མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་ལུས་ཤེས་ཡོན་པ་ཚོའི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཤས་གོང་ང་རང་དྲ་ཐོག་ནས་བོད་ནང་གི་སྒྱུ་རྩལ་བ་ཞིག་མཉམ་དུ་གླེང་མོལ་བྱུང་ལ། སྐབས་དེར་ཁོང་གིས་བརྗོད་དོན། ད་ལྟའི་གནས་སྐབས་འདི་འདྲ་ཞིག་ལ་མིག་བཙུམ་ནས་སྡོད་དམ་འུར་བརྒྱབ་ནས་འགྲོ། ཁུ་སུམ་མེར་བསྡད་ན་བོད་མི་ཚོས་བརྡར་མ་ཞེས་འབོད་ཀྱིན་འདུག་ལ། འུར་ལངས་ནས་ཆབ་སྲིད་ཀྱི་མདུང་རྩེར་ལངས་ན་ཁ་བྲལ་བ་ཞེས་ཁྲིམས་འགལ་གྱི་ནག་ཉེས་གཡོག་གིན་འདུག མ་གཞི་བཙོན་དུ་སོང་ནས་ཉི་མ་སྐྱེལ་དགོས་པ་དེ་དཀའ་ཚེགས་ཆེན་པོ་ཞིག་མ་རེད་ལ། མི་རིགས་འདིའི་ཤི་གསོན་གྱི་ཆེད་དུ་དེ་ལྟ་བུའི་བློས་གཏོང་གི་འདུན་པ་ཡང་ཡོད། ཡིན་ན་ཡང་མི་རིགས་ཀྱི་སློབ་གསོའི་ཐད་ལ་ལེགས་སྐྱེས་རེ་འབུལ་རྒྱུ་དང་མི་རིགས་སློབ་གསོའི་བྱ་བཞག་ལ་ཁུར་ལེན་དགོས་པ་ནི་བོད་ཀྱི་ཤེས་ཡོན་པ་ཚོའི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་རེད་བསམ་གྱིན་ཡོད། བརྡར་མ་ཞེས་བོས་ན་འགྲིག་ལ་ཁ་བྲལ་བ་ཞེས་བཙོན་དུ་བཅུག་ན་ཡང་འགྲིག ཡིན་ཡང་འདི་དག་ལས་གལ་ཆེ་བའི་ལེགས་སྐྱེས་ནི་འདི་ལྟར་མུ་མཐུད་དུ་འཚོ་དགོས་པ་རེད་བསམ་གྱིན་ཡོད། ཅེས་གསུངས་བྱུང་ལ། ཁོང་གིས་མུ་མཐུད་བརྗོད་དོན། ཉིན་ཤས་སྔོན་ཧྥ་རན་སིའི་བུད་མེད་ཅིག་གིས་བོད་མི་ཤེས་ཡོན་པ་ཚོ་འདི་ལྟ་བུའི་གཉའ་གནོན་དང་མུན་ནག་ཅིག་གི་ནང་དུ་སྨྱོ་མཁན་མེད་པ་ཡ་མཚར་བ་ཞིག་རེད་ཟེར། རང་དབང་དང་འདྲ་མཉམ། དམངས་གཙོ་བཅས་ཀྱི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་མི་ཚོས་བོད་ནང་གི་གནས་སྟངས་ངོ་མ་ཤེས་རྒྱུ་ཧ་ཅང་ཁག་པོ་རེད་ལ། གནས་ཚུལ་ངོ་མ་ཤེས་རྗེས་ཡ་མཚར་གྱིན་འདུག ཅེས་གསུངས་བྱུང་། ཡང་ཁོང་གིས་གྲོང་ཁྱེར་ཟི་ལིང་དུ་ཡོད་པའི་བོད་རིགས་ཚོའི་གནས་སྟངས་སྐོར་ངོ་སྤྲོད་ཞུས་དོན། ཟི་ལིང་གྲོང་ཁྱེར་དུ་མདོ་དབུས་ཁམས་གསུམ་གྱི་ལས་བྱེད་དང་ཚོང་པ་སོགས་ཁྱོན་བསྡོམས་བོད་མི་ཁྲི་གཉིས་ལྷག་ཡོད་ཀྱང་། དེ་དག་གི་བྱིས་པ་རྣམས་ལ་བོད་ཡིག་སྦྱོང་སའི་སློབ་ཆུང་ཞིག་ཀྱང་མེད་པ་མ་ཟད། ཕ་མ་དང་བུ་ཕྲུག་གི་བར་དུ་སྐད་བསྒྱུར་དགོས་པའི་གནས་ཚུལ་ཡང་འབྱུང་གིན་འདུག འདི་ལྟར་བོད་རིགས་ཁྲི་གཉིས་ལྷག་ཡོད་སའི་ཟི་ལིང་གྲོང་ཁྱེར་དུ་བོད་ཡིག་སྦྱོང་སའི་སློབ་ཆུང་ཞིག་ཀྱང་མེད་པ་ནི་ཡིད་སྐྱོ་བ་ཞིག་རེད་ལ། རྒྱ་ནག་གི་གྲོང་ཁྱེར་གཞན་དུ་ཡོད་པའི་བོད་མི་དང་བོད་སྐད་ཡིག་གི་གནས་སྟངས་གང་འདྲ་ཞིག་ཏུ་གྱུར་ཡོད་དམ། འབྱུང་འགྱུར་བོད་མི་རིགས་ཀྱི་མི་རབས་གསར་བ་རྣམས་གང་འདྲ་ཞིག་ཏུ་འགྱུར་སྲིད་དམ། འདི་ནི་དུས་རྒྱུན་དུ་བདག་ལ་མནར་གཅོད་གཏོང་བྱེད་ཅིག་རེད། ཅེས་གསུངས་བྱུང་།

    ཁོང་གིས་རང་གི་ཕྱག་ལས་སྐོར་ནས་གསུངས་དོན། བོད་སྐད་བརྙན་འཕྲིན་དག་ནི་མགོ་སྐོར་གཏོང་བྱེད་དང་ས་མིག་མ་སྟོང་ཙམ་རེད། བོད་སྐད་བརྙན་འཕྲིན་སྐད་བསྒྱུར་ལྟེ་གནས་ཁང་སོགས་སུ་གློག་བརྙན་གང་ཞིག་བོད་སྐད་དུ་བསྒྱུར་འདོད་པ་དང་ཡང་ན་གང་ཞིག་རང་མི་རིགས་ཀྱི་འཚོ་བ་དང་བསམ་བློར་ཐག་ཉེ་ཡོད་པ་རྣམས་སྲིད་གཞུང་གི་བཀའ་མེད་པར་བསྒྱུར་མི་ཆོག་པ་མ་ཟད། ལྷ་སྒྲུང་དང་ལོ་རྒྱུས་འཁྱོགས་བརྗོད་སོགས་དུས་རབས་ཉེར་གཅིག་གི་མི་རྣམས་ཀྱིས་ལྟ་མི་འདོད་པ་རྣམས་བོད་སྐད་དུ་བསྒྱུར་ཏེ། བོད་མི་རྣམས་ཀྱི་སེམས་ཁམས་དང་སློབ་གསོ་ལ་དེ་ལྟ་བུའི་འཁྱོགས་བརྗོད་དང་ལྷ་སྒྲུང་གིས་བསླུ་བྲིད་ཐེབས་སུ་བཅུག་ཡོད། ཅེས་གསུངས་བྱུང་།

    དེ་བཞིན་ཀྲུང་གོའི་དེང་རབས་སྙན་ངག་གི་ཚབ་མཚོན་མི་སྣ་བཅུའི་ཁྲོད་ཀྱི་བོད་ཀྱི་ན་གཞོན་སྙན་ངག་པ་ཞིག་གིས་བརྗོད་ན། རང་དབང་ལུང་པར་བྲོས་བྱོལ་དུ་ཡོང་འདོད་ནི་སྐར་ཆ་གཅིག་ལ་ཡང་འགོག་ཐབས་ཤིག་མི་འདུག་ཟེར་ལ། ཁོང་གིས་རང་གི་གནས་སྟངས་སྐོར་གསུངས་དོན། ང་ཚོ་ནི་མི་ལུས་བླངས་པ་ཙམ་ལས་དུད་འགྲོ་དང་ཁྱད་མི་འདུག ཐ་ན་རང་གི་སྨྱུག་རྩེ་ནས་ཐོན་པའི་བརྩམས་ཆོས་ཀྱང་རང་ཉིད་ལ་མི་དབང་བས། འདི་ལྟ་བུའི་གནོན་ཤུགས་ཀྱི་འོག་ནས་འཚོ་བ་རོལ་རྒྱུ་ནི་ཧ་ཅང་ཁག་པོ་འདུག སྲིད་གཞུང་གིས་ངའི་གློག་ཀླད་གཏོར་ནས་ནང་དུ་ཡོད་པའི་ཡིག་ཆ་དང་བརྩམས་ཆོས་ཚང་མ་ཁྱེར་སོང་ལ། ཟླ་གཅིག་ལྷག་ལ་བཀག་ཉར་བྱས་རྗེས་གློད་བྱུང་། ཡིན་ན་ཡང་བོད་ཀྱི་ལས་དབང་མཚོན་པའི་བརྩམས་ཆོས་མང་པོ་ཞིག་ཕྱིར་སྤྲད་མ་སོང་ལ། ད་དུང་རྒྱ་ཡིག་གི་ཟིན་བྲིས་ཚང་མ་གསུབ་སོང་བ་མ་ཟད། ད་ནས་བཟུང་རྒྱ་ཡིག་གི་ཟིན་བྲིས་སུ་འཛུལ་མི་ཐུབ་པ་བཟོས་འདུག ཅེས་གསུངས་བྱུང་། ངས་ཁོང་ལ་ཁོང་གི་རྒྱ་ཡིག་ཟིན་བྲིས་མེད་པར་བཏང་བའི་རྒྱུ་མཚན་དྲིས་སྐབས། ཁོང་གིས་བརྗོད་རྒྱུར། རྒྱ་ཡིག་ཟིན་བྲིས་བརྒྱུད་རྒྱ་རིགས་དྲ་གྲོགས་མང་པོར་བོད་ཀྱི་དོན་དངོས་ངོ་སྤྲོད་བྱ་ཐུབ་ལ། རྒྱ་རིགས་ཤེས་ཡོན་པ་དང་སྨྱུག་འཛིན་པ་མང་པོས་བདེན་པ་ཞིག་རྙེད་ཐུབ་གི་ཡོད། ཡིན་ཡང་ད་ནི་འབྲེལ་ལམ་འདི་ཡང་གཏན་དུ་བཅད་སོང་། འདི་ལྟ་བུའི་མཐོང་ཆུང་དང་སེམས་ཁམས་ལ་རྒོལ་བའི་སྲིད་ཇུས་འདིར་ངོ་རྒོལ་གནང་ཐབས་མི་འདུག ཅེས་བརྗོད་བྱུང་།  

               གསར་འགོད་པ། ཚེ་རིང་སྐྱིད།

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༣ སྔོན་ལ།
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

༢༠༢༦/༡༡/༠༦
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥

མཆན། 2

  1. ཁ་བ་དཀར་པོ། says:
    ལོ་ 18 སྔོན།

    སྙིང་རྗེ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    སེམས་བསམ་པའི་ན་ཟུག་ཕྱི་ལ་བསྒྲགས་ཀྱང་། ཕྱི་རང་དབང་ཡུལ་གྱི་བོད་མི་དག་གིས་ཁོང་ཚོས་ཆེད་དུ་ག་རེ་བྱེད་ཐུབ་ཀྱི་ཡོད་མེད་དེའི་ཐད་དུ་འདང་རེ་རྒྱག་དགོས་ཀྱི་ཡོད་པ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese