མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དཔའ་བོ་ལྔ་ངྷ་སར་འབྱོར་བ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་བླ་བྲང་བསང་ཆུ་རུ་ན་ནིང་ཞི་རྒོལ་དང་གསར་འགོད་པའི་མདུན་དུ་བོད་མིའི་བདེ་སྡུག་གི་སྐད་ཆ་བཤད་མཁན་མི་སྣ་གཙོ་བོ་ལྔ་བྲོས་བྱོལ་དུ་བདེ་འབྱོར་བྱུང་ཡོད་པ་རེད།

དགེ་འདུན་པ་དེ་དག་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་བཞུགས་སྒར་ངྷ་སར་འབྱོར་རྒྱུ་ཡིན་པ་དང་། དེར་མདོ་སྨད་དབུས་རྒྱུན་དང་ས་གནས་མི་མང་གིས་ཁོང་ཚོ་བདེ་བླག་ངང་འབྱོར་བར་འཚམས་འདྲིའི་ཕེབས་བསུ་གནང་རྒྱུ་ཡིན་པ་རེད།
 
དགེ་འདུན་པ་དེ་ལྔ་ནི། དགེ་འདུན་རྒྱ་མཚོ། རང་ལོ་ ༣༩ ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་ཞང་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༣ ཚེས་ ༡༤ ཉིན་ཨ་མདོ་བླ་བྲང་ཁུལ་གྱི་བོད་མི་ཚོའི་ཞི་རྒོལ་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། སྐལ་བཟང་སྤྱིན་པ། རང་ལོ་ ༣༩ ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་ཞང་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༣ ཚེས་ ༡༤ ཉིན་ཨ་མདོ་བླ་བྲང་ཁུལ་གྱི་བོད་མི་ཚོའི་ཞི་རྒོལ་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། འཇམ་དབྱངས་སྤྱིན་པ། རང་ལོ་ ༢༤ ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་ཞང་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༤ ཚེས་ ༠༩ ཉིན་ཨ་མདོ་བླ་བྲང་དགོན་པར་རྒྱ་ནག་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ཞི་རྒོལ་བྱེད་མཁན་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། བློ་བཟང་རྒྱ་མཚོ། རང་ལོ་ ༢༤ ཕ་ཡུལ་རྨ་ལྷོ་སོག་པོ་ཡུལ་རྒན་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༤ ཚེས་ ༠༩ ཉིན་ཨ་མདོ་བླ་བྲང་དགོན་པར་རྒྱ་ནག་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ཞི་རྒོལ་བྱེད་མཁན་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། འཇིགས་མེད་རྒྱ་མཚོ། རང་ལོ་ ༢༣ ཕ་ཡུལ་མཚོ་སྔོན་ཐུན་ཏེ་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༤ ཚེས་ ༠༩ ཉིན་ཨ་མདོ་བླ་བྲང་དགོན་པར་རྒྱ་ནག་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ཞི་རྒོལ་བྱེད་མཁན་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན།

གོང་བརྗོད་དགེ་འདུན་པ་དེ་ལྔ་བོ་ཞི་རྒོལ་རྗེས་ནས་དགོན་པར་འདུག་མ་ཐུབ་པར་ད་བར་ཕ་ཡུལ་གྱི་འབྲོག་ས་དང༌། རི་སྒང༌། ལུང་ཁུག། ས་ཁུལ་གཞན་བཅས་སུ་སོ་སོར་ཉེན་ཡོལ་བྲོས་བྱོལ་བྱས་ནས་བསྡད་པ་དང༌། ཉེ་སྔོན་ཁོང་ཚོ་དེ་ལྟར་ཉེན་ཡོལ་བྱས་ནས་བསྡད་པ་ལ་ཁོངས་འཁྱོལ་ཐབས་མེད་པས་མ་གྲོས་བསམ་པ་གཅིག་མཐུན་གྱིས་སེམས་ཐག་ཆོད་པོས་བྲོས་བྱོལ་ལ་འགྲོ་རྒྱུའི་ལམ་ཁ་གདམས་པ་དང༌། ཐབས་ཤེས་འདྲ་མིན་བྱས་མཐར་སྤྱི་ཟླ་ལྔ་བའི་ཚེས་བདུན་ཉིན་བལ་ཡུལ་བརྒྱུད་རྒྱ་གར་ལ་བདེ་འབྱོར་བྱུང་ཡོད།

གནས་ཚུལ་གྱི་ཁུངས་ཀླ་འབུམ་བཀྲ་ཤིས་དང་མདོ་སྨད་དབུས་རྒྱུན་ཡིན།

མཆན། 22

  1. བློ་བཟང་། says:
    ལོ་ 14 སྔོན།

    ཁྱེད་ཅག་བདེ་བར་འབྱོར་བ་ལེགས།།
    བདག་ཅག་བསོད་ནམས་མཆོག་ཏུ་ངེས།།
    ཇི་སྲིད་རང་བཙན་མ་ཐོབ་པར།།
    དེ་སྲིད་སྙིང་སྟོབས་མ་ཞུམ་ཨང་།།

    Reply
  2. kunchok says:
    ལོ་ 14 སྔོན།

    very very greeting for our Tibet five hero arrived to Dhasa
    favely. uncount Tashi Delek for them!

    Reply
  3. རྭ་ལོ། says:
    ལོ་ 14 སྔོན།

    གོ་ཚོད་ལ་ཁོང་ཚོ་ཕྱིར་གནས་དབྱུང་གཏོང་རྒྱུ་ཡིན་པའི་སྐད་ཆ་ཞིག་ཀྱང་འདུག གལ་སྲིད་ཕྱིར་ངྷ་སར་གཡུག་པ་ཡིན་ན་ངས་ཁོང་ཚོ་ཕྱིར་འབུད་བྱེད་མཁན་གྱི་བོད་པ་སུ་ཡིན་དེ་དག་ལ་ངོ་རྒོལ་དང་ཁ་མཆུ་རྒྱག་གི་ཡིན།

    Reply
  4. རྭ་ལོ། says:
    ལོ་ 14 སྔོན།

    དགུ་བཅུ་གསུམ་གྱི་ལས་བྱེད་ཁ་ཤས་ཕྱི་རྒྱལ་ནས་ཕྱིར་མ་ལོག་པ་དེར་དེ་འདྲའི་གནད་དོན་ཞིག་བཟོ་དོན་ཨེ་ཡོད། བོད་མི་ཆེ་མ་ཆུང་གསུམ་གྱི་འགྲོ་སྟངས་འདུག་སྟངས་དེ་ག་རང་རེད། སྐུ་ངོ་ཚོའི་འགྲོ་སྟངས་ལ་ལྟོས་དང་། བླ་ཆེན་ཚོའི་གནང་སྟངས་ལ་ལྟོས་དང་། གངས་སྐྱིད་ཀྱི་ཧྥོལ་བྷུ་རེ་ཊིའི་སློབ་ཁོངས་སུ་འགྲོ་མཁན་ཚོར་ལྟོས་དང་། སློབ་ལོ་རྫོགས་རྗེས་ཕལ་ཆེ་བ་ཕྱིར་ཡོང་གི་མེད་པཱ། ཆབ་སྲིད་བཙོན་ཟུར་དེ་དག་གི་ཐོག་དེ་འདྲ་ཞིག་སྡང་དགོས་དོན་ཅི། ཨེ་ཤ་ཡའི་གསར་འགོད་པ་ཞིག་གིས་དེ་རླུང་འཕྲིན་ནང་བཤད་སོང་ཟེར། དེ་འདྲ་རང་ད་གནང་དགོས་ཨེ་ཡོད། དགུ་བཅུ་གསུམ་གྱི་ལས་བྱེད་དེ་ཚོ་སྙིང་རྗེ། ལམ་ཁ་བདེ་མོ་ཞིག་རག་པའི་སྨོན་ལམ། ལམ་ཁ་རག་རྗེས་སླར་ཡང་བོད་དོན་གྱི་ཐོག་ལ་ཁ་སེམས་གཉིས་ཀ་འཁོར་བའི་ཡིད་ཆེས་ཡོད།

    Reply
  5. བདེ་འབྱུང་ says:
    ལོ་ 14 སྔོན།

    གོང་དུ་རྒྱལ་པོ་འུ་དུམ་བཙན་པོས་གསུངས་པ་དེ་བདེན་པ་རེད། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགོ་གཙོ་ཕལ་ཆེ་བས་ས་དེ་སྔའང་ཕྱག་ལས་ཡག་པོ་གནང་མྱོང་མེད་ལ། ད་ཐེངས་ཡང་ཨ་མདོ་གསར་འབྱོར་བླ་བྲང་སྐལ་བཟང་དང་ཀུན་ཐར་དོན་འགྲུབ་ཅན་རེ་ཟུང་གི་བྱེད་སྟངས་དང་གཅིག་མཚུངས་ནག་འཚོང་ལམ་དུ་ཕྱིན་པ་ནི་ཇི་འདྲའི་མ་རབས་ཐ་ཤལ་ཅན་གྱི་གནས་ཚུལ་ཞིག་མ་ཡིན་ནམ།

    Reply
  6. བདེ་འབྱུང་ says:
    ལོ་ 14 སྔོན།

    བོད་མི་རིགས་ཀྱི་དཔའ་རྒོད་ལྔ་ལ་གུས་བསུ་དང་རྗེས་སུ་ཡི་རང་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་འཁྲབ་སྟོན་པ་རྫུན་མའི་ནད་ཡམས་ལས་རིང་དུ་རྒྱལ་བར་གྱུར་ཅིག གཞུང་དང་འབྲེལ་ཡོད་ཚོགས་སྡེ་ཁག་ནས་ཁོང་ཚོར་ཐོབ་འོས་པའི་བདག་སྐྱོང་གནང་བར་ཤོག

    Reply
  7. གླང་དར་མ། says:
    ལོ་ 14 སྔོན།

    ཁོང་ལྔ་པོ་བཙན་བྱོལ་ལ་བདེ་བླག་ངང་འབྱོར་ཐུབ་པ་དགའ་སྤྲོ་ཞུ། སྤྱིར་དཔའ་བོ་ཟེར་དུས་ཚད་གཞི་ག་འདྲ་ཞིག་ལ་ངོ་འཛིན་གྱི་དགོས་ཀྱི་རྣམ་པ་ཚོས་མ་མཁྱེན་ག་ལ་ཡོད། ཚང་མ་དཔའ་བོ་གི་མཚན་སྙན་ཕུལ་ན་འོས་འཚམས་ཤིག་མི་འདུག ཁོང་རྣམ་པས་ཕྱག་ལས་ཧ་ཀྱང་ཡག་པོ་གནང་ཡོད་པ་ཧ་གོ་ཡི་ཡོད། ཕན་ཐོག་ཡང་ངེས་ཅན་བྱུང་ཡོད་པ་རེད། ཁོང་རྣམ་པའི་ལྷག་བསམ་མུ་མཐུད་གནས་ཐུབ་པའི་རེ་བ་ཡོད། གང་ཡིན་ཟེར་ན། ཉེ་བའི་ཆར་གནས་ཚུལ་ཞིག་ཐོན་ཡོད་པ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་ཁག་ཅིག་གཏམ་བརྗོད་འཁྲབ་ཁ་ཡོ་རོབ་ལ་ཕྱིན་ཏེ་ཕྱིར་ལོག་མེད་པས་གནས་ཚུལ་བྱུང་ཡོད་པ་རེད། འདི་ལྟ་བུ་ཆབ་སྲིད་བཙོན་ཟུར་ཚོགས་པའི་ཚོགས་མི་དང་ཆབ་སྲིད་བཙོན་ཟུར་བ་ཚོས་བྱེད་སྟངས་དེ་སྐྱུག་གྲོ་བའི་གནས་སྟངས་ཤིག་ཡིན་ཞིང༌། དང་པོ་རང་ཉིད་ཀྱི་བྱས་རྗེས་ཁག་རྐང་རྗེས་ལག་གསུབ་དང༌། ཚོགས་པའི་མཚན་སྙན་ལ་གནོད་པ། ཆབ་སྲིད་བཙོན་ཟུར་དང་གསར་འབྱོར་བ་ཚོར་མིང་ཆད་སོགས་ཞབས་འདྲེན་དེ་ལས་སྡུག་བ་ཞུ་རྒྱ་མེད་པ་བཟོས་ཡོད། འ་འོངས་ཁོང་རྣམ་པ་དེ་ལྟ་བུ་མི་ཡོང་བའི་ད་ལྟ་ནས་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད།

    Reply
  8. མིག་གསུམ་པ། says:
    ལོ་ 14 སྔོན།

    གདོང་དམར་བོད་པ་ཚང་གི་དཔའ་རྒོད་རྣམས་ལ་སེམས་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    དེ་རིང་དཔའ་བོ་ལྔ་དེས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་འདུ་འཛོམས་ཤིག་སྐོང་རྒྱུ་རེད།

    Reply
  10. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    དཔའ་རྒོད་ཚོར་སེམས་གཏིང་ནས་རྟེན་འབྲེལ་ཞུ།

    Reply
  11. ཨ་བྱམས་རྒྱལ says:
    ལོ་ 14 སྔོན།

    དཔའ་བོ་དེ་དག་ལ་སེམས་སྟེང་ནས་གུས་བསུ་བྱེད་བཞིན་ཡོད།

    Reply
  12. འོས་ལངས། says:
    ལོ་ 14 སྔོན།

    ཁོང་ཚོ་རྒྱ་ལག་ནས་བདེ་ཐར་བྱུང་བ་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་ན་ཡང་། དེ་བས་ཀྱང་གལ་ཆེ་ཤོས་ཤིག་ལ་ད་དུང་མུ་མཐུད་དུ་བོད་དོན་བདེན་མཐའ་གསལ་ཐབས་ཐད་འབད་འབུངས་གནང་དགོས་འདུག་ལ། བཙན་བྱོལ་བོད་གཞུང་དང་འབྲེལ་ཡོད་ཚོགས་སྡེ་ཁག་གིས་ཀྱང་ཁོང་ཚོར་བདག་སྐྱོང་ཡག་པོ་ངེས་པར་གནང་དགོས་གལ་ཆེ། དེ་མིན་ཆབ་སྲིད་བཙོན་པ་ཡིན་ཟེར་མཁན་ཚོ་ལྟ་བུར་རང་དབང་ལུང་པ་ཞིག་ལ་སླེབས་ཚར་རྗེས་ནས་གྲག་འགུལ་ཅི་ཡང་མེད་པར་བསྡད་ན་མིང་དོན་གཉིས་མ་མཐུན་པ་ཡིན།

    Reply
  13. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    དགའ་བསུ་ཞུ། སེམས་ཀྱིས་དགའ་བསུ་ཞུ།

    Reply
  14. བློ་བཟང་རབ་དགའ། says:
    ལོ་ 14 སྔོན།

    བོད་ཀྱི་དཔའ་བོ་ཚོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་དང་ཞུ།་་ཁོང་རྣམས་ཀྱི་བྱས་རྗེས་ནི་བླ་ན་མེད་པ་རང་རེད།་་་་་་་ཁོང་རྣམས་ཀྱིས་དཔའ་ངར་ཞུམས་མེད་ཀྱིས་དངོས་སུ་མཐོན་ཏེ་རྒྱ་ནག་གཞུང་ལ་བདེན་པའི་འཐབ་རྩོད་གནང་བ་ནི་བསུབ་ཀྱང་ཟུབ་ཏུ་མེད་པའི་ལོ་རྒྱུས་ཀྱ་ིརི་མོ་གལ་ཆེན་ཞིག་རེད།་་་་འོན་ཀྱང་ད་ཆ་ནི་སེམས་ཤུགས་ལྷག་བསམ་སོགས་གང་གིས་ཆ་ནས་ཀྱང་ལྷད་མེད་ཀྱི་དཔའ་བོ་རང་ཡིན་ཀྱང་རིམ་པས་བཙན་བྱོལ་སྤྱི་ཚོགས་ལ་འདྲིས་དགོས་སྟབས་ཕྱི་རྒྱལ་དང་ཊོ་ལར་གྱི་ན་ཚ་མ་དགོས་པ་ཤོག།་།

    Reply
  15. ཀླུ། says:
    ལོ་ 14 སྔོན།

    ཕེབས་བསུ་དང་དགའ་བསུ་ཙམ་གྱིས་ཡོང་ཐབས་མེད་པ་རེད།
    ཁོང་ཚོའི་སྙིང་སྟོབས་དང་ལྷག་བསམ་སོགས་མུ་མཐུད་བདག་སྐྱོང་བྱེད་མ་ཐུབ་ན་ཡང། རྒྱལ་གཅེས་དཔའ་པོའི་སྙིང་སྟོབས་སེམས་ཤུགས་ཕྱི་སྡོད་བོད་མི་དང་གཞུང་།་འབྲེལ་ཡོད་ཚན་པས་འཕྲོ་བརླག་ལ་མི་འགྲོ་བ་བྱེད་རྒྱུ་གལ།

    Reply
  16. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    སེམས་དང་བསམ་པའི་བསྟོད་བསྔགས་ཁྱེད་ཚོ་བྱེད། ལུས་དང་དུངས་པའི་སྒོ་ནས་འཚམ་འདྲི་ཡོད། ཇི་སྲིད་བོད་ཀྱི་རང་དབང་མ་ཐོབ་པ་དེ་སྲིད་དུ། ཁྱེད་ཅག་གིས་ཞུམ་མེད་སྙིང་སྟོབས་ཀྱིས་བཙན་བྱོལ་ནས་ཀྱང་མི་མང་དག་གཉིད་ལས་སློང་བར་རེ་བ་ཡོད། ཁྱེད་ཅག་གི་སྐུ་བསོད་དབང་ཐང་རྒྱས་པར་ཤོག

    Reply
  17. སངས་ཕྲུག་སྣ་ལོ། says:
    ལོ་ 14 སྔོན།

    ཡིག་ནོར་ལ་དགོངས་འགལ་མེད་པ་ཞུ།

    Reply
  18. སངས་ཕྲུག་སྣ་ལོ། says:
    ལོ་ 14 སྔོན།

    གོང་གསལ་དཔའ་རྒོད་ལྔ་དེ་རིང་དགོང་མོ་ཚོུད་༦དང་ཕྱེད་ཀ་ཐོག་རྡ་སར་ཕེབས་སོང་ལ། ཁ་སང་ཁོ་རྣམས་ལྡི་ལི་ལ་འབྱོར་ནས་དགོང་མོ་ལྡི་ལི་བོད་སྒར་བསམ་ཡང་གླིང་གི་མི་མང་ནས་དགོན་པའི་མདུན་ཐང་དུ་ཕེབས་བསུ་ཞུས་སོང། དེ་རྗེས་མདོ་སྨད་ས་རྒྱུན་ནས་ཞི་བདེའི་མགྲོན་ཁང་གསར་བའི་ཟ་ཁང་དུ་གསོལ་སྟོན་གང་ལེགས་འབུལ་སོང་ལ་བརྒྱ་འཐུས་དང་གཞོན་ནུ་བུ་མེད་རང་ཚོགས་སོགས་ས་གནས་གནད་ཡོད་མི་སྣ་གང་མང་ཕེབས་འདུག གསོལ་སྟོན་གྲུབ་འཚམས་ཀིརྟིའི་བྱེས་པ་གྲ་ཚང་གི་ཕྱག་མཛོད་ནས། གངས་རིའི་དཔའ་རྒོད་ཚོ། ཁྱེད་རྣམས་ཀྱི་བླ་ན་མེད་པའི་སྙིང་སྟོབས་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་ལ་ཁྱེད་རྣམས་ཀྱི་ཚེ་སྲོག་དགྲ་ལག་ནས་ཐར་བ་ང་ཚོའི་བསོད་ནམས་ཡིན་ཟེར་ནས་བོད་ཀྱི་རྒྱལ་དར་རེ་དང་ཐུགས་རྗེ་ལེགས་འབུལ་ཧིན་སྒོར་༡༠༠༠རེ་བཅས་དར་དཀར་རེ་འབུལ་ནས་ཁོང་རྣམས་བདེ་འབྱོར་བྱུང་བས་དགའ་སྤྲོའི་མིག་ཆུ་གཏོར་ནས་བསུ་བ་ཞུས་སོང།

    Reply
  19. རྟ་བདུན་རྒྱལ་བོ། says:
    ལོ་ 14 སྔོན།

    དགེ་འདུན་པ་ལྔ་བོ་འདི་བཀྲ་ཤིས་བདེ་ལེགས་ངང་རྒྱ་གར་དུ་འབྱོར་བ་ལ་འཚམས་འདྲི་བྱེད་རྒྱུ་ཡིན། ཁྱེད་རྣམ་པས་རང་གི་སྐུ་སྲོག་ལ་མ་འཛེམ་པར་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེ་ཧ་ཅང་གི་བསྟོད་འོས་པ་ཞིག་རེད་།

    Reply
  20. སོག་གཡག་ལ་སེ་བོ། says:
    ལོ་ 14 སྔོན།

    དགའ་སུ་ཞུ་བ་དང་ཆབས་གཅིག་ཁོང་རྣམས་ཀྱི་སྙིང་སྟོབ་ལ་རྗེ་སུ་ཡིད་རང་ཡོད།

    Reply
  21. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དཔའ་བོ་ཁོང་ལྔ་བོ་བདེ་བླག་ངང་བཙན་བྱོལ་དུ་འབྱོར་བར་དགའ་བསུ་ཞུ།

    Reply
  22. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    དཔའ་བོ་ལྔ་བོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སྦྲགས་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist