མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲེལ་མོལ་ད་ལོ་མི་འགྲིག་ཀྱང་སང་ལོ་འགྲིག་ཆོག་གི་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱའི་བར་གྱི་འབྲེལ་མོལ་ལོ་འདིར་མི་འགྲིག་ཀྱང་ལོ་རྗེས་མར་བྱས་ཀྱང་ཆོག་ལ། ལོ་རྗེས་མར་མི་འགྲིག་ཀྱང་ལོ་ལྔའི་རྗེས་ནས་བྱས་ཀྱང་ཆོག ཅེས་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་གསུངས་ཡོད། 

ཕྱི་ཚེས་ ༦ ཉིན་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ནིའུ་ཡོག་ནང་ཕེབས་ཡོད་པ་དང། དེར་ཡོད་ཕྱི་སྡོད་རྒྱ་རིགས་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་སྟེ། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དང་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བའི་སྐོར་ལ་བསམ་ཚུལ་བརྗེ་རེས་དང་གླེང་མོལ་གནང་ཡོད་འདུག་ལ། རྒྱ་ནག་གི་གསར་འགོད་པ་ཧོང་ཀྲོ་ཕིན་གྱི་བཅར་འདྲི་དང་ལེན་སྐབས་ཁོང་གིས་གསུངས་དོན། སྤྱི་ལོ་ ༡༩༧༩ ལོར་ང་རང་ཏིན་ཞོ་ཕིན་དང་ཐོག་མའི་ཐུག་འཕྲད་བྱས་པ་ནས་ལོ་ ༢༨ རིང་ངས་བོད་རྒྱ་གཉིས་ཀྱི་ཕོ་ཉའི་ལས་འགན་འདི་ཕྲག་ཏུ་བླངས་པ་ཡིན་ལ། ཐེངས་མང་པོ་ཐེ་ཝན་སོགས་སུ་བོད་རྒྱའི་གནད་དོན་ཆེད་སོང་བ་ཡིན།  ༢༠༠༢ ལོ་ནས་བཟུང་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་བྱས་ཀྱང་གྲུབ་འབྲས་ཅི་ཡང་མ་སོན་པ་མ་ཟད། ལོ་སྔོན་མ་ནས་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་མཚམས་འཇོག་བྱས་པ་རེད། དེའི་ཕྱོགས་ལ་ང་རང་སེམས་ཁྲལ་དང་བློ་ཕམ་སྐྱེས་མྱོང།  བོད་རྒྱ་གཉིས་ནི་འདས་པའི་ལོ་རྒྱུས་ནང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ཕན་ཚུན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ལས་སླ་བོ་ཞིག་རེད་བསམ། ང་ཚོ་ཕན་ཚུན་བསམ་ཤེས་དང་བཟོད་སྒོམ་བག་ལྷོད་ངང་གྲོས་མོལ་བྱ་རྒྱུ་དེ་གལ་ཆེན་དུ་མཐོང་གི་འདུག  གལ་སྲིད། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་པེ་ཅིན་དུ་གདན་འདྲེན་གནང་སྟེ་བོད་རྒྱ་གཉིས་ཀྱི་གནད་དོན་ཐད་གྲོས་མོལ་བྱས་ན། གནད་དོན་ལས་སླ་བོའི་ངང་ཐག་གཅོད་བྱ་ཐུབ་ལ། འདི་ནི་བོད་རྒྱའི་བར་གྱི་དཀའ་རྙོག་སེལ་བའི་ལམ་ཁ་ཉག་ཅིག་རེད། ང་ཚོ་ལོ་འདིར་མི་འགྲིག་ཀྱང་ལོ་རྗེས་མར་འགྲིག་གི་རེད་ལ། ལོ་རྗེས་མར་མི་འགྲིག་ཀྱང་ལོ་ལྔའི་རྗེས་ནས་གྲོས་མོལ་བྱས་ཀྱང་ཆོག  གྲོས་མོལ་མ་བྱས་པ་ལས་བྱས་པ་བཟང་བས་ང་ཚོས་ཕན་ཚུན་གདོང་དང་གདོང་གཏུགས་ཏེ་གསལ་བོ་བཟོ་རྒྱུ་ལས། ཕན་ཚུན་ལ་འཁྱོག་བཤད་དང་རྒྱང་རིང་ནས་དམོད་རེ་བྱས་ན་ཕན་ཚུན་གཉིས་ལ་ཕན་ཐོགས་ཅི་ཡང་མེད། དེང་སྐབས་གསར་ལམ་གང་མང་ཞིག་ཏུ་བོད་ཀྱི་གནད་དོན་འཁྱོག་བརྗོད་དང་ཏཱ་ལའི་བླ་མར་མཚན་སྨོད་བྱས་པ་དེ། བོད་མིའི་སེམས་ལ་ཕོག་པའི་བྱ་ཐབས་ཤིག་ཡིན་པ་ལས། ཕན་པ་ཅི་ཡང་མེད། ཕན་ཚུན་འབྲེལ་འདྲིས་ཀྱི་ལམ་ནས་ཐག་གཅོད་བྱས་པ་ཡིན་ན་བོད་རྒྱའི་དཀའ་རྙོག་དེ་སེལ་ཐུབ་པ་ཞིག་རེད། རྒྱ་ནག་གིས་སྔོན་མ་ནས་རང་བཙན་ལས་གཞན་ཅི་ཡང་གླེང་ཆོག་ཅེས་དང་བོད་རྒྱ་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད། ད་ལྟ་སྒོ་མོ་ཡོངས་སུ་ཕྱེ་རོགས། སྒོ་ཅུང་ཙམ་ཕྱེ་ནས་ཕན་ཐོགས་ཀྱི་ཡོད་པ་མ་རེད། ཅེས་གསུངས་ཡོད་པ་རེད།

སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་གིས་ཕྱི་སྡོད་གནད་ཡོད་རྒྱ་རིགས་མི་སྣ་ཁག་ལ་ཐུག་འཕྲད་གནང་བ་དང་ནིའུ་ཡོག་ནས་ཐའེ་ཝན་དུ་ཕེབས་ཏེ་བོད་ཀྱི་གནད་དོན་དང་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་ཐད་ཀྱི་གནས་ཚུལ་རྒྱུས་ལོན་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༢༢ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 6

  1. གླང་དར་མ། says:
    ལོ་ 17 སྔོན།

    སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས། བོད་རྒྱ་འབྲེལ་མོལ་སྐོར་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་ནའང༌། ཁོང་རང་འདས་པའི་28་ལ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་མང་པོ་འབྲེལ་བ་བྱས་ཡོད་ཀྱང་ གྲུབ་འབྲས་གང་ཡང་སྟོན་རྒྱ་མེད། ལྷག་པར་དུ་ཏེང་གི་རང་བཙན་མ་ཡིན་པ་གནད་དོན་གཞན་གྱི་ཐོག་སྐད་ཆ་བཤད་ན་འགྲིག་ཟེར་སྐད་ཆ་དེ་མཐའ་ཁུངས་སྐྱེལ་མ་ཐུབ་པས། ཁུངས་མེད་ཀྱི་སྐད་ཆ་དེ་བོད་ཀྱི་ཆབ་སྲིད་གནས་བབས་དང་འཐབ་བརྩོད་ལ་གྱོང་གུན་ཚབ་བཟོས་ཡོད། ངས་ཁོང་ནམ་དཔའ་བོ་ཞིག་དང༌། ཡང་གཟི་བརྗིད་ཅན་ཞིག་ལ་བརྩི་ཐུབ་པ་མི་འདུག

    Reply
  2. བདེ་འབྱུང་ says:
    ལོ་ 17 སྔོན།

    སྐུ་ངོ་མཆོག་སྐུ་གཟུགས་གསལ་ཐང་ཡོང་བར་ཤོག་

    Reply
  3. འོས་ལངས། says:
    ལོ་ 17 སྔོན།

    འགྱུར་བ་ཅི་ཡང་མེད་པའི་འབྲེལ་མོལ་ཙམ་ལ་དུས་ཚོད་རིང་པོ་འདི་འདྲ་ཞིག་བཏང་དང་གཏོང་དགོས་ན། བོད་རྒྱ་གྲོས་མོལ་ཡོང་རྒྱུའི་དུས་ཚོད་ནི་ཇི་འདྲའི་བློས་དཔོག་དཀའ་བ་ཞིག་མིན་ནམ་སྙམ། གང་ལྟར་བོད་རེ་བས་ཕོངས་ཟེར་བ་ནི་བདེན་གཏམ་རྣལ་མ་ཞིག་རེད་ཨང་།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    སྐུ་ཉིད་སྐུ་ན་མཐོ་ཞིང་སྐུ་གཟུགས་ཞན་ཡང་བོད་ཀྱི་བསྟན་པ་ཆབ་སྲིད་སླད་དུ། ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་ལ་ངོ་མཚར་ཆེ།།

    Reply
  5. སངས་ཕྲུག་སྣ་ལོ། says:
    ལོ་ 17 སྔོན།

    རྒྱལ་དོན་ལགས། ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཉིད་ལ་བསྟོད་བསྔགས་ཀྱི་མེ་ཏོག་བཀྲ་ལ་སྡུག་དམོད་ཀྱི་ཆར་ཆུ་ཡང་སྒོད། གང་ལྟར་སྐུ་ཉིད་གངས་ཅན་པའི་དཔའ་རྒོད་ཡིན།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཁ་དྲོ་བཀྲ་ཤིས་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese