མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཚོལ་སྙེག

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་པ་པོ་གཞོན་རབས་པ་ཁག་ཅིག་གི་རྩོམ་ཡིག་ཕྱོགས་སྒྲིག་ << འཚོལ་སྙེག >> ཅེས་པའི་དཔེ་དེབ་དེ་སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༨ ཉིན་ཝཱ་ར་ན་སི་ས་གནས་སློབ་ཕྲུག་བུད་མེད་ཚོགས་པ་ནས་དཔར་སྐྲུན་འགྲེམས་སྤེལ་ཞུས་ཡོད་ལ། དཔེ་དེབ་དེའི་ནང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ལྕགས་མོ་འཚོ་དང༌། བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་ཚེ་རིང་སྐྱིད། བོད་ཀྱི་བང་ཆེན་གསར་ཁང་གི་གསར་འགོད་པ་གངས་ལྷ་མོ། རང་དབང་གི་རྩོམ་པ་པོ་གཟུངས་ཕྱུག་སྐྱིད། བཙུན་དགོན་སྒྲོལ་མ་གླིང་གི་དགེ་རྒན་ཆུ་སྐྱེས་སྒྲོལ་མ། ནོར་བུ་གླིང་ཁའི་ལས་བྱེད་ཉི་མ་འཚོ། ཝཱ་ར་ན་སི་མཐོ་སློབ་ཀྱི་སློབ་མ་གཅན་ཚའི་གཡང་ཕྱུག་དང་པདྨ་ཆོས་སྒྲོན། ས་རྭ་མཐོ་སློབ་ཀྱི་སློབ་མ་གཟུངས་འདུས་སྐྱིད་བཅས་བུད་མེད་རྩོམ་པ་པོ་ ༩ ཡིས་རྩོམ་གནང་མཛད་པའི་(རིགས་ཞེན་གྱི་འབོད་བརྡ)སོགས་སྲོལ་རྒྱུན་སྙན་རྩོམ་ ༣ དང༌། (ང་ནི་ཡུལ་གྱར་བ་ཞིག་ཡིན)སོགས་རང་མོས་སྙན་ངག་ ༩ ། (སྒྲོན་དཀར་འཚོའི་ལས་དབང)སོགས་བརྩམས་སྒྲུང་ ༣ ། (འཕྲིན་ལམ་ནས་མཇལ་བའི་སེམས་པ)སོགས་ལྷུག་རྩོམ་ ༤ ། (བུད་མེད་ཅིག་གི་མིག་གིས་བུད་མེད་ལ་ལྟ་བ)སོགས་འབོལ་རྩོམ་ ༧ བཅས་བསྡོམས་པའི་ཤོག་ངོས་ ༢༥༨ དང་། རྩོམ་ཡིག་ཁག་ ༢༤ ཙམ་བསྡུ་སྒྲིག་བདམས་བཀོད་བྱས་ཡོད།

 

<< འཚོལ་སྙེག >> ཞེས་པའི་དཔེ་དེབ་འདི་ནི་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་པ་པོའི་རྩོམ་ཡིག་ཕྱོགས་སྒྲིག་གི་དཔེ་དེབ་ཐོག་མ་དེ་ཆགས་ཡོད་ལ། བཙན་བྱོལ་བོད་པའི་སྐྱེས་མའི་རྩོམ་རིག་ལོ་རྒྱུས་སྟེང་གི་ཟིན་ཐོ་གསར་བ་དེའང་ཆགས་ཡོད། དཔེ་དེབ་དེའི་སྔོན་གླེང་དུ་རྩོམ་སྒྲིག་པ་པདྨ་ཆོས་སྒྲོན་ལགས་ཀྱིས་བརྗོད་དོན། བོད་མི་རྣམས་བཙན་བྱོལ་དུ་སླེབས་ཏེ། མི་ལོ་ལྔ་བཅུ་འཁོར་པའི་ད་ལོ་ནི་རང་རེ་གཞུང་དམངས་གཉིས་ནས་ཆེད་ལས་པ་དང༌། བུད་མེད་ནུས་འཇོན་ཅན་སྐྱེད་སྲིང་བྱ་དགོས་པའི་གལ་གནད་ལ་རྟོགས་སད་གསར་བ་བྱུང་པའི་ལོ་ཞིག་ཡིན་ལ། བུད་མེད་ཀྱི་ནུས་ཚད་མཐོར་འདེགས་ཀྱི་སླད་དུ་དཔལ་ལྡན་བཀའ་ཤག་གི་ངོས་ནས་གྲོས་ཆོད་དོན་ཚན་བརྒྱད་བཞག་ཅིང། དེ་དང་འབྲེལ་བའི་ཟབ་སྦྱོང་ཐེངས་འགར་བསྐངས་པ་སོགས། གཞུང་གི་གནང་ཕྱོགས་འདི་ལ་ང་ཚོས་རྒྱབ་སྐྱོར་དང་ང་ཚོ་བུད་མེད་རང་ངོས་ནས་མགོ་རྩོམ་པ་མཚོན་སླད། འདི་ག་ཝཱ་ར་ན་སི་ས་གནས་སློབ་ཕྲུག་བུད་མེད་ཚོགས་པའི་ངོས་ནས། ཐེངས་དང་པོར་བཙན་བྱོལ་བུད་མེད་རྩོམ་པ་པོ་དག་གི་རྩོམ་ཡིག << འཚོལ་སྙེག >> ཟེར་བ་འདི་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་ལ། གཞིས་བཞུགས་བུད་མེད་རྩོམ་པ་པོ་དཔལ་མོ་ལགས་ཀྱིས་ལས་ཁུར་བཞེས་བཞིན་པའི་ << བཞོ་ལུང་>>གཙོས་པའི་བྱ་བཞག་ལ་མཉམ་ལས་དང་ཕྱོགས་འདེགས་བྱེད་པ་མཚོན་ཐབས་ཤིག་ཀྱང་ཡིན། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

༢༠༢༣/༠༦/༠༢
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

༢༠༢༣/༠༦/༠༢
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡
Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

༢༠༢༣/༠༥/༣༡
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

༢༠༢༣/༠༥/༣༡

མཆན། 30

  1. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས། ངས་བོད་ཡིག་ལ་ལེགས་ཆ་ཧ་ཅང་མང་པོ་མཐོང་གི་འདུག
    ༡། ལོ་ངོ་སྟོང་ཕྲག་སོང་ཡང་ཡིག་གཟུགས་དང་སྒྲ་གདངས་སོགས་ལ་འགྱུར་བ་ཉུང་ངུ་ལས་སོང་མེད་པས། ཡིག་རྙིང་རྣམས་ཀྱང་དཀའ་ཚེགས་དེ་ཙམ་མི་དགོས་པར་གོ་ཐུབ།

    ༢། བོད་ཡུལ་གང་དུ་སོང་ཡང་ཡི་གེ་གཅིག་པ་ཡིན་པས་ཡིག་ཐོག་ནས་གོ་བརྡ་འཕྲོད་བདེ།

    ༣། མིང་ཚིག་གསར་པ་ཅི་འདྲ་ཞིག་བཟོ་དགོས་བྱུང་ཡང་ཡིག་གཟུགས་གསར་པ་བཟོ་མི་དགོས་པར་དབྱངས་གསལ་སོ་བཞིས་འཐུས་པས་སྟབས་བདེ།

    ༤། སྒྲ་གདངས་ཕུན་སུམ་ཚོགས་པས། ཕྱིའི་སྐད་ཡིག་སྦྱོང་བར་དཀའ་ཚེགས་ཆུང་། འོན་ཀྱང་སྒྲ་གདངས་ཚང་མ་བོད་སྐད་ནང་ལྡན་པ་ཞིག་མ་རེད། དཔེར་ན། དབྱིན་ཚིག་
    F དང་P དེ་བཞིན་ Vདང་W སོ་སོའི་སྒྲ་གདངས་མ་འདྲེས་པར་འདོན་པར་བོད་མིར་དཀའ་ངལ་ཅུང་འདུག དེ་རྒྱ་གར་སོགས་ནས་ཧ་གོ་དཀའ། དབྱིན་ཡུལ་དུ་དབྱིན་ཡིག་སྦྱོང་དུས་སྒྲ་དེ་ཚོའི་རྣམ་དབྱེ་ཧ་ཅང་གསལ་བས་ཤེས་ཀྱི་འདུག

    དེ་ཚོ་གློ་བུར་དུ་དྲན་པ་རྣམས་ཡིན། ངས་ང་ཚོའི་སྐད་ཡིག་གི་ཞན་ཆ་བཤད་དོན་ནི། བཟང་ཆ་བཤད་མཁན་མང་བས་ཡིན། བོད་ཀྱི་མཁས་པ་ཞིག་གིས། བསྟོད་པའི་བོང་བུར་བཞོན་དྲགས་ན།། རྐང་མཐིལ་ས་ལ་ཐུག་ཡོང་ངོ་།། ཞེས་གསུངས་ཡོད། རྒྱལ་བ་དོན་གྱི་བདག་པོས་ཀྱང་། བཟང་ཆ་གཞན་ཚོར་ཤོད་དུ་ཆུགས། ང་ཚོས་སྐྱོན་ཆ་བཤད་ཅེས་གསུངས་འདུག

    ངས་བོད་ཡིག་དང་ཧིན་དི། དབྱིན་ཇི། རྒྱ་སྐད་བཅས་ཐ་ནེ་ཐུན་ནེ་མང་པོ་ཞིག་ཤེས། འོན་ཀྱང་ཡིག་སྒྱུར་འཇོན་ས་མ་རེད། དེ་མིན་གང་འཇོན་འཇོན་ཞིག་བྱས་དང་བྱེད་བཞིན་པའི་ཁུལ་ཡིན།

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    སྤོབས་པ་མཐའ་ཡས་ལགས། རྟེན་འབྲེལ་བཟང་མོ་གཞིས་ཆགས་གང་ནས་ཡིན་མིན་མི་ཤེས། ན་ནིང་ང་ཨ་རིར་འགྲོ་སྐབས་ཁོང་ཨ་རི་ལ་གཞིས་ཆགས་ནས་འདུག མོ་རང་གིས་བྲིས་པའི་དེབ་དེ་འདྲ་ཞིག་ང་ལ་གནང་བྱུང་། དེ་སྔོན་གཞུང་ཞབས་ཡིན་ཟེར་གྱི་འདུག ཕལ་ཆེར་ཤེས་རིག་ལས་ཁུངས་ནང་ལ་ཕྱག་ལས་གནང་མྱོང་བ་འདྲ། ཁོང་གི་ཁྱོ་ག་དེས་ཀྱང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་གནང་མྱོང་ཟེར། དེས་ཀྱང་ཡིད་འཕྲོག་སྒྲུང་མཛོད་སོགས་ཁ་ཤས་བྲིས་འདུག ཁྱོ་གས་བྲིས་པ་དེ་ཚོ་དེ་ཙམ་ཡག་པོ་མི་འདུག

    གཞིས་ཆགས་བུད་མེད་རྩོམ་ཡིག་འབྲི་མཁན་གཅིག་ནི་བྷན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་ཨ་མ་དངོས་གྲུབ་ལྷ་མོ་རེད། ཁོང་ས་རཱ་ནས་ཐུག་མྱོང། རྩོམ་ཁ་ཤས་རྩམ་པ་དུས་དེབ་ཐོག་སྤེལ་འདུག དེ་དུས་ཧིན་དི་ནས་བོད་ཡིག་ཏུ་སྒྲུང་ཁག་ཅིག་བསྒྱུར་རྩིས་ཡོད་ཟེར།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    དྲ་གྲོགས་ལགས། ཁྱེད་ཀྱིས་གློ་བུར་དུ་གང་དྲན་པ་རྣམས་ཡིག་ཐོག་དུ་ཕབ་པ་དངོས་ནས་ཡག་པོ་རེད། འོན་ཀྱང་། སྐུ་ཉིད་ཀྱིས་བོད་ཀྱི་སྐད་ཡིག་ཞན་ཆ་མ་གཏོགས་བཟང་ཆ་གང་ཡང་མཐོང་གི་མི་འདུག་གམ། དཔེར་ན་བོད་ཀྱི་སྐད་ཡིག་ཁྲོད་ཀྱི་བཟང་ཆ་དེ་དག་སྐད་ཡིག་གཞན་གྱིས་ཁྲོད་དུ་རྙེད་མི་ཐུབ་པ་སྐད་གདངས་རེད། བོད་ཀྱི་སྐད་ཡིག་ཤེས་མཁན་ཞིག་གིས་སྐད་ཡིག་གང་ཞིག་སྤྱངས་ན་ཡང་སྒྲ་གདངས་དེ་ལྟར་དུ་བཤད་ཐུབ་ཀྱི་ཡོད་པ་དེ་ནི་བོད་ཀྱི་སྐད་ཡིག་གི་དྲིན་ལས་ཡིན་ནམ། ཡང་ན་གཞན་གྱིས་སྐད་ཡིག་དྲིན་ཡིན། འོ་ན། དེང་སང་མི་མང་བོ་ཞིག་གིས་བོད་ཀྱི་སྐད་ཡིག་སྤྱངས་ན་ཡང་སྐད་ཆ་བཤད་དུས་སུ་བོད་སྐད་དག་མ་བཤད་མི་ཐུབ་པའི་སྒྲ་གདངས་དེ་ནི་ཁོང་ཚོས་སྐད་ཡིག་གི་ཞན་ཆ་ཡིན་ནམ། འུ་ཅག་གི་སྐད་ཡིག་གི་ཞན་ཆ་རེད། དངོས་ནས་ཁྱེད་རང་གིས་སྐད་ཆ་ཁ་ཤས་ནི་རྒྱུ་མཚན་གཏན་ནས་མེད་པས་བཤད་མི་ཐུབ་ཀྱང་། སྐུ་ཉིད་ཀྱིས་རང་རིགས་ཡི་གེའི་འདིས་སྟེང་གི་ཞན་ཆ་མ་གཏོགས་ལེགས་ཆ་ཤེས་ཀྱི་མི་འདུག་དོན་གང་ཡིན། བོད་པ་ཞིག་གིས་སྐད་ཡིག་གཞན་ཞིག་སྤྱངས་པ་ཡིན་ན་ནི། གདངས་དེ་བཞིན་དུ་བཤད་ཐུབ་པ་ལ་དཀའ་ངལ་མེད་པ་འདི་ནི་བོད་ཀྱི་སྐད་ཡིག་གི་བཟང་ཆ་ཞིག་དུ་མི་འདོད་དམ། ང་ཚོ་ལ་ཐ་སྙད་གསར་བ་མང་བོ་ཞིག་གི་མ་འདངས་པར་བསྡད་ཡོད་པ་དེ་ནི་དངོས་ཡོད་ཡིན་ལ། དེ་དག་གིས་འགན་ཡང་ངེད་ཅག་གིས་འཁུར་དགོས་པ་ལས་ལེ་ཁག་འདྲི་ས་གང་ཡང་ལྷག་མེད་པ་རེད། གནའ་བོའི་དུས་ཀྱི་བོད་མི་ཚོས་འགྲིམ་འགྲུལ་སོགས་ཀྱི་སྟབས་བདེ་མེད་ཀྱང་དཀའ་ངལ་ལ་མ་འཛེམ་པར་སྐབས་དེའི་ཐ་སྙད་ཡོད་ཚད་བོད་སྐད་ཐོག་ལ་བསྒྱུར་བ་རེད། ད་ནི་ང་ཚོ་མི་རབས་གསར་བའི་དུས་འདི་ལ་འགྲིམ་འགྲུལ་བྱེད་མི་དགོས་པར་སྐད་ཅིག་མ་གཅིག་གི་རིང་དུ་ཕན་ཚུན་གྱི་གནས་ཚུལ་རྟོགས་ཐུབ་པའི་འདི་འདྲའི་སྟབས་བདེའི་དུས་རབས་ཤིག་དུ་སླེབས་ཡོད་ཀྱང་། ང་ཚོས་ཁ་སྤོབས་པོ་རེ་བཤད་དེ་རང་གི་སྐད་ཡིག་གི་འདང་གི་མེད་རབས་བཤད་དེ་བསྡད་པ་ཡིན་ན་ནི། འུ་ཅག་གི་ངོ་ཚ་དང་ཞབས་འདྲེན་ལས་སྐད་ཡིག་གི་གནད་དོན་མིན་པར་སྣང་། སྐུ་ཉིད་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ནི་ཉིད་ཀྱིས་སྐད་ཡིག་གཞན་གང་ཞིན་མཁྱེན་གྱི་ཡོད་ན་དེ་དང་འགྲོག་ནས་རང་གི་སྐད་ཡིག་ནང་དུ་ཐ་སྙད་གསར་བ་གཅིག་ཡིན་ཡང་བསྒྱུར་ཐུབ་པར་འབད་བརྩོན་བྱོས་དང་ད་གཟོད་བོད་ཀྱི་སྐད་ཡིག་གི་ཞབས་འདེགས་རེད། དུས་ཚོད་གང་ཡོད་དུ་སྐུ་ཉིད་ལ་བགྲོ་གླེང་བྱེད་འདོད་ཡོད་པ་ཐུགས་ལ་འཇོག་རོགས་ཞུ།

    Reply
  4. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ཁྱེད་ཀྱིས་བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་མེད་པ་ཞེས་པ་ནི། སྤྱོད་སྒོ་ཆུང་བར་བཤད་པ་འདྲ། དེང་སྐབས་བོད་ཀྱི་སྐད་ཡིག་གི་སྤྱོད་སྒོ་དངོས་གནས་ཆུང་ཆུང་རེད། སྤྱོད་སྒོ་ཆུང་དོན་ཅི་རེད། སྐད་ཡིག་རང་གི་སྤུས་ཚད་ཀྱི་སྐྱོན་རེད་དམ་དེ་བཀོལ་སྤྱོད་བྱེད་མཁན་གྱི་སྐྱོན་རེད། ཡང་ན་དེ་གཉིས་ཀའི་སྐྱོན་རེད། ངས་བལྟས་ན་དེ་གཉིས་ཀའི་སྐྱོན་རེད།

    སྐད་ཡིག་བཀོལ་མཁན་རང་ཅག་ལ་སྐྱོན་ཡོད་པ་དེ་ཚང་མས་ངོས་ཟིན་སླ་བས་འདིར་མི་འཆད། བོད་ཀྱི་སྐད་ཡིག་གི་སྐྱོན་བཤད་ན།

    དང་པོ་ཡིག་གཟུགས་རྙོག་འཛིང་ཆེ་བས་འབྲི་མི་བདེ།

    གཉིས་པ། བརྡ་སྤྲོད་ཀྱི་གཞུང་ལུགས་ཁ་གསལ་པོ་མེད་པ་དང་བཞེད་པ་མི་མཐུན་པ་མང་བས་མགོ་རྙོག་ཆེ།

    གསུམ་པ། ཡི་གེའི་གྲངས་དབྱངས་གསལ ༣༤ ལས་མེད་ཟེར་ཡང་། སྔོན་རྗེས་ལྡན་པ་དང་མི་ལྡན་པ། མགོ་འདོགས་ལྡན་པ་དང་མི་ལྡན་པ་སོགས་བརྩིས་ན་ཧ་ཅང་མང་། འོན་ཀྱང་རྒྱ་ཡིག་ལས་ཉུང།

    བཞི་པ། ཡིག་གཟུགས་ཐ་དད་ལ་སྒྲ་གཅིག་པ་དཔེར་ན། སྒ་དང་རྒ་ལྒ་ལྟ་བུ་དང་། སྒྲ་ཐ་དད་ལ་ཡིག་གཟུགས་གཅིག་པ་དཔེར་ན། མིང་ཚིག་སྐབས་ཀྱི་གྱོན་པ་དང་བྱ་ཚིག་སྐབས་ཀྱི་གྱོན་པ་ལྟ་བུ་རྙོག་ཟིང་ཆེ།

    ལྔ་པ། དུས་གསུམ་གྱི་རྣམ་གཞག་ལ་སྤྱི་བྱེ་བྲག་ཐོར་བུ་བཅས་མང་བར་མ་ཟད། དེ་དག་ལས་མང་པོ་ཞིག་ལ་སྤྱི་ཁྱབ་ཀྱི་རིགས་ལམ་སྤྱད་དེ་སྦྱོང་ཐབས་མེད་པས་དཀའ་ཚེགས་ཆེ།

    དྲུག་པ། སྐད་དང་ཡི་གེའི་དབར་ལ་བར་ཁྱད་ཆེ་ཞིང་། ཡུལ་ལུང་སོ་སོའི་སྐད་དང་སྐད་ཀྱི་དབར་ལའང་ཁྱད་པར་ཆེ།

    བདུན་པ། སྐད་ཡིག་འདིའི་ནང་ཆོས་དང་བོན་གྱི་ཆེད་སྤྱོད་མིང་ཚིག་ཕྱུག་པོ་ཡོད་ཀྱང་། ཆོས་ལུགས་གཞན་མང་པོའི་རྣམ་གཞག་དང་འབྲེལ་བའི་མིང་ཚིག་མེད། དེང་རབས་ཚན་རིག་སོགས་ཀྱི་མིང་ཚིག་ཀྱང་ད་ལྟ་ཉུང་ཤས་ལས་མེད། ཐ་ན་རང་ཡུལ་དུ་མི་རབས་ནས་མི་རབས་བར་ལག་ལེན་དུ་བསྟར་བའི་ཞིང་ལས་དང་འབྲོག་ལས་དང་འབྲེལ་བའི་ཡོ་བྱད་མང་པོ་ཞིག་གི་མིང་ཚིག་ཀྱང་ཐུན་མོང་དུ་བཀོལ་ཐུབ་པ་དང་གོ་ཐུབ་པ་ཉུང་། བོད་ཡུལ་གང་སར་སྐྱེས་པའི་རྩྭ་རྩི་ཤིང་གི་མིང་མང་པོ་ཞིག་ཀྱང་གཅིག་མཐུན་མེད།

    བརྒྱད་པ། སྒྲ་གདངས་ཀྱི་ཐད་ནས་ལེགས་པ་དང་སྣ་འཛོམས་པའི་སྐད་ཡིག་ཅིག་ཡིན་རུང་། ཡི་གེ་ཕྱེད་ཀྱི་སྒྲ་མི་ཐོན་པས། ཡུལ་ལུང་གཞན་གྱི་ས་མིང་དང་མི་མིང་སོགས་སྒྲ་རང་སོར་བཞག་སྟེ་འབྲི་སྐབས་ཇི་བཞིན་ཐོན་དཀའ་བ་མཐོང་གསལ་རེད།

    དེ་དག་ད་ལྟ་གློ་བུར་གང་དྲན་པ་རྣམས་ཡིན།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལགས། ཁྱེད་ཀྱིས་བཤད་པའི་གཞིས་ཆགས་ཨ་ཅག་ལགས་ཤིག་གིས་དེབ་ཅིག་དཔར་འགྲེམ་བྱས་ཡོད་པ་དེ་ངས་ཀྱང་དྲན་བྱུང་། ཡིན་ན་ཡང་དེབ་དེའི་མིང་ལ་སྙིང་སྡུག་བུ་མོའི་མཛའ་གླུ་ཟེར་བ་མ་རེད་དམ། ཨ་ཅག་ལགས་དེ་གཞིས་ཆགས་གང་ནས་རེད། མོན་དྲི་གྷོ་དྲི་ནས་རེད་དམ། ངས་ངོ་ཤེས་པའི་གཞིས་ཆགས་བུ་མོ་བོད་ཡིག་གི་རྩོམ་ཡིག་དམ་དུམ་འབྲི་ཤེས་མཁན་ཁ་ཤས་རེ་ཡོད།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    དེ་ནི་བོད་པ་རང་གི་ས་གནས་ཁོར་ཡུག་གིས་བོད་པ་རང་གིས་འགན་མ་བླངས་པ་ཞིག་ལས། གཞན་བོད་པ་ཚང་གི་སྐད་ཡིག་ལ་རིན་ཐང་མེད་སོང་བས་མ་རེད་ཟེར་ནས་བཤད་འདོད་བྱུང་། རང་གིས་རང་ལ་བདག་སྐྱོང་མ་བྱས་ན་མི་གཞན་གྱིས་དུས་རྟག་དུ་ཁོ་རང་ཚོས་དགོས་འཁོ་ལས་མི་གཞན་གྱིས་དགོས་འཁོ་ལ་ཞེ་དྲག་དོན་སྣང་མི་བྱེད་པ་ཡིན། དེ་ནི་ང་ཚོ་བོད་མི་དག་གིས་མ་འཇོན་པ་ཞིག་ལས། བོད་ཀྱི་སྐད་ཡིག་ལ་བཀོལ་སྤྱོད་མེད་པས་མ་ཡིན་ནོ།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    གལ་ཏེ་རང་གི་སྐད་ཡིག་གང་ཙམ་ཤེས་རུང་ཕྱིའི་སྐད་ཡིག་ཅིག་མ་ཤེས་ཚེ། དེས་ཕྱིའི་རིག་གཞུང་སོགས་ནང་འདྲེན་གྱིས་རང་གི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་སུ་གཏོང་བའི་ལས་དོན་བྱེད་མི་ཐུབ་པར་མ་ཟད། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་སྐྱོ་གནས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་སུ་རྩོམ་ཡིག་སོགས་ཀྱི་ལམ་ནས་ཁྱབ་སྤེལ་བྱེད་ཐབས་ཡོངས་སུ་བྲལ། ཐ་ན་དེང་སྐབས་བོད་གཞིས་བྱེས་གཉིས་ན་རང་ཉིད་སྨན་ཁང་དང་དངུལ་ཁང་ཙམ་ལ་འགྲོ་བར་ཡང་ཕྱི་སྐད་མ་ཤེས་ཚེ། རང་མགོ་མ་ཐོན་པར་གཞན་ལ་རེ་དགོས་པར་འགྱུར་བཞིན་པ་རེད།

    Reply
  8. དཀོན་མཆོག says:
    ལོ་ 14 སྔོན།

    གལ་ཏེ་མི་རིགས་རང་ཉིད་ཀྱི་སྐད་ཡིག་བྱང་ཆུབ་པ་ཞིག་མ་ཤེས་པར་དེས་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་སོགས་ཅི་ཙམ་ཤེས་ཀྱང་དེ་ལ་མཁས་པ་ཡིན་པ་ཙམ་ལས། དེས་མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་ཆ་རྣམས་བླངས་ཏེ་མི་རིགས་རང་གི་རིགས་གནས་ཡར་རྒྱས་གཏོང་བར་བྱས་རྗེས་འཇོག་རྒྱུའི་རེ་བ་བྲལ་བ་རེད།

    Reply
  9. བདེ་ཆེན་སྒྲོལ་མ། says:
    ལོ་ 14 སྔོན།

    གསལ་བཤད་ཐུང་ངུ༌།
    དྲ་གྲོགས་ཡོངས་ལ་ངེས་དགོས་པ་ཞིག་ནི་དེབ་ཀྱི་རྒྱབ་ཤོག་ངོས་ཀྱི་བུད་མེད་དེ་ཚོ་དེབ་ནང་གི་རྩོམ་པ་པོ་དག་གི་མཉམ་བསྒྲོན་འདྲ་པར་མ་རེད། དེ་ནི་ཝཱ་ཎའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ལྷན་རྒྱས་རེད། ཡིན་ནའང༌། རྩོམ་སྒྲིག་པ་དང་ལས་རོགས་རྣམས་པར་ངོས་འདིར་ཡོད་པ་རེད། ཐུགས་རྗེ་ཆེ།

    Reply
  10. བདེ་ཆེན་སྒྲོལ་མ། says:
    ལོ་ 14 སྔོན།

    བུད་མེད་རང་གི་རྩོམ་དེབ་འཚོལ་སྙེག་མི་ཡུལ་ལ་གསར་དུ་འཁྲུངས་བར་བཀྲ་ཤིས་བདེ་ལེགས་དང་རིག་ཡག་རྩོམ་སྒྲིག་མ་པདྨ་ཆོས་སྒྲོན་གྱིས་དབུ་ཁྲིད་པའི་ལས་གྲོགས་ཡོངས་་ལ་ཁ་མིན་སྙིང་ནས་ཐུགས་རྗེ་ཆེ་ཞུ།
    གཞན་དྲ་གྲོགས་ཚང་མ་རྩོམ་པ་པོའི་སྒང་ལ་ཟུག་འདུག་པ་ལས་རྩོམ་ཡིག་གིས་སྤྱི་ཚོགས་དང་མིའི་རིགས་ཀྱི་གནད་དོན་ཞིག་འབྲི་གི་ཡོད་མེད་ནས་གླེང་ན་ཅུང་རན་པར་འདོད།

    Reply
  11. རང་རྟོན། says:
    ལོ་ 14 སྔོན།

    གྲོགས་མོ་ཚོ།རྟེན་འབྲེལ་ཞུ།འུ་ཚོ་འི་མིའི་སྤྱིུ་ཚོགས་སུ་འདྲ་མཉམ་དང་ཐོབ་ཐང་རྩོད་ལེན་བྱེད་ན་ངེས་པར་དུ་ཤེས་ཡོན་གྱི་སྟེང་ནས་རྩོད་ལེན་བྱེད་དགོས་ལགས།དེའི་ཕྱིར་མུ་མཐུད་དུ་སྤེལ་ཤོག་ཡ་་་་་་་་་

    Reply
  12. བློ་བཟང་མཁྱེན་བརྩེ། says:
    ལོ་ 14 སྔོན།

    མ་རེད། ཁོ་ཚོའི་ནང་ན་ཡག་མ་གཅིག་ཀྱང་མེད། ངས་ཁོ་ཚོ་ཚང་མ་ངོ་ཤེས།

    Reply
  13. བདེ་འབྱུང་ says:
    ལོ་ 14 སྔོན།

    བུ་མོ་དེ་ཚོ་ཚང་མ་མཛེས་མ་རྐྱང་ཡིན་པ་འདྲ། ཆང་ས་མ་སྐྱོན་གོང་རང་གི་རྒྱལ་ཁབ་དང་མི་རིགས་ཆེད་རྩོམ་མང་ཙམ་འབྲི་ཐུབ་ན་ཡག་ཤོས་རེད། ཆང་ས་སྐྱོན་ཚར་ན་གོ་སྐབས་རེག་གི་མ་རེད། ཁྱིམ་ཚང་འཐུས་ཤོར་ལ་འགྲོ་གི་རེད། ཨ་མདོ་བུ་མོ་དེ་ཚོ་ངོ་མ་ཡག་པོ་འདུག སྙན་ངག་མཁས་པ་འདུག

    Reply
  14. བློ་བཟང་མཁྱེན་བརྩེ། says:
    ལོ་ 14 སྔོན།

    ང་ཁང་གསར་བའི་རྒྱུགས་ཁྱི་རེད་ཟེར་ན། ཁོ་དང་ངེད་གཉིས་ཟམ་གདོང་བླ་མའི་སྐོར་ནས་ལངས་ཕྱོགས་མ་མཐུན་པར་ཐེངས་མང་ཐུག་མྱོང༌། ངས་དྲ་ཐོག་འདི་ནས་ངོ་ཤེས་དང་མི་ཤེས་སུ་ལའང་རྒྱུགས་ཁྱི་བྱེད་དོན་མེད། མ་གཞི་ངའི་གཤིས་ཀ་ནས་རྒྱུགས་ཁྱི་ལ་མི་དགའ། ཨེ་གོ་ཐལ། ང་ཚོས་ནམ་ཡིན་ཡང་རང་བློར་མཐུན་དང་མི་མཐུན་གྱི་ཆ་ནས་རྩོད་པ་དང་ཤགས་འགྱེད་བྱེད་ཀྱིན་པ་ལས། གཞན་ཁྱོད་ཀྱིས་བསྟན་འཛིན་རིག་བཟང་ལ་དགག་པ་བྱས་དེར་ཡང་བསྐྱར་སོམས་དང༌། ངའི་སྐད་ཆའི་བདེན་མིན་དེ་ན་ཡོད།

    Reply
  15. བློ་བཟང་མཁྱེན་བརྩེ། says:
    ལོ་ 14 སྔོན།

    ཞབས་དྲུང་བ་ལགས། ང་ཁང་གསར་བའི་རྒྱུགས་ཁྱི་ཡིན་མིན་ཁྱོད་ལ་བབ་མེད་ཀི་ ངས་བཤད་པའི་གོང་གི་སྐར་ཆར་གནས་ལུགས་ཡོད་མེད་ཤོད་ན་བཤད་ཆོག་གི་རེད། ” འདས་པོ་ཟླ་བ་ནོར་བུ། ཚེ་རིང་ཤཱཀྱ་དང་འཇམ་དབྱངས་ནོར་བུ། བློ་བཟང་སེང་གེ་སོགས་ཁོ་ཚོ་ཚང་མས་བོད་ཡིག་ཡག་པོ་རང་ཤེས་གི་མེད་ཀྱང༌། བོད་དོན་ལག་འདྲ་ཕན་གི་འདུག ཁྱོད་ཚོས་ར་བཟི་ལྟ་བུའི་ཟིན་བྲིས་དང་མཆན་བུ་རེ་འདེབས་པལས་གཞན་ཅི་ཞིག་འཇོན་གི་ཡོད་ནཱ། “གསར་འབྱོར་བ་ཚོར་ཅི་ཞིག་གི་བྱས་རྗེས་ཡིད་ནཱ། དཔེ་དེབ་དང་རྩོམ་ཡིག་ཅི་ཞིག་བྲིས་ཡོད་ནཱ། ཁྱོད་ཀྱིས་ཀྱང་བསྟན་འཛིན་རིག་བཟང་གིས་༸རྒྱལ་བའི་གསུང་བསྒྱུར་ལ་ཁ་ག་ཚོད་ཅིག་བཏངས་མྱོང༌། འོ་ན་རྔ་བ་ཆོས་གྲགས་དང་དགེ་འདུན་རབ་གསལ་གཉིས་ཀྱིས་བསྒྱུར་ཆོས་ལ་ཅིག་ལྟོས་དང༌། ཚིག་དོན་གོ་བརྡ་མི་འཕྲོད་ཀྱང་སྐད་གྲགས་ཧ་ཅང་ཆེ་བའང་ཕྱོགས་ལྷུངགི་ཁྱབ་བསྒྲགས་བྱས་པ་ལས་གཞན་ཅི་ཞིག་རེད། འདི་ཚོ་ཁྱོད་ཀྱིས་མ་མཐོང་ངམ། ཁྱོད་ལའང་ཕྱོགས་ལྷུང་གི་ན་ཚ་ཆེན་པོ་ཞིག་ཡོད་པ་སུས་མི་ཤེས། ཁོ་རེ། སྒམ་མདོག་དང་མཁས་མདོག་ཧོན་རྡ་མ་བྱས་ན་བཟང༌། ཨ་ལགས་འཇིགས་མེད་དང་ཤེས་རིག་བཀྲ་དོན་གཉིས་ལ་ཁ་གཏོང་མཁན་ང་ལས་གཞན་མང་པོ་རེད་ལ། དོན་དུའང་དགོས་པཞིག་རེད།

    Reply
  16. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 14 སྔོན།

    བློ་བཟང་མཁྱེན་བརྩེ་ལགས། ཁྱེད་རང་ཁང་གསར་བའི་རྒྱུག་ཁྱི་ཡིན་ནམ། ཁོས་ག་རེ་བཤད་ནའང་རྒྱབ་སྐྱོར་བྱེད་པ་འདི་ཅི་རེད།

    བཙན་བྱོལ་བོད་མིའི་ནང་གི་ལེགས་ཤོས་དང་འཇོན་ཤོས་ཀྱི་གྲས་ཨ་ལགས་འཇིགས་མེད་དང་ཤེས་རིག་བཀྲ་ཤིས་དོན་འགྲུབ་སོགས་ཁང་གསར་བས་སྐྱོན་བརྗོད་བྱེད་སྐབས། ཁྱོད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་བྱས་སོང་། ད་ཡང་འདིར་རྒྱབ་སྐྱོར་བྱེད་ཀྱི་འདུག ངོ་ཚ་གི་མི་འདུག་གམ།

    Reply
  17. བློ་བཟང་མཁྱེན་བརྩེ། says:
    ལོ་ 14 སྔོན།

    དངོས་གནས་རེད། གསར་འབྱོར་འདི་ཚོས་བོད་ཡིག་འཁྱར་འཁྱོར་རེ་ཤེས་པ་དྲོད་ལ་ཁྱུག་གི་མེད་པ་འདྲ། དེ་ལས་གཞན་ཅི་ཞིག་ཤེས། ཁྱེད་ཚོས་བོད་ཡིག་གི་ཐོག་ནས་ག་རེ་འཇོད་ཡོད། འདས་པོ་ཟླབནོར་བུ། ཚེ་རིང་ཤཱཀྱ་དང་འཇམ་དབྱངས་ནོར་བུ། བློ་བཟང་སེང་གེ་སོགས་ཁོ་ཚོ་ཚང་མས་བོད་ཡིག་ཡག་པོ་རང་ཤེས་གི་མེད་ཀྱང༌། བོད་དོན་ལག་འདྲ་ཕན་གི་འདུག ཁྱོད་ཚོས་ར་བཟི་ལྟ་བུའི་ཟིན་བྲིས་དང་མཆན་བུ་རེ་འདེབས་པལས་གཞན་ཅི་ཞིག་འཇོན་གི་ཡོད་ནཱ། ད་དུང་གསར་འབྱོར་དང་གཞིས་ཆགས། གསར་འབྱོར་དང་རྙིང་འབྱོར་ཟེར་ནས། ངོ་ཚ་ཡ་མི་འདུག་ལོ།

    Reply
  18. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ངས་གདེང་འཇོག་བྱེད་སྐབས། ཡག་པོ་རེད་ལ་ཞབས་འདྲེན་ཡང་རེད་ཅེས་བཤད་ཡོད། ཡག་པོ་ཡིན་རབས་ཁྱེད་ཚོས་བཤད་བཞིན་པ་དེ་ཚོ་རེད། ཞབས་འདྲེན་ཡིན་སྟངས་ནི། ཕྱི་ལོ ༡༩༦༢ ལོ་ནས་བཟུང་ང་ཚོ་ཕོ་མོ་འདྲ་མཉམ་བྱས་ཏེ་ཡོང་བ་རེད། བུད་མེད་ཚོས་མ་འཇོན་པ་མ་གཏོགས་གོ་སྐབས་ཆ་ཚང་བྱུང་ཡོད་པ་རེད། གོ་སྐབས་དེ་འདྲའི་བཟང་པོ་ཡོད་བཞིན་དུ་དེ་རིང་གཞི་ནས་དེབ་འདི་འདྲ་ཞིག་བཏོན་ཐུབ་ཙམ་བྱུང་བ་དེ་ཞབས་འདྲེན་རེད་མ་གཏོགས་གཟི་བརྗིད་གང་ཡང་མ་རེད།

    བཙན་བྱོལ་ནང་སྐྱེ་འཚར་བྱུང་བའི་བུད་མེད་རྩོམ་ཡིག་འབྲི་མཁན་ཁ་ཤས་བྱུང་ཡོད་པ་རེད། དེའི་ནང་བོད་ཡིག་ཐོག་རྩོམ་ཡིག་སྤེལ་མཁན་ཡང་འགའ་ཤས་བྱུང་ཡོད་པ་རེད། དེའི་ནང་ནས་གཅིག་གི་མིང་སྨྲོས་ན། ཨ་རིར་བཅའ་སྡོད་ན་མེ་བླ་ཁང་རྟེན་འབྲེལ་བཟང་མོར་ཆ་བཞག་ན། བོད་ཡིག་ཐོག་རྩོམ་ཡིག་བྲིས་པར་མ་ཟད། སྙིང་སྡུག་མཛའ་མོ་དྲན་གླུ་ཞེས་པའི་སྙན་རྩོམ་གྱི་དེབ་གཅིག་ཀྱང་བཏོན་ཡོད་པ་རེད། དེབ་དེའི་ནང་བུད་མེད་གཞན་མང་པོས་སེམས་ནང་བསམས་ཀྱང་ཁ་ནས་འདོན་མི་ནུས་པ་མང་པོ་དམར་རྗེན་དུ་བྲིས་འདུག གཙོ་བོ་འཛོར་པོའི་རིགས་རེད། གསར་འབྱོར་བ་ཚོ་གཞན་ལ་སྐྱོན་འདོགས་ཀྱི་སྐད་ཆ་མ་བཤད་གོང་ལྟ་རྒྱ་ཆེ་ཙམ་བྱེད་དགོས་པ་གལ་ཆེ།

    Reply
  19. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    དེབ་དེའི་ནང་གི་རྩོམ་ཡིག་ཁག་ལ་དམིགས་བསལ་གྱི་ཁ་ཕྱོགས་འདྲ་ཅང་འདུག་གམ། ཡང་ན་ཅི་དྲན་གང་དྲན་བྲིས་པ་རེད་འདུག

    Reply
  20. བཀྲ་ཤིས་རྒྱ་མཚོ says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལགས་ཁྱོད་ཀྱི་བཤད་སྟངས་དེ་དེ་ཙམ་ཐལ་དྲགས་པའི་སྐྱོན་འདུག་བསམ ། རྩམ་པ་རྫིས་ནས་ཟོ་སྐད་ཆ་བསམ་ནས་ཤོད །

    Reply
  21. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དཀོན་མཆོག་ལགས།
    དེ་འདྲའི་མིང་ཚིག་ངན་པ་བེད་སྤྱོད་མ་གནང་རོགས། བཙན་བྱོལ་ནང་གི་བུད་མེད་ཚོ་ཡག་པོ་འདུག་དཱ།

    Reply
  22. དཀོན་མཆོག says:
    ལོ་ 14 སྔོན།

    གྲོགས་ཁང་གསར་རྡོ་རྗེ་ལགས། བཙན་བྱོལ་ནང་དུ་མཚར་ལོངས་བྱུང་བའི་ཁྱི་མོ་དག་གིས་བོད་ཡིག་རང་རྐྱ་འཕེར་བ་ཞིག་ཕར་ཞོག་བོད་སྐད་ཀྱང་གཙང་མ་ཞིག་བཤད་མི་ཤེས་པར་རྩོམ་པ་པོ་བྱུང་མི་སྲིད་བ་རེད།

    Reply
  23. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལགས།
    འདི་ཞབས་འདྲེན་ཨེ་ཡིན་བསམ། བཙན་བྱོལ་གྱི་བོད་རིགས་བུད་མེད་རྩོམ་འབྲི་བ་ཚང་མ་སླེབས་རྒྱུར་ཐོག་མའི་ཆ་ལ་འབད་པ་བྱས་ཡོད་པ་འདྲ།
    འོན་ཀྱང་། དབྱིན་རྩོམ་རེག་མི་འདུག རྒྱ་ཡིག་གི་རྩོམ་ཁ་ཤས་ཤིག་རེག་པ་དེ་ཚོ་ཅུང་ཙམ་ཚད་གཞིའི་ལོངས་མེད་པའམ་ཡང་ན་གཅིག་གཉིས་ཤིག་ལས་བྱུང་མེད་པ་འདྲ།
    བཙན་བྱོལ་ཏུ་འཚར་ལོངས་བྱུང་བ་ཚོའི་ནང་ན་དབྱིན་ཡིག་གི་ཐོག་ལ་རྩོམ་སྤེལ་མཁན་ཁ་ཤས་ཡོད་པ་དེ་བདེན་པ་རེད། དཔེར་ན་། དོམ་པ་ཚེ་རིང་དབང་མོ་དང་བསྟན་འཛིན་བདེ་སྐྱིད་སོགས་དབྱིན་རྩོམ་འབྲི་མཁན་ཁ་ཤས་ཡོད། འོན་ཀྱང། ཁོང་ཚོར་བོད་ཡིག་གི་ཐོག་ནས་རྩོམ་སྤེལ་ཐུབ་རྒྱུའི་རྨང་གཞི་མི་འདུག་སྙམ། དེར་བརྟེན། དབྱིན་རྩོམ་དེ་ཚོ་མ་སླེབས་པ་དང་མ་བྱུང་བ་ཡིན་ཙང་། བཙན་བྱོལ་ཏུ་འཚར་ལོངས་བྱུང་བའི་བུད་མེད་རྩོམ་པ་པོ་ཚོ་འདིར་སླེབས་མེད་པ་འདྲ། དེ་ནས་བཙན་བྱོལ་ཏུ་འཚར་ལོངས་བྱུང་སྟེ་བོད་ཡིག་ལམ་ནས་རྩོམ་རེ་གཉིས་སྤེལ་མཁན་ཡོད་ན། དེ་ཚོ་སླེབས་མེད་པ་དེ་ཡང་བདེན་པ་རེད། དེ་ཚོ་འདིར་གསལ་ཁ་ཞིག་བཏོན་རོགས། མ་རེད་དམ། བཙན་བྱོལ་ཏུ་འཚར་ལོངས་བྱུང་སྟེ་བོད་ཡིག་གི་ལམ་ནས་རྩོམ་འབྲི་མཁན་བུད་མེད་རེ་ཟུང་ཡོད་པ་རེད་ཟེར་བ་དེ་ཡང་དགའ་འོས་བ་ཞིག་རེད། སྤྱིར་འཚོལ་སྙེག་གི་ངོས་སུ་བུད་མེད་རྩོམ་འབྲི་བ་ཇི་སྙེད་ཅིག་ཡོད་པའི་ཁྲོད་ནས་འགའ་ཤས་མ་གཏོགས་སླེབས་མི་འདུག་ལ་ཡོད་པ་དེ་ཚོ་ནི་ཕལ་ཆེར་དྲག་ཤོས་དེ་ཚོ་རེད་ལབ་ན་ཡང་མི་འགྲིག་པ་ཆེར་མེད་སྙམ། གང་ལྟར། ལས་དོན་འདིའི་རིགས་ནི་ཞབས་འདྲེན་མ་རེད་ཞུ་བ་ཡིན།

    Reply
  24. འབྲོན་རྩེ་རྒྱལ་ says:
    ལོ་ 14 སྔོན།

    དེང་དུས་བོད་ཀྱི་བུ་མེད་ཚོས་རང་གི་མི་རིགས་ཀྱི་ཁྱེད་དུ་ལེཌ་སྐྱེས་ཕུལ་བ་དེ་སྙིང་
    ནས་ཐུགས་རྗེ་ཆེ་ཞུ།།

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    བཙན་བྱོལ་གི་ཞི་མོ་ཆ་བོ་ཕྲུག་གུ་ཆུང་ཆུང་ཞིག་སྐྱེས་པར་དགའ་བསུ་དང་འབྲེལ་རྗེས་སུ་བདག་སྐྱོང་ཡག་པོ་གནང་རོགས་ཅེས་འབོད་སྐུལ་ཞུ།

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    འདི་འདྲ་ཞིག་ད་ལྟ་བཏོན་ཐུབ་ཙམ་བྱུང་བ་འདི་ཡག་པོ་རེད་ལ་ཞབས་འདྲེན་ཡང་རེད།

    གོང་གསལ་བུད་མེད་རྩོམ་པ་པོ་ཚོའི་མིང་ལ་བལྟས་ན། ཚང་མ་གསར་འབྱོར་ཤ་སྟག་ཡིན་ས་རེད། བཙན་བྱོལ་ནང་སྐྱེ་འཚར་བྱུང་བའི་བུད་མེད་རྩོམ་པ་པོ་གཅིག་གི་རྩོམ་ཡིག་ཀྱང་བཀོད་མེད་པ་འདྲ། དེ་སྐྱོན་ཆེན་པོ་རེད། བཙན་བྱོལ་ནང་སྐྱེས་པ་དང་འཚར་བའི་བུད་མེད་ནང་བོད་ཡིག་ཐོག་རྩོམ་ཡིག་འབྲི་མཁན་ཁ་ཤས་ཡོད་པ་དེ་ཚོའི་རྩོམ་མཉམ་དུ་འགོད་ཐུབ་ན་ད་གཟོད་བཙན་བྱོལ་བུད་མེད་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས་ཆ་ཚང་བ་ཞིག་ཆགས་ངེས་རེད།

    དེབ་ཀྱི་མིང་ལ་བལྟས་ན། དེ་ཙམ་གོ་རྒྱུ་མི་འདུག ལྷག་པར་མིང་དེར་བལྟས་པ་ཙམ་གྱིས་རྒྱ་ཡིག་གི་ཤན་ཞུགས་པའི་རྣམ་པ་ཤུགས་ཆེན་པོ་འདུག་པ་མ་གཏོགས། དམིགས་བསལ་བུད་མེད་དང་འབྲེལ་བ་ཅང་མི་འདུག་སྙམ། བཞོ་ལུང་ལྟ་བུར་མཚོན་ན། བོད་ཀྱི་ཁྱད་ཆོས་དང་བུད་མེད་ཀྱི་གནས་བབས་ཀྱང་མཚོན་པས་ལེགས།

    Reply
  27. བློ་བཟང་མཁྱེན་བརྩེ། says:
    ལོ་ 14 སྔོན།

    སྐྱེས་མ་ཚོར་རྟེན་འབྲེལ་ཞུ། ལས་དོན་གང་ཞིག་ཡིན་རུང་རྒྱུན་བསྲིང་རྒྱུ་ཧ་ཅང་གལ་ཆེ་བས་མཐུ་མཐུད་ནས་འབད་བརྩོན་གནང་རོགས་ཞུ།

    Reply
  28. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    འཚོལ་སྙེག་སྐོར་གྱི་འཕྲིན་ཡིག་དེ་འབྱོར་བ་དང་ཕྱོགས་མཚུངས་བར་དྲ་རྒྱའི་སྒང་ལ་ཡང་གནས་ཚུལ་དེ་སླེབས་འདུག
    འདི་ནི་དགའ་འོས་བ་ཞིག་རེད། རྩོམ་སྒྲིག་པས་གསུངས་བར་གཞིགས་ན།
    ཐོག་མར་ཁོང་ཚོས་བཙན་བྱོལ་ནང་གི་བོད་ཡིག་བུད་མེད་རྩོམ་འབྲི་བ་གཅིག་པོ་མ་ཡིན་པར་། དབྱིན་ཡིག་དང་རྒྱ་ཡིག་གི་ཐོག་ལ་རྩོམ་ཡིག་སྤེལ་མཁན་རྣམས་ཀྱི་རྩོམ་ཡང་སླེབས་ཐུབ་རྒྱུར་བསམ་བློ་བཏང་འདུག འོན་ཀྱང་། དབྱིན་ཡིག་དང་རྒྱ་ཡིག་གི་ཕྱོགས་དེ་རྒྱུ་རྐྱེན་སྣ་མང་ཞིག་གི་དབང་གིས་ཡོང་མི་འདུག གང་ལྟར། ཐོག་མའི་ཆར་དེ་ལྟ་བུའི་བསམ་བློ་ཞིག་འཁོར་བ་ཙམ་གྱིས་ཀྱང་ཧ་ཅང་རླབས་ཆེན་རེད། བཙན་བྱོལ་བུད་མེད་རྩོམ་འབྲི་བ་ཚོའི་རྩོམ་འབྲིའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་བར་མ་ཟད་ཕྱག་ལས་འདི་གནང་མཁན་ཚོར་ཡང་ཐུགས་རྗེ་ཆེ་ཞུ་འདོད་བྱུང།

    Reply
  29. སྲེད་མེད་ཀྱི་བུ། says:
    ལོ་ 14 སྔོན།

    ཁ་བ་གངས་ཅན་གྱི་བུད་མེད་ཚོའི་སྙིང་སྟོབས་དགུང་ལ་བསྟོད།

    Reply
  30. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    དགའ་བསུ་དང་བསྔགས་བརྗོད་ཡོད། ལས་ཀ་མགོ་བརྩམས་རྒྱུར་དེ་འདྲའི་དཀའ་ལས་མེད་པ་རེད། མཇུག་སྐྱོང་རྒྱུ་དེ་ནི་དེ་འདྲའི་ལས་སླ་བོ་ཞིག་མེད་པ་རེད། དེ་དག་སེམས་སུ་བཟུང་དེ་ཧུར་ཐག་བྱེད་རོགས་ཟེར་ནས་འབོད་སྐུལ་ཞུ་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist