མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཟླ་ ༤ ཚེས་ ༡༣ ཉིན་ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་པ་ཙ་ཡུས་སྐལ་བཟང་རྒྱ་མཚོ་བླ་བྲང་ནས་ཀན་ལྷོར་འགྲོ་བའི་ལམ་བར་གྱི་སྤྱི་སྤྱོད་རླངས་འཁོར་ནས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

  

ཙ་ཡུས་སྐལ་བཟང་རྒྱ་མཚོ་ནི། སྔར་ལོའི་ཟླ་ ༤ ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་བླ་བྲང་དགོན་པར་རྟོག་ཞིབ་ཏུ་ཡོང་སྐབས། བླ་བྲང་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་ཕྱར་བཞིན་གསར་འགོད་པ་དེ་དག་གི་སྔོན་ཏུ་བརྒྱུགས་ཏེ། ང་ཚོར་རང་དབང་དགོས། ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས། ཞེས་ངོ་རྒོལ་སྐད་འབོད་བྱེད་མཁན་གྲས་ཡིན་འདུག ཐེངས་འདིར་ཙ་ཡུས་སྐལ་བཟང་རྒྱ་མཚོ་རྒྱ་ལག་ཏུ་ཚུད་དོན། སྔར་ལོའི་དོན་རྐྱེན་རྗེས་ཟླ་བ་མང་པོར་ཉེན་གཡོལ་བྲོས་བྱོལ་དུ་ཕྱིན་ཡོད་ཀྱང། ཉེ་ཆར་ཁོང་གི་གཉེན་ཉེ་གྲྭ་བ་རྒན་པ་ཞིག་ལ་སྙུང་གཞི་ལྕི་མོ་ཞིག་ཕོག་ཡོད་སྟབས། གསང་སྟབས་ཀྱིས་དེ་ལ་བལྟ་རུ་ཡོང་སྟེ་སྨན་བཅོས་གང་ལེགས་བྱས་ཀྱང་མ་ཕན་པར་སྐུ་གྲོངས་ཡོད། དེའི་རྗེས་སྐལ་བཟང་རྒྱ་མཚོས་ཅུང་བདེ་འཇགས་ཡིན་སྣང་ཤར་ཏེ་དགོན་པ་ནས་སྡོད་རྩིས་བྱས་ཡོད་ཀྱང། ཟླ་ ༤ ཚེས་ ༡༣ ཉིན་ ཁོང་བླ་བྲང་ནས་ཀན་ལྷོར་འགྲོ་བའི་ལམ་བར་གྱི་སྤྱི་སྤྱོད་རླངས་འཁོར་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

མཆན། 4

  1. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ཁ་བའི་མེ་ཏོག་སྤུར་བའི་འཇིག་རྟེན་ན།།
    སྦྲ་འདབས་རླུང་གིས་བསྐྱོད་པའི་མཚན་མོར་དེ།།
    འུག་པས་ཟུག་རྔུ་འབྱིན་པའི་ནང་མོ་དེར།།
    ཁྱོད་ཀྱི་ཡོད་ཚད་ཁ་བའི་ཆེད་དུ་ཕུལ།།

    ཨ་མ་རྒྱ་མི་དམར་བོས་བཟུང་སོང་ཐལ།།
    ཨ་ཕ་རྒྱ་འདྲེ་བརྐྱངས་ནས་བསད་སོང་ཐལ།།
    ཕ་མེད་མ་མེད་དྭ་ཕྲུག་ལུས་སོང་ཐལ།།
    ཨ་ཞང་ཨ་ནེ་ལས་དབང་ཁྲིམས་ལ་སྦྱར།།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    དུས་བབ་ཚང་གི་ལས་ཀ་འདི་ལྟར་གནང་བ་དེར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། འདི་ནི་རབ་བྱུང་ན་སུམ་དུས་གསུང་འཕྲིན་ཟེར་ནས་དེབ་ཆུང་ཞིག་དཔར་བསྐྲུན་བྱེད་ཐུབ་པ་ཡིན་ན་ནི་དངོས་ནས་བོད་ཀྱི་ཕྱི་རབས་པ་དང་བོད་ཀྱི་སོན་རྩ་ཁག་ལ་བཀྲམ་ཐུབ་པ་ཡིན་ན་ནི་དངོས་ནས་དགེ་མཚན་ཆེན་པོ་ཡོད་ཀི་འདོད། ཡིན་ཡང་། འདི་ནི་ང་རང་སྒེར་ཞིག་གི་བསམ་ཚུལ་ཡིན་པས་ཁྱེད་ཅག་གིས་སྟབས་འགྲིག་མིན་ཐད་དུ་ཡང་བསམ་བློ་རེ་གཏོང་དགོས་ངེས་ཡིན།

    Reply
  3. ཀླུ། says:
    ལོ་ 14 སྔོན།

    ད་དུང་ཁོང་གི་རོགས་པ་ལ་ལས་འགུལ་བ་མི་སྣ་གཙོ་གྲས་འཇིགས་མེད་དང་། སངས་རྒྱས། ༼མཚང་མིང༽ཨ་ཁུ་ལྷ། བརྩོན་འགྲུས། སྐལ་བཟང་རྒྱ་མཚོ། སྐལ་བཟང་སྤྱིན་པ་སོགས་ཡོད་པ་མུ་མཐུད་ཉེན་ཡོལ་བྲོས་བྱོལ་བྱས་ནས་གར་སོང་ཆ་མེད་ཡིན་པ་དང་
    ཚང་མས་རྣ་བ་གཏོད་དང་ཁོང་ཚོ་ཉིན་ཤས་ནས་བྲོས་བྱོལ་སྐྱབས་བཅོལ་ལ་འབྱོར་འདུག་ཅེས་ཡང་གོ་སྲིད།

    Reply
  4. དབུས་ཕྲུག་ཚེ་རིང་། says:
    ལོ་ 14 སྔོན།

    བཙན་པོའི་སྙིང་སྟོབས་ཁ་བའི་ལྗོངས་སུ་ཐིམ།།
    རིགས་ཞེན་དཔའ་བོ་རི་སྤྱང་སྔོན་མོས་བཟུང༌།།
    ཁྱེད་དང་ང་ཞེས་བདུད་ཀྱི་ཆོ་འཕྲུལ་འདི།།
    མི་རབས་གསར་པོའི་ང་ཚོར་ཇི་ལྟར་མཁོ།།

    འདི་དག་སུ་ཡིས་བསྐུལ་བར་མ་གྱུར་ཀྱང༌།།
    ལོ་མང་བསགས་པོའི་ན་ཟུག་ཁོང་ནས་བརྡོལ།།
    འདི་ཀོ་རྒྱལ་བའི་བཀའ་ཡིས་གྲིབ་བསིལ་འོག།
    སྐྱིད་པའི་གཉིད་དུ་ཡུར་འདི་སུ་ཡིས་ནོངས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist