མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་མའི་བླ་བྲང་དགེ་རྩ་ཚོགས་པར་བསྒྱུར།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཀིརྟི་བླ་བྲང་གི་སྔོན་མའི་སྒྲིག་འཛུགས་དེ་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བ་ཞིག་ཡིན་སྟབས། རིན་པོ་ཆེ་མཆོག་ལ་ད་བར་དངུལ་གང་ཡོད་པ་དང། མི་དམངས་ཚོས་བསྔོ་རྟེན་སྐྱབས་རྟེན་གང་ཕུལ་བ་དེ་དགེ་རྩ་ཚོགས་པ་འདིའི་མ་དངུལ་ཆགས་ཡོད། ལྷག་པར་དུ་གསལ་བོ་བཟོ་དགོས་པ་ཞིག་ལ། དགེ་རྩ་ཚོགས་པ་འདིའི་ཐོག་མའི་སྒྲིག་གཞིའི་ནང་ཕྱིའི་རོགས་སྐྱོར་འཚོལ་རྒྱུ་ཞིག་བཀོད་ཡོད་ཀྱང་། ད་ལོའི་ཚོགས་ཆེན་སྟེང་ལས་འཆར་དེ་བཀག་འགོག་བྱས་སོང་།

 

ཟླ་འདིའི་ཕྱི་ཚེས་ ༡ ནས་ ༣ བར་གྱི་ཉིན་གསུམ་རིང་ཀིརྟི་དགེ་རྩ་ཚོགས་པའི་སྐབས་དང་པོའི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་དེ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་དུ་འཚོགས་ཡོད་ལ། ཐེངས་འདིར་འཐུས་མི་ ༥༥ ཙམ་ཚོགས་ཞུགས་གནང་ཡོད། ཉིན་གསུམ་རིང་གི་ཚོགས་འདུའི་སྟེང༌། ལོ་སྔོན་མའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་རྩིས་ཁྲ་གཙང་སེལ། འཆར་ལོའི་སྔོན་རྩིས་གཏན་འབེབས། སྒྲིག་གཞི་བསྐྱར་བཅོས། འབྱུང་འགྱུར་ལས་དོན་གཏན་འབེབས་སོགས་གནང་ཡོད། དགེ་རྩ་ཚོགས་པ་འདི་ ༢༠༠༨ ཟླ་ ༢ ཚེས་ ༡༦ ཉིན་གསར་འཛུགས་གནང་བ་ཞིག་ཡིན་ཞིང། སྐབས་དེར་བོད་ཕྱི་ནང་གཉིས་ཀྱི་ཀིརྟི་དགོན་མ་ལག་དང་བཅས་པའི་དགོན་ཁག་བཅོ་བརྒྱད་དང་རྫོང་ཁག་ལྔ་ནས་སྐྱ་སེར་འཐུས་མི་ ༦༢ དང་ངྷ་ས་ཁུལ་གྱི་སྐུ་ཚབ་ལྔ། ཚོགས་མི་ ༦༤༠ ལྷག་མཉམ་ཞུགས་དབུས། ཀིརྟི་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གནང་བའི་ནང། དགེ་རྩ་ཚོགས་པ་འདི་གཙོ་བོ་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས། ལས་དོན་གང་ཞིག་བསྒྲུབ་ཀྱང། དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་ཕན་བདེ་བསྒྲུབ་པའི་རྒྱུ་རྐྱེན་དུ་འགྲོ་བ་ཞིག་ཡིན་དགོས། ཚོགས་པའི་ལས་དོན་ཐག་གཅོད་བྱེད་སྟངས་དེ་ཡང། དམངས་གཙོའི་ལམ་སྲོལ་ལྟར་མང་ཚོགས་ཀྱིས་ཐག་གཅོད་གནང་དགོས། དགེ་རྩ་ཚོགས་པ་འདི་ཀིརྟི་ཚང་གཅིག་པུའི་ཆེད་བཙུགས་པ་ཞིག་མ་ཡིན་པར། དགེ་རྩ་ཚོགས་པ་འདིའི་ཁོངས་སུ་ཆོས་ལུགས་ཆོས་བརྒྱུད་རིས་མེད་དང། ཆོལ་ཁ་ལུང་ཚན་དབྱེར་མེད་ནས་རང་འདོད་ལྟར་ཞུགས་ཆོག་ལ། རང་འདོད་ལྟར་ཕྱིར་འཐེན་བྱ་ཡང་ཆོག་པའི་འགྲོ་སྟངས་གུ་ཡངས་པོ་ཞིག་ཡིན་དགོས། ཞེས་གསུངས་འདུག

 

ཕྱི་ཚེས་ ༦ ཉིན་འདི་གའི་གསར་འགོད་པས་ཀིརྟི་དགེ་རྩ་ཚོགས་པའི་སྔར་ལོའི་རྒྱུན་ལས་ཚོགས་གཙོ་མཁན་པོ་ཕུན་ཚོགས་སྤྲུལ་སྐུ་མཆོག་ལ་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་ཏེ། ལས་དོན་བྱེད་ཕྱོགས་སྐོར་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་སྔོན་མ་ནས། ལོ་ངོ་སུམ་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་ཡོད་པའི་ཀིརྟི་བླ་བྲང་གི་ལམ་སྲོལ་འདིར་བསྒྱུར་བཅོས་གཏོང་རྒྱུའི་ཐུགས་འདུན་ཡོད་པ་བཞིན། ༢༠༠༢ ལོར་ཀིརྟི་རིན་པོ་ཆེ་མཆོག་གིས་ཐུགས་སྣང་ཆེན་པོས། ཀིརྟི་བླ་བྲང་གི་སྲོལ་རྒྱུན་འགྲོ་སྟངས་དེ་ཡག་པོ་མི་འདུག དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་བཅོས་བསྒྱུར་གཏོང་དགོས་ཀྱིན་འདུག མ་འོངས་པར་ཀིརྟི་བླ་བྲང་དེ་དགོན་མ་ལག་དང་བཅས་པའི་ཆོས་སྡེ་ཁག་དང་མི་དམངས་སློབ་བརྒྱུད་ཡོངས་ཀྱི་འཐུས་མི་ཡོད་པའི་ཚོགས་པ་ཞིག་གི་ངོ་བོར་བསྒྱུར་ན་ཡག་པོ་འདུག ཅེས་བཀའ་གནང་བ་ལྟར། ༢༠༠༨ ཟླ་ ༢ ཚེས་ ༡༦ ཉིན་དགེ་རྩ་ཚོགས་པ་འདི་དངོས་སུ་དབུ་བརྙེས་ཤིང༌། སྐབས་དེར་རིན་པོ་ཆེ་མཆོག་གིས་སྒྲིག་གཞིའི་ཟིན་བྲིས་ཤིག་མཛད་ཡོད་པ་དེར་བསྐྱར་བཅོས་ཀྱིས་རྒྱ་གར་ནང་སྡོད་རིང་བར་བརྒལ་གྱི་སྒྲིག་གཞི་ཞིག་གཏན་འབེབས་བྱས་ཏེ། རྒྱུན་ལས་གསུམ་བསྐོ་བཞག་གིས་མ་འོངས་པར་ལོ་གསུམ་རེའི་མཚམས་སུ་རྒྱུན་ལས་གསར་འདེམས་བྱ་རྒྱུ་ཐག་གཅོད་བྱུང་ཡོད། ཚོགས་པ་འདི་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་ཤིག་ཡིན་སྟབས། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་སློབ་གསོ་དང་ནད་པར་སྨན་བཅོས།རྒས་གཅོང་ཉམས་ཐག་བཅས་ལ་རོགས་སྐྱོར་དང། ཀིརྟི་དགོན་མ་ལག་དང་བཅས་པར་གཟིགས་རྟོག་དང་སྒྲིག་སྲོལ་གཅིག་གྱུར་ཡོང་ཐབས་བཅས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་མོད། འོན་ཀྱང། ང་ཚོ་སྐབས་དང་པོའི་རྒྱུན་ལས་ཚོའི་ངོས་ནས། རིན་པོ་ཆེ་མཆོག་གི་སྐུ་དོན་དང་ཞབས་རྟེན་མཆོད་འབུལ། དེབ་དང་བརྙན་འཁོར་དཔར་སྐྲུན། སྤྱི་ཁྱབ་ཡིག་ཚང་གསར་རྒྱག་སོགས་འཛུགས་སྐྲུན་གྱི་ལས་ཀ་ཙག་ཙིག་རེ་མ་གཏོགས་སྒྲུབ་ཐུབ་མ་སོང། གང་ཡིན་ཟེར་ན། དགེ་རྩ་ཚོགས་པ་འདི་ཁྲིམས་ཐོག་ནས་བརྟན་པོ་ཞིག་བཟོ་ཆེད་རྒྱ་གར་གཞུང་ལ་དེབ་སྐྱེལ་ཐད་ཧུར་བརྩོན་བྱས་པ་ཡིན། ཞེས་གསུངས་སོང།

 

ཡང་ཁོང་ལ་དགེ་རྩ་ཚོགས་པ་ཞིག་ཡིན་དུས་མ་དངུལ་གཏོང་ཡོང་གི་སྡེ་ཚན་ཞིག་ཆགས་ཡོད་སྟབས། ད་སྔ་མ་དངུལ་གྱི་གནས་སྟངས་གང་འདྲ་ཡིན་པ་དང། དངུལ་གྱི་འབྱུང་ཁུངས་ཇི་ལྟར་འཚོལ་སྒྲུབ་བྱེད་ཀྱིན་ཡོད་པའི་སྐོར་དྲིས་པར་ཁོང་གིས། ད་སྐབས་དགེ་རྩའི་མ་དངུལ་ཧིན་སྒོར་འབུམ་ ༡༠༠ ཡས་མས་རེད། འོན་ཀྱང་། དངུལ་འབོར་དེ་གཅིག་ཏུ་ངེས་བ་ཡོད་པ་མ་རེད། རིན་པོ་ཆེ་མཆོག་གིས། སྔོན་མ་ལྟར་ཀིརྟི་བླ་བྲང་གི་དངུལ་དེ་མི་རེ་ཟུང་ཞིག་གིས་འཕྲོ་བརླག་ཏུ་བཏང་ན་འགྲིག་གི་མ་རེད། མི་དམངས་ཚོས་བསྔོ་རྟེན་སྐྱབས་རྟེན་གང་ཕུལ་བ་དེ་དག་ཆུད་ཟོས་སུ་མ་བཏང་བར། བསྐྱར་དུ་མང་ཚོགས་ཉམས་ཐག་ཚོར་ཕན་ཐོགས་ཡོད་པ་ཞིག་བསྒྲུབ་ཐུབ་པ་ཡིན་ན། དོན་གོ་ཆོད་སོང་བ་རེད། ཅེས་བཀའ་གནང་བ་ལྟར། ཀིརྟི་བླ་བྲང་སྲོལ་རྒྱུན་གྱི་སྒྲིག་འཛུགས་དེ་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བ་ཞིག་ཡིན་སྟབས། རིན་པོ་ཆེ་མཆོག་ལ་ད་བར་དངུལ་གང་ཡོད་པ་དང། མི་དམངས་ཚོས་བསྔོ་རྟེན་སྐྱབས་རྟེན་གང་ཕུལ་བ་དེ་དགེ་རྩ་ཚོགས་པའི་མ་དངུལ་ཆགས་ཡོད། ལྷག་པར་དུ་གསལ་བོ་བཟོ་དགོས་པ་ཞིག་ལ། དགེ་རྩ་ཚོགས་པ་འདིའི་ཐོག་མའི་སྒྲིག་གཞིའི་ནང་ཕྱིའི་རོགས་སྐྱོར་འཚོལ་རྒྱུ་ཞིག་བཀོད་ཡོད་ཀྱང་། ད་ལོའི་ཚོགས་ཆེན་སྟེང་ལས་འཆར་དེ་བཀག་འགོག་བྱས་སོང་། ང་ཚོས་དངུལ་གསར་དུ་འཚོལ་རྒྱུ་མ་ཡིན་པར། སྔར་གང་ཡོད་པ་དེར་བདག་པོ་ཡག་པོ་ཞིག་བརྒྱག་རྒྱུ་དང། ཕན་རླབས་ངེས་ཅན་ཡོད་ས་ཞིག་ལ་གཏོང་རྒྱུ་དེ་ཚོགས་པའི་དམིགས་ཡུལ་རེད། ཅེས་གསུངས་སོང།

 

ཀིརྟི་དགེ་རྩ་ཚོགས་པའི་ལོ་འཁོར་ལས་བསྡོམས་ནང་བཀོད་པ་ལྟར་ན། ༢༠༠༨ ལོར་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་སློབ་ཕྲུག་གཅིག་ལ་ལོ་གཅིག་གི་སློབ་ཡོན་ཆེད་སྒོར་ ༡༥༠༠༠ དང། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ལ་ཛ་དྲག་སྨན་བཅོས་ཀྱི་མཐུན་འགྱུར་ཆེད་སྒོར་ ༡༥༠༠༠ ། ངྷ་ས་རྒས་གསོ་ཁང་གི་རྒས་འཁོགས་ཉམ་ཐག་ ༢༢ ལ་འཚོ་སྣོན་སྒོར་ ༡༠༠ རེ། རྡོ་རྗེ་གླིང་རྒས་གསོ་ཁང་གི་རྒས་འཁོགས་ཤིག་ལ་ལོ་གཅིག་རིང་ཟླ་རེར་སྒོར་ ༥༠༠ རེ། བོད་ནས་འབྱོར་བའི་ནད་པ་ཞིག་ལ་སྨན་བཅོས་ཆེད་སྒོར་ ༥༠༠༠ ཕུལ་བ། དེ་བཞིན་དཔེ་དེབ་དཔར་སྐྲུན་དང། བོད་ཕྱི་ནང་གི་དཀའ་རྙོག་དང་ཁ་མཆུ་ཁག་ཅིག་འགྲིག་འཇགས་བཟོས་པ་བཅས་བཀོད་འདུག་ལ། ༢༠༠༩ ལོར་མདོ་སྨད་དབུས་རྒྱུན་གྱིས་ཛ་དྲག་ཉམས་ཐག་མ་དངུལ་རོགས་སྐྱོར་ཐད། ཧིན་སྒོར་འབུམ་ ༥ཞལ་འདེབས་སུ་ཕུལ་བ་བཅས་ད་ལོའི་དགེ་རྩའི་ལས་དོན་དབུ་འཛུགས་གནང་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༥ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 14

  1. khawa08 says:
    ལོ་ 17 སྔོན།

    དོན་ངོ་མ་དགེ་རྩ་ཚོགས་པ་མི་མང་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་ན་དགའ་འོས་བ་ཞིག་རེད། དེ་མིན་བརྟན་བཞུགས་སོགས་ལ་ཁ་གཡར་ནས་ཕ་ཡུལ་གྱི་མི་མང་གི་ལག་ཏུ་སྒོར་མོ་ལེན་གང་ཐུབ་བྱེད་ན་ཡིད་རེ་སྐྱོ། ངོ་ཚོ་ལ་དགོས་པ་ན་ལག་ལེན་ཡིན་པ་ལས་ཁ་སྙན་པོ་དེ་འདྲ་རྩ་བ་ནས་མིན། ང་ཚོས་ཚོགས་པ་གང་ཞིག་ལ་ཞིབ་ཏུ་བརྟག་དཔྱད་བྱས་ན་གཞིག་ནས་ཁོང་ཚོའི་རང་འཚང་ཤེས་ཐུབ།

    Reply
  2. དྲ་འདྲེ says:
    ལོ་ 17 སྔོན།

    གོང་གི་དྲ་གྲོགས་ཚོས་བཤད་པ་དངོས་གནས་བདེན་གི།་་ང་ཚོ་བོད་ལ་བླ་བྲང་མང་དག་ཅིག་ཡོད་ཀྱང་རང་རང་གི་ཁེ་སྤོག་གཙོ་སྒྲུབ་བྱེད་སའི་དེངས་རབས་ཀྱི་སྒེར་བདག་ཀུང་སི་ལྟ་བུ་ཤ་སྟག་ལས་རང་རིགས་སེར་སྐྱ་མི་དམངས་ལ་ཁེ་་ཕན་དང་ཞབས་ཞུ་བསྒྲུབ་ནི་ཉུང་ཉུང་རེད།།་ཀི་རྟི་རིན་པོ་ཆེན་དངོས་གནས་བླ་མ་ཟེར་ནི་རེད།་ཧྲ་གི་་་་ཧྲ་གི་ཧྲ་གི་་་

    Reply
  3. དགའ་བ། says:
    ལོ་ 17 སྔོན།

    བོད་ཀྱི་བླ་མ་ཡོངས་རྫོགས་ཀྱིས་ཁོང་ལྟར་བོད་ཀྱི་བསྟན་སྲིད་ཀྱི་ཁུར་བཞེས་ན་ང་ཚོ་ལ་བདེ་སྐྱིད་མགྱོགས་མྱུར་གྱིས་འཆར་ཐུབ།

    Reply
  4. དགའ་བ། says:
    ལོ་ 17 སྔོན།

    ཀིརྟི་ཚང་གི་མཛད་རྗེས་འདི་ཙམ་གྱིས་ག་ལ་ཚད། ཁོངགི་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་ཀྱི་ཆེད་དུ་ཕུལ་བ་རེད། ཁོང་དད་ལྡན་མང་ཚོགས་འབུམ་ཕྲག་མང་པོའི་སྐྱབས་མགོན་ཡིན་ཀྱང་། ༸གོང་ས་མཆོག་གི་སྐུ་འཁྲིས་སུ་བླ་ཕྲན་དཀྱུས་མ་ཞིག་གི་རྣམ་ཐར་བསྐྱངས་ནས་ལས་དོན་ཡོངས་རྫོགས་ཁོང་གི་ཞབས་ཞུར་འབུལ་གྱི་ཡོད། ཁོང་གི་གསུང་རྩོམ་ཁག་ལ་ལྟོས་དཱ། ཁོང་གི་རླབས་ཆེན་གྱི་དགོངས་པ་གཞི་ནས་གསལ་པོ་རྟོགས་ཐུབ་ལ། ཁོང་གིས་བོད་སྲིད་ཀྱི་དོན་དུ་ཐུགས་འགན་ཅི་ཙམ་ལེན་གྱི་ཡོད་མེད་ཀྱང་གསལ་པོ་རྟོགས་ཐུབ།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    སྤྱིར་རྐིརྟི་བླ་བྲང་སྐོར་ལ་རྒྱུས་མངལ་དེ་ཙམ་མེད་ཀྱང་བླ་བྲང་དགེ་རྩ་ཚོགས་པར་བསྒྱུར་བའི་མིག་རྒྱང་རིང་པོའི་མཛད་སྤྱོད་དང་། དེ་སྔོན་མདོ་སྨད་པ་སྐོར་ཞིག་གིས་རང་ཉིད་ལ་འབུལ་འཆར་ཡོད་པའི་བརྟན་བཞུགས་འབུལ་རྫས་དང་བཅས་པ་ཁ་ལོ་བསྒྱུར་ཏེ། ༸གོང་ས་རྒྱལ་བའི་དབང་པོར་ཕུལ་བའི་བསྒྱུར་བ་གཉིས་ཀྱི་མཛད་བཟང་ལ་བལྟས་ན་ཡིད་སྨོན་བསྔགས་བརྗོད་ཀྱི་ཡུལ་དུ་མངོན་ནོ།།

    Reply
  6. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    《༢༠༠༢ ལོར་ཀིརྟི་རིན་པོ་ཆེ་མཆོག་གིས་ཐུགས་སྣང་ཆེན་པོས། ཀིརྟི་བླ་བྲང་གི་སྲོལ་རྒྱུན་འགྲོ་སྟངས་དེ་ཡག་པོ་མི་འདུག དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་བཅོས་བསྒྱུར་གཏོང་དགོས་ཀྱིན་འདུག 》ཞེས་བའི་དཀའ་གསུང་འདི་དོན་དངོས་་གནད་ལ་ཁེལ་བའི་ལམ་སྟོན་བླ་མེད་ཞིག་རེད་ལ་་་་གདན་ས་དང་དགོན་པ་ཁག་གི་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་ཉམས་སུ་ལེན་དགོས་བའི་གདམས་ངག་་ཁྱད་ཅན་ཞིག་ཀྱང་རེད།་་་་་་གདན་ས་ཁག་གི་བླ་སྤྲུལ་རྣམ་པའི་བླ་བྲང་ཁག་ལ་ཅིག་ལྟོས་དང་།བཙན་བྱོལ་བ་ཞིག་གི་གནས་སྟངས་ལས་བརྒལ་ཚར་ཡོད་བ་རེད།་་་་་་དངོས་གནས་ངོ་གནོང་དགོས་པ་ཞིག་རེད།་་་་་༧་གོང་ས་མཆོག་གི་ཕོ་བྲང་ལས་ཁོ་ཚོའི་བླ་བྲང་ལྡབ་གཉིས་འགྱུར་གསུམ་འགྱུར་གྱི་རྫིག་པོ་ཡོད་པ་རེད།ངས་བརྫུན་མ་བཤད་ནས་མིན་་་་་་སྒྲོ་བཏགས་པ་རྩ་ནས་མིན།་་་་་བདེན་པ་ཡིན་མིན་ཁྱེད་ཚོ་གདན་ས་འཕེལ་ནས་བླ་བྲང་ཁག་ལ་སོང་ནས་གཅིག་གཟིགས་དང་ཁྱེད་ཚོས་མཁྱེན་ཐུབ་པ་རེད།་་་་་་དངོས་ནས་ཧང་སང་དགོས་པ་ཞིག་ཡོད་པ་རེད།་་དཔེ་མཚོན་ཙམ་ཞུ་ན།་་་ལྷ་རམས་དམ་བཅའ་བཞག་ཚར་བའི་བླ་མ་ཞིག་གིས་ཁོ་རང་གི་ཐབ་ཚང་གཅིག་བུ་ལ་སྒོར་འབུམ་ལྔ་བརྒྱ་འགྲོ་སོང་བཏང་ཡོད་པ་རེད་་་་ད་་་ག་འདྲ་འདུག་

    Reply
  7. བདེ་འབྱུང་ says:
    ལོ་ 17 སྔོན།

    བླ་མ་ཟེར་ན་ཀིརྟི་རིན་པོ་ཆེ་ལྟ་བུ་དགོས་པ་རེད། སྐྱབས་སུ་མཆི། སྐུ་ཚེ་བསྐལ་བརྒྱལ་བརྟན་པར་ཤོག རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།

    Reply
  8. སངས་ཕྲུག་སྣ་ལོ། says:
    ལོ་ 17 སྔོན།

    ༄༅།། སྐུ་ཞབས་དོན་འགྲུབ་བཀྲ་ཤིས་ལགས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  9. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ༼སྐུ་ཞབས་བློ་བཟང་ལགས་ཀྱི་དཔྱད་གཏམ་བསྐྱར་སྒྲིག༽

    ༄༅། །མིང་དོན་མཚུངས་པའི་བླ་མ་ལ་སྐྱབས་སུ་འཆི། ང་ཚོའི་དོན་དུ་སྐུ་ཚེ་བརྟན་པར་ཤོག། མཛད་འཕྲིན་ཡང་རྒྱས་པར་ཤོག

    Reply
  10. lobsang bhutia says:
    ལོ་ 17 སྔོན།

    {}ü ü¤ÛP-hôm-¤±ßPÅ-qºÛ-„À-¤-¾-BzÅ-ÅÞ-ºVÛü P-±ôºÛ-hôm-hÝ-Ç+Ý-±ï-zdm-q¼-ÁôGü ¤²h-ºyÛm-»P-MÅ-q¼-ÁôG

    Reply
  11. རྭ་ལོ། says:
    ལོ་ 17 སྔོན།

    མགོ་ལོག་གི་བླ་མ་དར་ཐང་རིན་པོ་ཆེ་ཚང་ལྟ་བུ་ཡིན་ན་རྒྱུ་ལོངས་སྤྱོད་ནི་ཧ་ཅང་ཆེ་རུང་། སློབ་གྲྭ་དང་རིག་གནས་ཀྱི་ཕྱོགས་ལ་ཏིལ་འབྲུ་ཙམ་ཡང་གཏོང་གི་མིན། ཆོས་ཕྱོགས་ཁོ་ནར་གཏོང་གི་ཡིན་ཅེས་བཤད་ཀྱིན་ཡོད་པ་རེད་ཟེར། འདི་ལ་གནས་ལུགས་ཡང་དག་ཅིག་འདུག་གམ།

    Reply
  12. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    སྤྱིར་བླ་བྲང་དང་ཆོས་ཚོགས། བླ་མ་དང་མཁན་པོས་སྤྱི་ཚོགས་ལ་ཞབས་ཞུ་གྲངས་མང་བསྒྲུབ་བཞིན་ཡོད་ཀྱང་། གླིང་འདི་ནས་གོ་ཐོས་བྱུང་བ་ནི་རེ་ཟུང་ཙམ་རེད། དཔེར་ན། ན་ནང་འབར་མ་རྒྱལ་ཁབ་ལ་ཆུ་དང་རླུང་གིས་གནོད་འཚེ་ཕོག་སྐབས། ཁམས་རྫོགས་ཆེན་སྤྲུལ་སྐུ་ཞིག་གིས་ཁྱིམ་ཚང་ལྔ་སྟོང་ལྷག་ལ་རོགས་རམ་གནང་ཡོད་པ་ལྟ་བུ་རེད།

    Reply
  13. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    བླ་བྲང་དང་ཆོས་ཚོགས་ཁག་དགེ་རྩ་ཆགས་ཐུབ་ན་ཡག་དང་ཡག། འོན་ཀྱང་། དེ་རིང་སང་ཉིན་། ད་དུང་ཡང་ཕྱི་རྒྱལ་ཁག་ན་ཡོད་པའི་དགེ་རྩ་ཡིན་ཟེར་མཁན་བླ་བྲང་ལྟ་བུ་ཆགས་འདུག་ག། ཚང་མ་མི་གཅིག་གཉིས་ཀྱིས་ལག་པའི་མཐིལ་ན་འཁོར་གྱི་འདུག་ག། གང་ཟག་གི་དབང་བསྒྱུར་ཤུགས་ཆེ།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ད་ནས་བཟུང་བོད་ཀྱི་བླ་བྲང་ཆེན་པོ་ཁག་དང་། ཕྱི་རྒྱལ་ན་ཡོད་པའི་བོད་ཀྱི་བླ་ཆེན་དང་དགེ་བཤེས་རྣམ་པའི་ཆོས་ཚོགས་ཁག་གིས་ཀྱང་འདི་ལྟའི་ལམ་ལུགས་ཤིག་བཟོ་ཐུབ་ན་དགེ་ཕན་ཤིན་ཏུ་ནས་ཆེ་བར་འདོད།

    ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། བཀའ་ཁྲིའི་དགེ་རྩ་བཅས་ཀྱང་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་བོད་སྤྱི་བའི་དོན་དུ་ཁབ་གསོག་འབུག་གསོག་རེ་བྱེད་ཐུབ་ན་དགེ་མཚན་ཆེ་བར་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese