་དུ་དྲ་ རྒྱ་ཟུར་འཛུགས་གནང་པར་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག་བསམ་འཆར་ཐུང་ཙམ་ཞིག་ཞུ་འདོད་བྱུང་།

འབྱུང་འགྱུར་གྱི་བཀའ་ཁྲི་ དེར་བཙན་བྱོལ་བོད་གཞུང་དབུས་འདེམས་བསྐོ་ལྷན་ཁང་གིས་གཏན་འབེབས་གནང་པའི་བཀའ་ བློན་ཁྲི་པའི་འོས་ཆོས་རིམ་པ་དགུའི་སྟེང་དུ་བྱུང་ན་གཤམ་གསལ་གྱི་ཁྱད་ཆོས་དགུ་ ཡང་ཚང་དགོས་པར་སྙམ།

༡། སྤྱིར་རྒྱལ་སྤྱི་དང་། ལྷག་པར་དུ་རྒྱ་གར། བལ་ཡུལ། འབྲུག་ཡུལ། འབར་མ། པཱཀིསཐན་གྱིས་གཙོས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ཡང་སྒོས་རྒྱ་ནག་བཅས་ཀྱི་སྲིད་དཔལ་ནོར་གསུམ་གྱི་ཁོར་ཡུག་གི་གནས་སྟངས་དང་ འགྱུར་འགྲོས་ཀྱི་ཐད་ལ་མཁྱེན་རྒྱ་དང་། གོ་རྟོགས། རྒྱུས་ལོན་ཆེན་པོ་ཡོད་པའི་ཐོག་རྒྱལ་འབྲེལ་འཐབ་བྱུས་ཀྱི་ཐད་ལ་གཞན་འདྲིང་མི་ འཇོག་པ།

༢། ད་ཡོད་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ངོ་མ་ཞིབ་ཕྲ་མཁྱེན་པའི་ཐོག་ཏུ་སྔ་མོའི་ བོད་ཀྱི་གནས་སྟངས་དང་། བྱུང་རབས་ཀྱི་ཐོག་ལ་མཁྱེན་རྒྱ་ཡངས་པ་མ་ཟད། མ་འོངས་བོད་ཀྱི་འཛུགས་སྐྲུན་གྱི་ཐད་ལ་གཟིགས་རྒྱང་རིང་བ།

༣། ༸གོང་ས་མཆོག་གི་དགོངས་གཞི་དང་བསྟུན་ཏེ། བོད་རྒྱ་ཆེ་མང་ཚོགས་ཀྱི་མངོན་འདོད་ཇི་ཡིན་གསལ་པོར་མཁྱེན་པའི་ཐོག་ཏུ་དེ་ འགྲུབ་ཐུབ་པའི་གདེང་སྤོབས་དང་འཐབ་བྱུས་ལྡན་པ།

༤། ཆོས་ལུགས་དང་། ཆོལ་ཁ། ལུང་ཚན། སྡེ་ཁག་བཅས་ཀྱི་ཕྱོགས་རིས་ཀྱི་དྲི་མ་དང་བྲལ་བ།

༥། བོད་ཀྱི་སྐད་ཡིག་དང་། རིག་གཞུང་ལ་བྱང་ཆ་དོད་པའི་ཁར། བྱུང་ན་དབྱིན་ཇི་དང་། ཧིན་དྷི། རྒྱ་སྐད་བཅས་སྐད་སྒྱུར་ལ་བརྟེན་མི་དགོས་པར་རང་རྐྱ་འཕེར་བ་དགོས་རྒྱུ་ཡང་། གལ་ཏེ་སྐད་རིགས་བཞི་འཛོམས་མ་བྱུང་ཡང་། བོད་སྐད་དང་དབྱིན་སྐད་འབྲི་ྐློག་སྤྱོད་གསུམ་གྱི་ཐད་ལ་གཞན་རེ་མི་དགོས་པ།

༦། ཞལ་ནས་གསུངས་མཁས་པ་དང་། ཕོད་པ་ཙམ་མ་ཡིན་པར་། བཙན་བྱོལ་སྒྲིག་འཛུགས་ལ་དུས་བསྟུན་དགོས་ངེས་ཀྱི་གསར་གཏོད་དང་། གསར་བརྗེ། འགྱུར་བ་བཅས་འཕྲལ་མར་གནང་ཕོད་པ།

༧། ཇི་སྲིད་བོད་ཀྱི་དཀའ་རྙོག་དེ་བོད་རྒྱ་ཆེ་མང་ཚོགས་ཀྱི་མངོན་འདོད་ལྟར་སེལ་མ་ ཐུབ་ཀྱི་བར་དུ་བཙན་བྱོལ་གྱི་གནས་བབ་སྲ་བརྟན་དང་། བོད་མིའི་ངོ་བོ་རྒྱུན་སྲིངས་ཐུབ་པ། ཤེས་ཡོན་དང་དཔལ་འབྱོར་རྒྱ་སྐྱེད་དང་། ཡར་རྒྱས། གསར་བརྗེ་ཇི་དགོས་གནང་ཐུབ་པ།

༨། ༸གོང་ས་མཆོག་གི་དབུ་ཁྲིད་ཀྱི་འོག་ཏུ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དང་། དཔལ་འབྱོར། ཤེས་ཡོན་བཅས་ཀྱི་གནས་སྟངས་སྔར་ལྷག་སྲ་བརྟན་བཟོ་ཐུབ་པ་མ་ཟད་ཤེས་ཡོན་སྲིད་ བྱུས་ཐེ་བའི་ད་ལྟ་འགྲོ་བཞིན་པའི་ལས་འཆར་གལ་ཆེ་ཁག་མུ་མཐུད་ཐུབ་པ།

༩། གནས་ཚང་རྒྱ་གར་གཞུང་དང་། མང་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་དང་། བོད་མིར་གཟིགས་སྐྱོང་དང་རོགས་རམ་གནང་སྟངས་དང་། བོད་ཐོག་སྲིད་བྱུས་འཛིན་སྟངས་ད་ཡོད་ལས་བཟང་ཕྱོགས་སུ་འགྲོ་ཐབས་ལས། ཞན་དུ་མི་འགྲོ་བའི་སྲིད་བྱུས་དང་ཐབས་ལམ་བཟུང་རྒྱུ་བཅས་ཡིན། གོང་གསལ་ཆ་རྐྱེན་འདི་དག་ཡོངས་རྫོགས་གང་ཟག་གཅིག་ལ་ཚང་པ་དཀོན་པོ་ཡིན་སྲིད་ ཀྱང་། གང་མང་འཛོམས་ཐུབ་པ་ལྟ་རྒྱུ་དེ་མང་ཚོགས་ཀྱི་ལས་འགན་ཡིན། ལྷག་པར་དུ་འོས་དམིགས་དེ་བཞིན་སྲོལ་རྒྱུན་དང་དེང་རབས་གཉིས་ཀར་རྒྱུས་མངའ་ཆེ་ བའི་སེར་སྐྱ་ཕོ་མོ་དབྱེ་བ་མེད་པའི་ཐོག་ཏུ་བྱུང་ན། གཞོན་སྐྱེས་ཤིག་འཚོལ་དགོས་པར་མངོན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 24

  1. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ང་དངོས་གནས་ཧང་སངས་སོང་། བོད་མི་ན་གཞོན་འདི་ཚོས་ཀྱང་ད་དུང་འདི་ཙམ་ཧ་གོ་མེད་པ་འདི་ཅི་ཡིན་ནམ། སྔོན་མ་ཨ་ལགས་ྐླུ་སྨྱོན་གྱིས་ཁ་བརྡ་དྲྭ་སྟེང་དུ་འདི་འདྲ་བཤད་པ་ལ་ཡང་ངས་རྩོད་པ་མང་ཐག་ཆོད་ཅིག་རྒྱག་དགོས་བྱུང་སོང་། ཀརྨ་པ་བཀའ་བློན་ཆགས་ཉིན་ནས་ང་ཚོ་ཚང་མ་ཡང་ཁོང་གི་འབངས་མི་སེར་ཡིན་སྟབས་ཞྭ་མོ་དང་རུམ་བཏེགས་ཀྱི་འཐབ་རྩོད་པ་ཆགས་ཚར་བ་རེད།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཧཧཧཧཧ ཀརྨ་པ་ཟེར་དུས། དྲ་གྲོགས་སྤོབས་པ་ལགས། ཧང་སངས་དེ་འོང་གི་འདུག བོད་པ་ཚང་གི་མི་མང་ཤོས་ཀྱི་གླེན་རྟགས་ད་དུང་མཚམས་ཆད་མེད་པས་ཀརྨ་པའི་མིང་བཀའ་བློན་གྱི་འོས་གཞི་ནང་དུ་སླེབས་ཉིན། ཀརྨ་པ་མང་མོས་འོས་བསྡུ་ཐོབ་པར་ངས་ད་ལྟ་ནས་ཚོད་དཔག་བྱེད་ཐུབ་པ་འདུག

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ག་རེ་ཀརྨ་པ། དེ་རིང་ནས་བཟུང་དེ་འདྲ་ཤོད་མ་ཡོང་མ་གཏོགས་མི་འགྲིགས་ཐག་ཆོད་ཡིན། ཀརྨ་པ་རྒྱ་གར་ཉེན་རྟོག་པའི་གསེབ་ནས་ད་དུང་ཐར་མེད་མཁན་ཞིག་གིས་བཀའ་བློན་ཁྲི་པ་ག་འདྲ་བྱེད་དགོས་ཀྱི་རེད། རུམ་བཏེགས་དང་ཞྭ་མོའི་ཁྲིམས་ར་དེ་ཚོ་མཇུག་དྲིལ་སོང་ན་གཞི་ནས་སྐད་ཆ་བཤད་ཆོག

    Reply
  4. གླང་དར་མ། says:
    ལོ་ 17 སྔོན།

    འབྱུང་འགྱུར་གྱི་བཀའ་ཁྲི་འོས་ཤོས་ནི་ད་ལྟ་ཨ་རིའི་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ཁོང་ཡིན་ཞིང༌། ཁོང་ནི་བཙན་བྱོལ་སྤྱི་ཚོགས་ནང་ཚར་ལོང་བྱུང་ཡོད་པ་དང༌། མཐོ་རིམ་སློབ་གྲྭ་ཐོན་རྗེས་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུའི་ཚོགས་པའི་དྲུང་ཆེ་དང༌། མང་གཙོ་ཚོགས་པའི་ཚོགས་གཞོན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གསར་འཛུགས་གནང་མཁན་གྲས་དང༌། དུས་ཡུན་རིང་པོ་འགན་འཛིན་གྱི་ཕྱག་ལས་གནང་ཡོད་པའི་བོད་ནང་གི་འགྲོ་མིའི་ཐོབ་སྐོར་ཞིབ་འཇུགས་ཚད་དང་ལྡན་པ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དྲིལ་བསྒྲགས་ཧ་ཅང་ཡག་པོ་བྱས་ཡོད། ད་དུང་བོད་མི་དམངས་སྤྱི་འཐུས་གནང་མྱོང་ཡོད་པ་མ་ཟད། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེའི་གིས་བཀའ་ཤག་སྐབས་བཅུ་གཉིས་པའི་ཁོང་ཕྱག་རོགས་ལ་འདེམས་གནང་ཡོད་པ་རེད། བཀའ་བློན་དུས་ཡུན་རིང་བོད་གཞུང་ལྷན་ཁང་ཆེ་ཁག་གསུམ་བཀའ་བློན་གནང་ཡོད་པ་དང༌། སྐབས་དེ་རིང་དཔལ་འབྱོར་སྒེར་བདག་ཅན་སྒྱུར་དང༌། བུན་ལོན་ཕྱིར་རློག་ རང་བཙན་ལག་དེབ་གསར་བཟོ། བོད་རྒྱ་ཞི་མོལ་ཚོགས་ཆུང་ཚོགས་མི་སོགས་གཟེངས་སུ་ཐོན་པའི་རླབས་ཆེན་གྱི་ལས་དོན་སྣེ་མང་བྱས་ཡོད་པས། གནའ་དེང་གཉིས་ཀྱི་ཤེས་བྱ་ཡོན་ཏན་ལ་སྦྱང་ཚད་མཐོ་པོ་ཡོད་པས་ བོད་མི་རིགས་ཀྱི་མི་རབས་གསར་པའི་མཛད་རྗེས་ཆེས་ཆེའི་མི་སྣ་ཞིག་ཆགས་ཡོད། དེ་བཞིན་བོད་ཕྱི་ནང་གཉིས་སྤྱི་ཚོགས་ནང་རྒྱུས་ལོན་གང་ལེགས་ཡོད་པ་མ་ཟད། ཁོང་བཀའ་ཁྲི་ལ་འོས་འདེམས་གནང་ན་ད་ལྟའི་ལས་ཐོག་བཀའ་ཁྲི་རིན་པོ་ཆེའི་སྲིད་བྱུས་དང༌། ལས་དོན་བྱས་པ་ཁག། བོད་ཀྱི་ཞི་མོལ་གྱི་འབྲེལ་ལམ་སོགས་མདོར་ན་རིན་པོ་ཆེས་འདས་པའི་མོ་ལོ་བཅུ་ནང་ལས་དོན་ཁང་བྱས་པ་ཁག་ཚང་མ་རྒྱུས་ལོན་ཡོད་པ་མ་ཟད། མ་འོངས་མུ་མཐུད་ལག་བསྟར་དང་རྒྱུན་མཐུད་ཐུབ་རྒྱུ་ཡིན་པ་རེ་དོགས་གང་ཡང་མི་དགོས་ལ། གལ་སྲིད་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་དད་པ་དང༌། དགའ་ཞན། ཁོང་གི་ཕྱག་ལས་རྒྱབ་སྐྱོར། མ་འོངས་མུ་མཐུད་ཁོང་གི་ཕྱག་ལས་གནང་བ་ཁག་རྒྱུན་གནས་ཐུབ་དགོས་ན། བཀའ་ཟུར་བློ་བཟང་སྙན་གྲགས་ལས་ལྷག་པའི་མི་སུ་ཡང་མེད་པ་དེ་དོན་ཐུགས་
    མངའ་ཡོང་བ་ཞུ༎།
    དེ་བཞིན་གོང་གསལ་ཁག་གཅིག་གིས་རྒྱལ་བ་ཀརྨ་པ་དང༌། བློ་བཟང་སེང་གེ་གཉིས་འོས་ཚུལ་བཤད་འདུག་པས། དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྒྱུས་ལོན་མེད་ཅིང༌། སྤྱི་ཚོགས་ནང་ཐོས་རྒྱ་ཆུང་བའི་སྐྱོན་འབའ་ཞིག་ལས་མ་འདས། གང་ཡིན་ཟེར་ན། རྒྱལ་བ་ཀརྨ་པ་ནི་དགུང་ན་སོན་མེད་པས། བཀའ་ཁྲིའི་འོས་ཆོས་ཚང་མེད་ལ། བློ་བཟང་སེངས་གེ་ནི་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཞན་ཆ་ཆེ་ཞིང༌། བོད་ཕྱི་ནང་གནས་སྟངས་ལ་རྒྱུས་ལོན་མེད་པ། བློ་བཟང་སེང་གེ་བཀའ་ཁྲི་འོས་པོ་མེད། གོང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ཞིབ་འཇུག་འདྲ་བྱས་བསྡད་ན་འོས་ཤོས་རེད།

    Reply
  5. རྟ་བདུན་རྒྱལ་བོ། says:
    ལོ་ 17 སྔོན།

    བློ་བཟང་སེང་གེ་ཟེར་བ་དེ་སུ་རེད་། མི་འདི་ཡི་རྒྱུས་སུ་ལ་ཡོད་ན་གསལ་བྱེད་གནང་རོགས་ཞུ། ཐུགས་རྗེ་ཆེ་།

    Reply
  6. རྟ་བདུན་རྒྱལ་བོ། says:
    ལོ་ 17 སྔོན།

    བློ་བཟང་སེང་གེ་ཟེར་བ་དེ%

    Reply
  7. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡང་བླ་མ་དབང་ལུང་གི་བདག་པོ་ཚོ་མ་འདེམས་ན་ཤིན་ཏུ་ལེགས། གང་ཡིན་ཞེ་ན་ཆབ་སྲིད་ཀྱི་ཕྱག་ལས་ཤིག་གནང་བ་ནས་བཟུང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཁོ་ན་བསྒྲུབ་དགོས་སྟབས་ཆོས་པ་རྣམ་དག་ཅིག་གཏན་ནས་ཡོང་མི་སྲིད་། ཆོས་པ་ཞིག་ཡིན་ན་གྱོང་དང་ཕམ་ཁ་རང་གི་ཁུར་། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་ཟེར་བ་བཞིན་སྒྲུབ་དགོས། ཆབ་སྲིད་པ་ཞིག་ཡིན་ན་རང་གི་ཁེ་ཕན

    Reply
  8. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡང་བླ་མ་དབང་ལུང་གི་བདག་པོ་ཚོ་མ་འདེམས་ན་ཤིན་ཏུ་ལེགས། གང་ཡིན་ཞ%E

    Reply
  9. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡང་བླ་མ་དབང་ལུང་གི་བདག་པོ་ཚོ་མ་འདེམས་ན་ཤིན་ཏུ་ལེགས། གང་ཡིན་ཞེ་ན་ཆབ་སྲིད་ཀྱི་ཕྱག་ལས་ཤིག་གནང་བ་ནས་བཟུང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཁོ་ན་བསྒྲུབ་དགོས་སྟབས་ཆོས་པ་རྣམ་དག་ཅིག་གཏན་ནས་ཡོང་མི་སྲིད་། ཆོས་པ་ཞིག་ཡིན་ན་གྱོང་དང་ཕམ་ཁ་རང་གི་ཁུར་། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་ཟེར་བ་བཞིན་སྒྲུབ་དགོས། ཆབ་སྲིད་པ་ཞིག་ཡིན་ན་རང་གི་ཁེ་ཕན་ཁོ་ནར་བསམ་བློ་བཏངས་ཏེ་བྱ་བ་སྒྲུབ་དགོས། འོན་ཀྱང་ང་ཚོར་རྣམ་དཔྱོད་ཀྱི་མིག་དང་མི་ལྡན་ཕྱིར་། བླ་མ་དབང་ལུང་གི་བདག་པོ་ཞིག་འདེམས་སྲིད་པ་རེད་། དེ་ནི་ཤིན་ཏུ་ནས་ནོར་འཁྲུལ་རེད

    Reply
  10. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡང་བླ་མ་དབང་ལུང་གི་བདག་པོ་ཚོ་མ་འདེམས་ན་ཤིན་ཏུ་ལེགས། གང་ཡིན་ཞེ་ན་ཆབ་སྲིད་ཀྱི་ཕྱག་ལས་ཤིག་གནང་བ་ནས་བཟུང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཁོ་ན་བསྒྲུབ་དགོས་སྟབས་ཆོས་པ་རྣམ་དག་ཅིག་གཏན་ནས་ཡོང་མི་སྲིད་། ཆོས་པ་ཞིག་ཡིན་ན་གྱོང་དང་ཕམ་ཁ་རང་གི་ཁུར་། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་ཟེར་བ་བཞིན་སྒྲུབ་དགོས། ཆབ་སྲིད་པ་ཞིག་ཡིན་ན་རང་གི་ཁེ་ཕན་ཁོ་ནར་བསམ་བློ་བཏངས་ཏེ་བྱ་བ་སྒྲུབ་དགོས། འོན་ཀྱང་ང་ཚོར་རྣམ་དཔྱོད་ཀྱི་མ

    Reply
  11. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡང་བླ་མ་དབང་ལུང་གི་བདག་པོ་ཚོ་མ་འདེམས་ན་ཤིན་ཏུ་ལེགས། གང་ཡིན་ཞེ་ན་ཆབ་སྲིད་ཀྱི་ཕྱག་ལས་ཤིག་གནང་བ་ནས་བཟུང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཁོ་ན་བསྒྲུབ་དགོས་སྟབས་ཆོས་པ་རྣམ་དག་ཅིག་གཏན་ནས་ཡོང་མི་སྲིད་། ཆོས་པ་ཞིག་ཡིན་ན་གྱོང་དང་ཕམ

    Reply
  12. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡང་བླ་མ་དབང་ལུང་གི་བདག་པོ་ཚོ་མ་འདེམས་ན་ཤིན་ཏུ་ལེགས། གང་ཡིན་ཞེ་ན་ཆབ་སྲིད་ཀྱི་ཕྱག་ལས་ཤིག་གནང་བ་ནས་བཟུང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཁོ་ན་བསྒྲུབ་དགོས་སྟབས་ཆོས་པ་རྣམ་དག་ཅིག་གཏན་ནས་ཡོང་མི་སྲིད་། ཆོས་པ་ཞིག་ཡིན་ན་གྱོང་དང་ཕམ་ཁ་རང་གི་ཁུར་། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་ཟེར་བ་བཞིན་སྒྲུབ་དགོས། ཆབ་སྲིད་པ་ཞིག་ཡིན་ན་རང་གི་ཁེ་ཕན་ཁོ་ནར་བསམ་བློ་བཏངས་ཏེ་བྱ་བ་སྒྲུབ་དགོས། འོན་ཀྱང་ང་ཚོར་རྣམ་དཔྱོད་ཀྱི་མིག་དང་མི་ལྡན་ཕྱིར་། བླ་མ་དབང་ལུང་གི་བདག་པོ་ཞིག་འདེམས་སྲིད་པ་རེད་། དེ་ནི་ཤིན་ཏུ་ནས་ནོར་འཁྲུལ་རེད་། ངས་བསམ་ན་ཆབ་སྲིད་ལ་ཉམས་མྱོང་ཡོད་པའི་མི་ཤེས་འཇོན་གཉིས་ལྡན་། རང་ལོ་བཞི་བཅུ་ནས་དྲུག་ཅུ་བར་ལ་ཡོད་པ་ཞིག་འདེམས་ན་ལེགས་པར་མངོན་།

    Reply
  13. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡང་བླ་མ་དབང་ལུང་གི་བདག་པོ་ཚོ་མ་འདེམས་ན་ཤིན་ཏུ་ལེགས། གང་ཡིན་ཞེ་ན་ཆབ་སྲིད་ཀྱི་ཕྱག་ལས་ཤིག་གནང་བ་ནས་བཟུང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཁོ་ན་བསྒྲུབ་དགོས་སྟབས་ཆོས་པ་རྣམ་དག་ཅིག་གཏན་ནས་ཡོང་མི་སྲིད་། ཆོས་པ་ཞིག་ཡིན་ན་གྱོང་དང་ཕམ་ཁ་རང་གི་ཁུར་། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་ཟེར་བ་བཞིན་སྒྲུབ་དགོས། ཆབ་སྲིད་པ་ཞིག་ཡིན་ན་རང་གི་ཁེ་ཕན་ཁོ་ནར་བསམ་བློ་བཏངས་ཏེ་བྱ་བ་སྒྲུབ་དགོས། འོན་ཀྱང་ང་ཚོར་རྣམ་དཔྱོད་ཀྱི་མིག་དང་མི་ལྡན་ཕྱིར་། བླ་མ་དབང་ལུང་གི་བདག་པོ་ཞིག་འདེམས་སྲིད་པ་རེད་། དེ་ནི་ཤིན་ཏུ་ནས་ནོར་འཁྲུལ་རེད་། ངས་བསམ་ན་ཆབ་སྲིད་ལ་ཉམས་མྱོང་ཡོད་པའི་མི་ཤེས་འཇོན་གཉིས་ལྡན་། རང་ལོ་བཞི་བཅུ་ནས་དྲུག་ཅུ་བར་ལ་ཡོད་པ་ཞིག་འདེམས་ན་ལེགས་པར་མངོན་།

    Reply
  14. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པ

    Reply
  15. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡང་བླ་མ་དབང་ལུང་གི་བདག་པོ་ཚོ་མ་འདེམས་ན་ཤིན་ཏུ་ལེགས། གང་ཡིན་ཞེ་ན་ཆབ་སྲིད་ཀྱི་ཕྱག་ལས་ཤིག་གནང་བ་ནས་བཟུང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཁོ་ན་བསྒྲུབ་དགོས་

    Reply
  16. བསྟན་པ་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་ཡ། ང་ཚོས་བསམ་བློ་ལེགས་པོ་ཞིག་པོ་བཏངས་ནས་བཀའ་བློན་ཁྲི་བ་འདེམས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡང་བླ་མ་དབང་ལུང་གི་བདག་པོ་ཚོ་མ་འདེམས་ན་ཤིན་ཏུ་ལེགས། གང་ཡིན་ཞ%E

    Reply
  17. ཁྱུང་ཚང་། says:
    ལོ་ 17 སྔོན།

    གཙོ་བོ་རྒྱ་ནག་དམར་ཕྱོགས་གཞུང་ལུགས་སམ་འགྲོ་སྟངས་ཡོངས་རྫོགས་མགོ་ཚོས་མཁན་ཞིག་དན་དན་དགོས་པས། སྐུ་ཞབས་བློ་བཟང་སེང་གེ་ཆེས་འོས་ཤོས་སུ་མཐོང།

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ང་རང་གི་བསམ་པར། འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་ཁོ་རང་ནི་ལོ་གཞོན་ཞིག་ཡིན་དགོས་པའི་རྒྱུ་མཚན་ཆེར་མི་འདུག ལོ་ ༦༠ མ་ཟིན་པ་ཞིག་ཡིན་ན་འགྲིག་པར་འདོད། ཡིན་ཡང་། བཀའ་བློན་ཁྲི་པ་དེའི་ཕྱག་རོགས་དེ་ཚོ་ནི་ལོ་ ༣༥ ནས་ ༥༠ མ་བརྒལ་བ། ཤེས་ཡོན་ཡོད་མཁན། ཉམས་མྱོང་བསགས་དང་གསོག་བཞིན་པ། ལྷག་པར་དུ་དཔལ་འབྱོར་དང་འཛིན་སྐྱོང་། ཆབ་སྲིད། རྒྱལ་སྤྱིའི་འབྲེལ་བ། བོད་ཀྱི་ཤེས་རིག རྒྱ་ནག་གི་ཤེས་རིག་དང་ཆབ་སྲིད། དེ་བཞིན་དེང་རབས་ཚན་རྩལ་དང་ཚན་རིག་གི་འཕེལ་ཕྱོགས་བཅས་ལ་ཆེད་མཁས་སམ་ཆེད་སྦྱོང་ཡོད་མཁན་དེ་འདྲ་ཡིན་ན་ཅི་མ་རུང་སྙམ།

    Reply
  19. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ཨོ་སྦ་མར་ཡང་སྔོན་མར་ཨ་རི་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་སྲིད་འཛིན་བྱེད་ཐུབ་པའི་ཉམས་མྱོང་ཡོད་པ་མ་རེད། ཁ་བདེ་བོ་ཞིག་ཡོད་པ་རེད། ཡིན་ན་ཡང་འགན་རང་ཐོག་ཏུ་བསླེབས་དུས་སློབ་སྟོན་པ་ཚོའི་ཐབས་བྱུས་དང་རང་གི་བློ་གྲོས་ལ་བརྟེན་ནས་རྒྱལ་ཁབ་ཆེན་པོ་འདི་སྐྱོང་གིན་ཡོད་པ་རེད། བློ་བཟང་སེང་གེ་དང་ཀརྨ་པ་གཉིས་ཀྱང་དེ་བཞིན་རེད། བོད་ཀྱི་བཀའ་ཁྲིའི་ལས་ཀ་དེ་ནི་ལས་སླ་བོ་ཞེ་དྲགས་རེད། ལྟོས་དང་། ཨ་ཁུ་ཟམ་གདོང་གིས་ཇི་འདྲའི་ལས་སླ་བོའི་སྒོ་ནས་ལོ་ངོ་བརྒྱད་སྐྱེལ་བཞིན་འདུག གངས་སྐྱིད་ལ་ཚོགས་འདུར་གཅིག་སོང་། དེའི་ཡར་མར་གྱི་ལམ་ཁའི་རྒྱ་གར་ཇ་ཁང་ནས་ཇ་མངར་སིང་གཅིག་འཐུངས། ཕྱི་རྒྱལ་དུ་ཐེངས་རེར་སོང་སྟེ་ཕྱི་སྡོད་བོད་པ་ཚོར་ཁ་རྡུང་དང་བསླབ་བྱ་འདྲེས་མ་རེ་བཏང་། དུས་ཚོད་འདི་ཙམ་བར་དུ་འདི་ལྟར་མི་བྱེད་ན་འདི་འདྲ་ཞིག་བྱེད་ཀྱི་ཡིན་ཞེས་རྒྱ་གཞུང་ལ་གསུམ་དྲུག་དགུའི་རྩེད་མོ་རེ་བརྩེས། དེ་ཙམ་རེད། མ་རེད་དམ།

    Reply
  20. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    ཁ་ཞེ་གཉིས་མེད་ཀྱིས་སྤྱི་དོན་བསྒྲུབ་མཁན་སྤྱི་ཕན་ཅན་ཞིག་བཀའ་ཁྲིར་ཕེབས་པར་སྨོན།

    Reply
  21. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    ཀརྨ་པ་ཆོས་ལུགས་ཀྱི་དབུ་ཁྲིད་རྣལ་མ་ཞིག་རེད། དེར་བརྟེན་ད་ཐེངས་ཀྱི་བཀའ་ཁྲིའི་འོས་འདེམས་ལ་ཁོའི་ཤེས་ཡོན་དང་ཉམས་མྱོང་དགུང་གྲངས་ཀྱི་ལོ་ཚད་བཅས་གང་གི་ཐད་ནས་ཀྱང་འབྲེལ་བ་སྤུ་ཙམ་ཡང་མཐོང་གི་མི་འདུག དེ་མ་ཟད་བློ་བཟང་སེང་གེ་ཡང་ན་གཞོན་ཤེས་ཡོན་པ་དང་ཉམ་ཞིབ་པ་ཞིག་རེད། སློབ་མ་ཞིག་ཐད་ཀར་སྲིད་བློན་ལ་བསྐོས་བ་ཞིག་ད་ལྟའི་བར་གོ་མ་མྱོང་། ཁོ་བཀའ་ཁྲིར་ལངས་རྒྱུའི་རེ་འདོད་ཡོད་ན་མ་མཐའ་ཡང་ཁོས་ཕྱི་དྲིལ་འཀའ་བློན་ལྟ་བུའི་ལས་གནས་གཅིག་སྔོན་ལ་འཁུར་དགོས་བ་རེད། དེ་དུས་མི་འདི་ལ་དངོས་ནས་འཇོན་ཐང་དང་ནུས་བ་གང་འདྲ་ཞིག་འདུག་ཚང་མས་མཐོང་གི་རེད། བཙན་བྱོལ་གཞུང་འདི་སྲ་བརྟན་ཞིག་དགོས་ན་གཙོ་བོ་འཛིན་སྐྱོང་ལ་རེགས་ལས་བས། བཀའ་ཁྲི་སུ་འདྲ་ཞིག་སླེབས་ཡང་གཞུང་གི་འཛིན་སྐྱོང་གི་ཉམ་མྱོང་དེ་གལ་ཆེ་ཤོས་རེད།

    Reply
  22. རྭ་ལོ། says:
    ལོ་ 17 སྔོན།

    རྒྱལ་བ་ཀརྨ་པ་ནི་རྗེས་མ་རྒྱལ་སྤྱིའི་སྟེང་ཆོས་ཀྱི་དབུ་ཁྲིད་ཅིག་གི་ངོ་བོའི་ཐོག་ནས་ཆིབས་བསྒྱུར་བསྐྱངས་ཏེ་བོད་མི་རིགས་ཀྱི་མགྲིན་ཚབ་པ་གནང་དགོས་པ་རེད། ཁོང་གིས་གནས་སྐབས་རིང་ ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཚབ་གནང་དགོས་པ་རེད།

    བཀའ་ཁྲི་ནི་མི་དམངས་ཀྱིས་མི་སྐྱ་ཞིག་འདེམ་དགོས་རྒྱུ་གལ་ཆེན་པོ་རེད། ཡིན་ཡང་། བློ་བཟང་སེང་གེ་ནི་ཆབ་སྲིད་པ་མ་རེད་ལ། ཉམས་ཞིབ་པའང་མ་རེད། ངོ་མ་ཡིན། ཁྱེད་ཚོ་ནོར་གི་ཡོད་པ་རེད། ཁོས་ཁྲིམས་ལུགས་ཀྱི་སྒང་ལ་སློབ་སྦྱོང་ཐོན་ཡོད་པ་བདེན་པ་རེད། སྐད་ཆ་བཤད་ན་ཡིན་མདོག་ཁ་བོ་ཡོད་པ་རེད། དེ་མ་གཏོགས་ཕར་འདེད་རྒྱུ་ཡོད་པ་མ་རེད། དེའི་ཁར་མི་གཟིགས་རྒྱང་ཅན་ཞིག་ཡིན་པའི་རྟགས་མཚན་འདྲ་མཐོང་གི་མི་འདུག ངའི་འདི་དག་མ་རེད་ལབ་ན། ཁྱེད་ཚོས་རེ་རེ་བྱས་ནས་སྒྲུབ་རོགས།

    ངས་བློ་བཟང་སེང་གེའི་སྟེང་ནས་བཀའ་ཁྲིའི་ཁྱད་ཆོས་ཅི་ཡང་མཐོང་གི་མི་འདུག འདི་ང་ཁོང་ལ་མ་དགའ་བ་དེ་འདྲའི་རྐྱེན་གྱིས་བཤད་པ་མིན།

    Reply
  23. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    རབ་བྱུང་ན་རྒྱལ་བ་ཀརྨ་བླུགས། །
    དེ་མིན་ན་བློ་བཟང་སེང་གེ་འདེམས། །
    མི་འདི་གཉིས་མིན་པའི་མི་ཞིག་གིས། །
    བོད་གངས་ཅན་བཀའ་ཁྲི་མི་ཉན་ལོ། །

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    སྐུ་ཞབས་པདྨ་ཚེ་དབང་ཤཱསྟྲི་ལགས་ཀྱི་དགོངས་ཚུལ་འདི་ཕན་རླབས་ཆེན་པོར་མཐོང་། ཡིན་ཡང་། མགོ་ནག་བོད་མི་ཡོངས་ཀྱིས་རེ་ཞིང་བསྒུག་པ་ནི་བོད་ཀྱི་གནད་དོན་ཐག་བཅད་ནས་༧གོང་ས་མཆོག་ཕྱིར་བོད་དུ་ཆིབས་བསྒྱུར་གནང་རྒྱུ་འདི་རེད། དེ་བས་མ་འོངས་པའི་བཀའ་བློན་ཁྲི་པ་དེར་བོད་ཀྱི་གནད་དོན་སེལ་ཕྱོགས་དང་། ཡང་ན། བོད་དོན་བདེན་མཐའ་འདི་ཉིན་ཞིག་གསལ་ངེས་པའི་རེ་ལྟོས་ཀྱི་མེ་ཁ་དེ་མུ་མཐུད་དུ་གསོ་ཐུབ་པའི་བློ་སྟོབས་དང་གཟིགས་རྒྱང་རིང་པོ་ཞིག་ངེས་པར་དུ་དགོས་པར་འདོད། འདི་ནི་བོད་མི་རིགས་ཀྱིས་འཚོལ་ངེས་པའི་བཀའ་ཁྲི་དེའི་གཞི་རྩའི་ཆ་རྐྱེན་རེད་འདོད།
    གཉིས་ཐད་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་སྤོས་དང་སྤོར་བཞིན་པ་རེད། སྤྱི་ཚོགས་གང་དུ་ཆགས་རུང་གང་ལྟར་བོད་པ་རང་གི་སྤྱི་ཚོགས་ཤིག་ཡིན་སྟབས། འདི་དག་ལ་སྒྲིག་འཛུགས་ཡོད་པ་དང་། ལྟ་རྟོག་བྱེད་པ། མི་རིགས་འདིའི་ལས་དོན་གྱི་ཁུར་མཉམ་ལེན་བྱེད་པ་བཅས་གང་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྣམ་པ་འདིར་འཛིན་སྐྱོང་གི་ཕྱོགས་ནས་སྲིད་བྱུས་གསར་པ་ཞིག་འདིང་དགོས་པར་འདོད།
    གསུམ། བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་འདི་མ་ནུབ་ན་བོད་མི་རིགས་འདིའང་མུ་མཐུད་འཚོ་གནས་བྱེད་ཐུབ་པའི་ཁར། སྐད་དང་རིག་གཞུང་ཐུན་མོང་མ་ཡིན་པར་ཡོད་པའི་མི་རིགས་ཁེར་གཙང་ཞིག་གི་ངོ་བོ་ནས་འགྱུར་མི་སྲིད་སྟབས། འདིའི་ཐད་ཤུགས་སྣོན་གསར་པ་ཞིག་རྒྱག་དགོས་ལ། འདིའང་བཀའ་ཁྲི་རྗེས་མ་དེའི་ཆ་རྐྱེན་ཞིག་ཏུ་འཇོག་དགོས་པར་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese