མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པདྨ་དབང་གྲགས་མཆོག

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བླ་མ་ཞིག་ལ་ཨ་རིའི་ནང་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་གཏན་འཁེལ་ཡོད་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་ལས་ཐོག་པ་པདྨ་འབྱུང་གནས་ལགས་ཀྱིས་འདི་གར་གནས་ཚུལ་སྤྲད་པ་ལྟར་ན། ཨ་རིར་གནས་སྡོད་དཔལ་ས་སྐྱའི་བླ་མ་པདྨ་དབང་གྲགས་མཆོག་ལ་ཨ་རིའི་ (National Ethnic Coalition Of Organization foundation,Ins)ནས་ཆེ་བསྟོད་གཟེངས་རྟགས་ (Ellis Lsland Medal Of Honor Awards)ཞེས་པ་དེ་འབུལ་རྒྱུ་ཡིན་འདུག

གོང་གསལ་ཚོགས་པ་དེས་ཕྱི་ཚེས་ ༩ ཉིན་བླ་མ་པདྨ་དབང་གྲགས་མཆོག་ལ་གཟེངས་རྟགས་འདི་འབུལ་རྒྱུ་ཡིན་པ་དང་། དེ་ནི་བོད་མི་ཞིག་ལ་ཐོབ་པ་ཐོག་མ་ཡིན་འདུག གཟེངས་རྟགས་འདི་ནི་ཨ་རིའི་ Ellis Lsland ཞེས་པའི་ས་ཁུལ་གྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། གཟེངས་རྟགས་འདི་ལོ་ལྟར་སྤྱི་ཚོགས་ལ་སྣེ་ཁྲིད་དེ་ལེགས་སྤེལ་ཉེས་འགོག་གི་ནུས་པ་འདོན་མཁན་དག་ལ་སྤྲོད་ཀྱིན་ཡོད་འདུག བླ་མ་པདྨ་དབང་གྲགས་ལ་ཆེ་བསྟོད་གཟེངས་རྟགས་འབུལ་བར་སྔོན་བརྡའི་ཡི་གེ་ནང་གསལ་དོན། སྐུ་ཉིད་ཀྱི་མཛད་འཕྲིན་གྱིས་ཨ་རིའི་མི་མང་དང་སྤྱི་ཚོགས་ནང་ཕན་པ་རྒྱ་ཆེར་ཐོན་ཡོད་པ་གཞིར་བྱས་ནས། སྤྱི་ལོ་ ༢༠༠༩ ལོའི་(Ellis Lsland Medal Of Honor Awards)གཟེངས་རྟགས་འདི་ཁྱེད་ཉིད་ལ་ཕུལ་བར་ང་ཚོའི་གཟི་བརྗིད་དང་དྲང་བདེན་ཡིན་པས། སྐུ་ཉིད་ཀྱིས་ངོས་ལེན་ཡོང་བའི་རེ་བ་ཡོད། ཅེས་བྲིས་ཡོད་འདུག

བླ་མ་པདྨ་དབང་གྲགས་ནི་སྤྱི་ལོ་ ༡༩༥༤ ལོར་སྤུ་ཧྲེངས་སུ་སྐུ་འཁྲུངས་པ་དང་། ༡༩༥༩ ལོར་ཕ་མ་དང་མཉམ་དུ་བཙན་བྱོལ་ལ་ཕེབས་ཏེ་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་བཞུགས་ཡོད་འདུག ཁོང་དགུང་ལོ་ ༧ ལ་ཕེབས་སྐབས་རབ་ཏུ་བྱུང་ཞིང་། དེ་ནས་བཟུང་དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་སློབ་གཉེར་གནང་འདུག ༡༩༨༢ ལོར་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ཡིས་ཁོང་ཉིད་ཆེད་དུ་ཨ་རིར་ནང་ཆོས་སྤེལ་བར་མངགས་ཡོད་པ་དང་། ད་ལྟ་ཁོང་ཉིད་ཨ་རི་ནིའུ་ཡོག་དཔལ་ས་སྐྱའི་ཆོས་ཚོགས་ཀྱི་ངེས་སྟོན་པ་དང་ཝིག་རམ་ཤཱི་ལ་རྨང་གཛུགས་གནང་མཁན་ཡིན་ལ། ད་དུང་བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཅས་སུ་དགོན་པ་དང་སློབ་གྲྭ་སོགས་ཀྱང་གསར་འཛུགས་གནང་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༣ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༠ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 14

  1. ཧོར་བུ་ཡེ་ཤེས says:
    ལོ་ 17 སྔོན།

    བོད་ཕྲུག་ཁྱེད་ཀྱི་སྐུ་ཚེར་བ་ཆད་མེད་པར་ཤོག།ཁྱེད་ཀྱི་མཛད་འཕྲིན་མཁའ་དང་མཉམ་པར་ཤོག།

    Reply
  2. སངས་ཕྲུག་སྣ་ལོ། says:
    ལོ་ 17 སྔོན།

    རྟེན་འབྲེལ་ཞུ། ཕྱི་རྒྱལ་ན་ཡོད་པའི་བོད་ཀྱི་བླ་མ་དགེ་བཤེས་རྣམས་ཀྱི་ངོ་སོ་ཡར་ལ་བསྟོད་སོང།

    Reply
  3. ཨ་བྱམས་རྒྱལ says:
    ལོ་ 17 སྔོན།

    ཆོས་ཚོང་བརྒྱབ་ནི་མ་ཡིན་པར་ལྷག་བསམ་དངོས་གནས་དེ་ཡིན་ན་རྗེས་སུ་ཡི་རང་ཡོད།

    Reply
  4. རང་རྟོན། says:
    ལོ་ 17 སྔོན།

    དངོས་གནས་དགའ་འོས་པ་ཞིག་རེད། རྟེན་འབྲེལ་ཞུ།

    Reply
  5. གླང་དར་མ། says:
    ལོ་ 17 སྔོན།

    ཁོང་ལ་གཟེངས་རྟགས་ཐོབ་པ་དངོས་གནས་དགའ་འོས་པ་ཞིག་རེད། ང་ཚོའི་སྤྱི་ཚོགས་ནང་བླ་སྤྲུལ་དང་མཁན་པོ་དགེ་བཤེས་སོགས་མང་དག་ཡོད་པས། ཁོང་ལྟ་བུ་མཛད་རྗེས་ཅན་བྱུང་ན་ཅི་མ་རུང་སྙམ། ད་རུང་བསམ་ཚུལ་གཞན་ཞིག་ཞུ་འདོད་པ་ནི་འབྱོར་ལྡན་བླ་སྤྲུལ་ཚོས་ང་ཚོའི་སྤྱི་ཚོགས་ནང་གི་གནས་སྟངས་ལ་མང་ཙམ་གཟིགས་ཐུབ་དགོས་ཤིང༌། དགོན་པ་གྲྭ་ཚང་གཅིག་པུར་ཡར་རྒྱས་དང་ཧིན་སྒོར་དང་ཨ་སྒོར་ས་ཡ་མང་པོ་འགྲོ་སོང་བཏང་ནས་མི་ཡུལ་ལུང་པ་འདུ་ཁང་རྫིག་པོ་རེ་གསར་བཞེངས་བྱས་ན་མ་འོངས་བོད་ལ་ལོག་དུས་མཉམ་དུ་ཁྱེར་མི་ཐུབ་པ་ཧ་གོ་དོན་གསལ་རེ་ལ། དེ་ལས་སྤྱི་ཚོགས་ནང་གི་ཉམས་ཐག་རིགས་ཀྱི་བུ་ཕྲུག་སློབ་ཡོན་སོགས་རོགས་རམ་བྱས་ན་མ་འོངས་བོད་ཀྱི་སོན་རྩ་འགྱུར་ངེས་རེད་ལ། སྐུ་ཞྂབས་པདྨ་དབང་གྲགས་མཆོག་གིས་གཟེངས་རྟགས་ཐོབ་རྗེས་དེ་ལྟར་དགོངས་བཞེད་ཡོང་བ་ཞུའོ།

    Reply
  6. མིག་གསུམ་པ། says:
    ལོ་ 17 སྔོན།

    ཨོ་རེད་མོ། གདོང་དམར་བོད་པ་ཚང་གི་བྱས་རྗེས་ཅན་འདི་ལ་ཆེ་བསྟོད་གསོལ་བ་ནི་འོས་ཤིང་མཚམས་པ་ཞིག་རེད། ངོ་མ་དགའ་དགོས་པ་རེད། འདི་བུ་མིག་བལྟས་སུ་བཞག་ནས་བོད་པ་ཚང་གི་ཆེར་མཐོང་བརླགས་ཡོད་པ་མ་རེད གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཁ་སེམས་གཉིས་ཀ་མཐུན་མཁན་ཞིག་ཡིན་ས་རེད

    Reply
  7. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ངས་ཁོང་ཞལ་ཚོར་གི་ཡོད། གྲྭ་པ་ཉམ་ཆུང་ཡོན་ཏན་ཆེན་པོ་ཅན་ཞིག་དང་བོད་དོན་ལ་ལྷག་བསམ་ཆེན་པོ་ཡོད་མཁན་ཞིག་ཀྱང་རེད། དེ་བཞིན་བརྡ་སྤྲོད་བསྟན་བཅོས་ལ་ནང་བྱན་ཆུད་དེ་བོད་ཀྱི་ལོང་ཡིག་གམ་འབུར་ཡིག་གསར་བཟོ་དང་འབྲེལ་བརྡ་སྤྲོད་པའི་བསྟན་བཅོས་གསར་བ་ཞིག་རྩོམ་སྒྲིག་གནང་བཞིན་པའི་སྒང་རེད། དབྱིན་ཡིག་དབྱིན་སྐད་ནི་ཆུ་རྒྱུགས་རྒྱུགས་རེད།

    Reply
  8. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    བོད་ཀྱི་བླ་མ་དང་དགེ་བཤེས་རྣམས་པ་ཕྱི་རྒྱལ་ཁག་ཕེབས་ནས་འདི་འདྲའི་རླབས་ཆེན་གྱི་མཛད་རྗེས་བཞག་པ་ཡིན་ན་དངོས་གནས་གཟི་བརྗིད་རེད།

    Reply
  9. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    བོད་ཀྱི་བླ་མ་དང་དགེ་བཤེས་རྣམས་པ་ཕྱི་རྒྱལ་ཁག་ཕེབས་ནས་འདི་འདྲའི་རླབས་ཆེན་གྱི་མཛད་རྗེས་བཞག་པ་ཡིན་ན་དངོས་གནས་གཟི་བརྗིད་རེད།

    Reply
  10. གངས་ཕྲུག says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེཊ་ཞུ། གཟེངས་རྟགས་ཀྱི་མཛད་སྒོ་དངོས་གཞི་སྐབས་གོ་སྐབས་ལེན་ཏེ་བོད་ནང་གི་དཀའ་སྡུག་གསལ་བཤད་གནང་བར་བསྐུལ་འདེབས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

    Reply
  11. མེ་རླུང་། says:
    ལོ་ 17 སྔོན།

    དངོས་གནས་བཟང་ངོ་

    Reply
  12. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    ཨོ་ངོ་མ་དགའ་ནི་ཟི་རེད། གནས་ཚུལ་ཡག་པོ་འདུག་

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྟེན་འབྲེལ་ཞུ། དངོས་ནས་ཡག་པོ་རེད། བོད་པ་གཅིག་གི་མིང་བཟང་དོན་བཟང་ས་གནས་གང་སར་གྲགས་པ་ཡིན་ན། བོད་པ་སྤྱི་ལ་ཕན་ངེས་རེད།

    Reply
  14. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 17 སྔོན།

    དགའ་བྱུང་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese