མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྒྱུད་ལམ་ཐོག་གི་གྲང་དམག

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༤༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

གལ་སྲིད་དེ་རིང་བོད་རྒྱ་གཉིས་ཀྱིས་རྒྱལ་སྤྱིའི་སྟེང་དུ་དྲིལ་བསྒྲགས་ཀྱི་དམག་འཁྲུག་ཅིག་རྒྱག་གི་ཡོད་ཚེ། རྒྱ་ནག་གིས་ད་སྐབས་གསུམ་གཉིས་ས་ཡི་ཁྱོན་འདི་དྲིལ་བསྒྲགས་ཀྱིས་དབང་དུ་བསྒྱུར་ནས་ང་ཚོ་སའི་གོ་ལའི་མཐའ་སྣེ་ཆུང་ཆུང་ཞིག་ལ་འདེད་ཀྱིན་ཡོད།

ལོ་འདིའི་ཕྱི་ཟླ་ ༤ པའི་ཚེས་ ༩ ཉིན་རྒྱ་ནག་གིས་ང་ཚོའི་གནས་ཚང་རྒྱལ་ཁབ་ནང་གི་ཧིན་རྡུའི་དུས་བབ་གསར་ཤོག་སྟེ། The Hindustan Times ཞེས་པའི་སྟེང་། ཀྲུང་གོའི་བོད་ཀྱི་འདས་པ་དང་ད་ལྟ་བ། ཞེས་ཁ་བྱང་དུ་བཀོད་དེ་ཤོག་ངོས་བརྒྱད་ཀྱི་གསལ་བསྒྲགས་ཤིག་ཉོས་ཡོད། དེ་བཞིན་དུ། ཟླ་དེའི་ཚེས་ ༦ ཉིན་ཨབ་རི་ཁའི་རྒྱལ་ཁབ་ Malawi ཡི་ཉིན་རེའི་གསར་ཤོག་ Daily Times of Malawi ཞེས་པའི་སྟེང་དུ། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་མི་ལོ་ ༥༠ འཁོར་ཞེས་ཁ་བྱང་དུ་བཀོད་དེ། གསར་ཤོག་དེའི་ཤོག་ངོས་ ༡༨ ཉོས་ཡོད། འདི་ལྟར་གླིང་ཕྲན་དང་མངའ་ཁུལ་འདི་དག་ནང་བོད་དོན་དྲིལ་བསྒྲགས་ཀྱི་འགད་རྫས་ཆེན་པོ་རེ་འཕངས་ཏེ། དམག་འཁྲུག་འདི་གཟབ་ནན་གྱིས་རྒྱག་གིན་ཡོད།

རྒྱ་ནག་གི་དམག་འཁྲུག་ནི་འདི་ཙམ་ག་ལ་ཡིན། ཁོང་ཚོས་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་གསར་འགོད་བརྒྱུད་ལམ་ནི་འདི་ལྟར་ཉོ་ཐུབ་མེད་ནའང་། ཁོང་ཚོས་རང་ཉིད་ཀྱི་བརྒྱུད་ལམ་གསར་གཏོད་བྱས་ཤིང་། ཕྱི་ཟླ་ ༤ པའི་ཚེས་ ༢༠ ཉིན་གུང་ཁྲན་ཏང་གི་མགྲིན་པ་ལྟ་བུའུ་མི་དམངས་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་དཔར་མ་འགྲེམས་མགོ་བརྩམས་ཤིང་། ད་ཆར་གསར་ཤོག་དེར་དྲ་ཐོག་ཏུ་སྐད་ཡིག་ཆེན་པོ་ ༦ ཡོད། འདི་དག་གི་ཀློག་མཁན་ནི་ཨ་རི་དང་ཡུ་རོབ། ར་ཤི་ཡ། ཨ་རབ། ཉི་ཧོང་བཅས་ཡིན། རྒྱ་ནག་གིས་བརྒྱུད་ལམ་རྒྱ་བསྐྱེད་ཀྱི་ཕྱོགས་ལ་རྒྱ་སྒོར་ཐེར་འབུམ་ ༤༥ གཏོང་གི་ཡོད་ལ། ཁོང་ཚོས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རྒྱལ་སྤྱིའི་སྡེ་ཚན་ཞེས་པའི་ལེ་ཚན་དུ་དབྱིན་སྐད་ཐོག་དུས་ཚོད་ཉེར་བཞི་དང་། གཟའ་རེའི་ཉིན་བདུན་ལ་ཆད་མེད་དུ་གནས་ཚུལ་གཏོང་གི་ཡོད། ཞིན་ཧྭ་གསར་འགྱུར་དེ་སྐད་ཡིག་ཆེན་པོ་ ༦ དྲུག་གི་ནང་ཡོད་པའི་ཁྲོད་དབྱིན་ཡིག་དང་ཧྥུ་རན་ཆི། སི་པཱ་ནེ་ཤི ཨ་རབ་སྐད་བཅས་ཚུད་ཡོད། ལོ་སྔོན་མ་ནས་ཞིན་ཧྭ་དྲ་རྒྱ་ལ་བོད་ཡིག་གི་དྲ་ཤོག་ཅིག་ཀྱང་ཡོད། འདི་ལྟར་རྒྱ་ནག་གིས་དྲིལ་བསྒྲགས་ཀྱི་དམག་འཁྲུག་འདིའི་ལམ་ནས་ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་ཅིག་རྒྱག་གི་ཡོད།

གསར་འགྱུར་བརྒྱུད་ལམ་གྱི་ཕན་ནས་མཁས་པའི་གཏམ་བཤད་དང་རིག་གཞུང་ཟློས་གར་སོགས་ཀྱི་ཆ་ནས་ཀྱང་ཤུགས་ཆེ་རུ་བཏང་སྟེ། ནུབ་ཕྱོགས་ཀྱི་སློབ་གླིང་ཁག་ཏུ་ཀྲུང་གོའི་བོད་ཀྱི་གནས་སྟངས་དང་ལོ་རྒྱུས་ཀྱི་གནས་བབ། རིག་གཞུང་གི་འབྲེལ་བ་བཅས་དྲིལ་བསྒྲགས་བྱེད་ཀྱིན་ཡོད། ཉེ་ལམ་ཡུ་རོབ་ཀྱི་གྲོགས་པོ་ཞིག་གིས་ང་ལ་བཤད་དོན། རྒྱ་ནག་གི་གཞུང་ཚབ་ཁག་གི་ནང་དུ་རིག་གཞུང་གི་སྡེ་ཚན་རེ་བཙུགས་འདུག་ལ། དེ་དག་གིས་ནུབ་ཕྱོགས་ཀྱི་སློབ་གླིང་སོགས་སུ་རྒྱ་ནག་ངོ་སྤྲོད་དང་བོད་དོན་དྲིལ་བསྒྲགས་ཀྱི་ལས་ཀ་བྱེད་ཀྱིན་འདུག བཙན་བྱོལ་བོད་གཞུང་གིས་ཀྱང་གཞུང་ཚབ་ཁག་ཏུ་བོད་ཀྱི་རིག་གཞུང་གི་སྡེ་ཚན་རེ་འཛུགས་རྒྱུ་ནི་ཁ་ཚ་དགོས་གཏུགས་རེད་ཟེར།

བོད་མི་ཚོ་དྲིལ་བསྒྲགས་ཀྱི་ནུས་པར་ཡིད་ཆེས་བརྟན་པོ་ཡོད་ལ། འདས་པའི་ལོ་ ༥༠ རིང་གི་གྲུབ་འབྲས་ཆེ་ཤོས་ཤིག་ཀྱང་བོད་དོན་དྲིལ་བསྒྲགས་ཡིན། བོད་མི་ཚོའི་བསམ་བློའི་རྨང་རྡོ་ནི་བདེན་པ་ནི་སྔ་ཕྱི་ཙམ་མ་གཏོགས་བདེན་ཐོག་ལ་འཁྱོལ་ཐུབ་པ་དང་། འདི་ལས་ལྡོག་ན་ཕམ་པར་འགྱུར་ངེས་པ་དེ་ཡིན། རྒྱ་ནག་ཀྱང་དྲིལ་བསྒྲགས་ཀྱི་ནུས་པར་ཡིད་ཆེས་ཡོད། ཁོང་ཚོར་འཆར་གཞི་དང་གདེང་ཚོད་ཀྱང་ཡོད། རྒྱ་ནག་གིས་རྫུན་མ་གཅིག་ཐེངས་བརྒྱར་བཤད་ན་བདེན་པར་འགྱུར་བའི་རྩ་དོན་འདི་འཁྱེར་ཡོད།

ང་ཚོའི་འཐབ་རྩོད་འདི་གོ་མཚོན་གྱི་ཁ་ནས་རྒྱལ་མི་ཐུབ་པ་ནི་ང་ཚོས་ལོ་ ༥༠ གོང་ནས་ཤེས་ཡོད། ད་ནི་བརྡ་འཕྲིན་གྱི་ལམ་ནས་ཀྱང་རྒྱལ་ཐུབ་མིན་གྱི་ཐེ་ཚོམ་སྐྱེས་མགོ་ཚུགས། དེའི་ཁར་ང་ཚོས་ད་བར་དུ་བོད་པ་རང་གི་གཞུང་སྒེར་གྱི་གསར་འགོད་བརྒྱུད་ལམ་ཁག་ལ་བསྐྱར་ཞིབ་དང་། ལམ་སྟོན། དཔུང་ཁག་ཧྲག་སྒྲིག་བྱེད་ཐུབ་མེད་པ་ནི་སྐྱོ་གར་གཞན་ཞིག་ཡིན།

འབྲེལ་ཡོད་གསར་འགྱུར།

པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༢ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣

མཆན། 7

  1. བདེ་འབྱུང་ says:
    ལོ་ 17 སྔོན།

    གཞུང་གི་མ་འཐུས་ས་དང་མ་འགྲིག་ས་རྐྱང་བཤད་ནས་བསྡད་པ་ལས་དེ་སེལ་བའི་ཐབས་ལམ་འདྲ་བཙལ་རོགས། དེ་དག་བསྒྲུབ་ཐུབ་པའི་བཀའ་ཁྲི་ཞིག་འཚོལ་རན་པའི་དུས་ལ་བབ་མི་འདུག་གམ།

    Reply
  2. རོགས་ཆུང་ལོ། says:
    ལོ་ 17 སྔོན།

    བོད་དོན་དྲིལ་བསྒྲགས་ཆེན་པོ་ཞིག་བྱུང་ཡོད་པ་མ་རེད། ལྷག་པར་དུ་བོད་པ་ཚོ་ངོ་ཤེས་མཁན་དང་ཤེས་འདོད་མཁན་ཇེ་ཉུང་རེད། ད་བར་དུ་ཤེས་པ་དེ་ཏཱ་ལའི་བླ་མའི་གཟི་བྱིན་རེད། ནང་ཆོས་ཀྱི་བྱམས་སྙིང་རྗེ་རེད། དེའི་རྗེས་ནས་བསམ་བློ་འདི་འཛིན་མཁན་གྱི་མི་རིགས་རེད་སྙམ་པའི་མཐོ་སྒང་གི་བོད་པ་(འབྲོག་པ་དང་ཞིང་པ་)དྲང་པོ་དྲང་རྐྱང་ཚོ་རེད། པར་རེ་བླངས་ཏེ་སྒྲུང་རེ་བཟོས་ཏེ་ནུབ་ཕྱོགས་ཀྱི་གསར་འགོད་པ་རེ་ཟུང་གིས་སྙན་གྲགས་དང་ཁ་རྒྱབ་བཅས་ཕྱོགས་ཐམས་ཆད་ཁེབས་པར་བྱེད་ཀྱི་ཡོད་པ་རེད།འོན་ཀྱང་། ཁོང་ཚོའི་མིག་ལམ་ནས་བོད་པ་ཚོར་དེ་འདྲའི་གཟི་ཤུགས་ཞིག་ཡོད་དམ། བོད་དོན་འདིར་དེ་འདྲའི་བྲོ་བ་ཞིག་འདུག་གམ། གལ་སྲིད་ཡོད་ན་ད་ལོ་དང་ན་ནིང་གཉིས་ལ་དེ་འདྲའི་ཁྱད་པར་ཞིག་ག་རེ་བྱས་ནས་ཤོར་བ་རེད།

    Reply
  3. རྭ་ལོ། says:
    ལོ་ 17 སྔོན།

    དྲ་ཐོག་འདི་ན་ཁང་གསར་རྡོ་རྗེ་དང་ཞབས་དྲུང་ངག་དབང་རྣམ་རྒྱལ་གཉིས་ལས་སྐད་ཆ་ཞིབ་མོ་བཤད་ཤེས་མཁན་ཞིག་མེད་དོན་ཅི་རེད། ཁོང་གཉིས་མི་གསོན་པོར་ངོ་ཤེས་མཁན་འདྲ་ཡོད་དམ།

    Reply
  4. རྭ་ལོ། says:
    ལོ་ 17 སྔོན།

    བདེ་སྲུང་བོད་གནས་ཉམས་ཞིབ་ཁང་ངམ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ལ་གསར་ཤོག་འདི་གཉིས་ཀའི་ངོ་བཤུས་རེ་རག་ཡོད་མེད་འདྲི་རོགས། རག་མེད་ན་རག་ཐབས་བྱོས། དེ་ནས་ནང་དོན་ལ་ཞིབ་འཇུག་གནང་རོགས། རྒྱ་ནག་གི་གླ་ཡོད་གསལ་བསྒྲགས་དེའི་ཐབས་དང་རྩལ་ལ་རྒྱུས་ལོན་གསལ་བོ་ཞིག་བྱས་ནས་ཕྱི་ལ་བསྒྲག་རོགས།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཤེལ་དཀར་གྱིས་གསུངས་པ་བདེན་པར་འདོད། ཡིན་ཡང་། བཤད་ཚད་ལག་ལེན་དུ་འདེབས་ཐུབ་རྒྱུ་དཀའ་ལ། དུས་ཐུང་ནང་ལག་ལེན་ལ་འཁེལ་རྒྱུ་དེ་བས་ཀྱང་ཁག་གི་རེད། དེ་བས་ང་ཚོས་ཕྱོགས་ཡོངས་ཀྱི་ལམ་ཁ་རེ་འཚོལ་དགོས་པ་རེད། ང་ལྟ་བུ་ཡིན་ན་ད་ལྟ་དང་ལྷག་པར་དུ་མ་འོངས་པར་ང་ཚོ་རང་ཉིད་ལ་དབང་བའི་བརྒྱུད་ལམ་དྲང་པོ་དང་ཧུར་པོ་རེ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདོད། དམངས་གཙོ་ལ་ཡིད་ཆེས་ཡོད་པ་ཙམ་མིན་པར་ལག་ལེན་ནས་དམངས་གཙོ་ཆགས་དགོས་ཀྱི་འདུག འབྱུང་འགྱུར་གྱི་བཀའ་ཁྲི་ཡང་ལྟ་གྲུབ་ཀྱི་རྒྱ་འདི་ལས་མི་བརྒལ་བ་ཞིག་ཡོད་ན་ཅི་མ་རུང་སྙམ་གྱིན་ཡོད།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    མི་རབ་གོང་མར་སྐྱོན་བརྗོད་འདི་དང་འདི་ཞེས་ཟེར་ཟློས་བྱེད་ཀྱང་། ད་དུང་ང་ཚོ་རྨོངས་གཉིད་ལས་སད་ཐུབ་མི་འདུག་སྙམ།།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱེད་ལུགས་འདི་ནི་དུས་རྟག་དུ་གོ་རིམ་ལྡན་པ་ཞིག་དང་འཆར་གཞི་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ་ངེད་ཅག་བཙན་བྱོལ་གཞུང་གིས་ཁོང་ཚོས་ལག་ལེན་བསྟར་རྗེས་གཞི་ནས་གཉིད་ལས་སད་པ་ལྟར་འཆར་གཞི་རེ་འཚོལ་བཞིན་ཡོད་པ་ལས། ཁོང་ཚོ་ཇི་བཞིན་འདིས་རྗེས་སུ་འདི་བྱེད་དགོས་ཀྱི་རེད་ཟེར་ནས་འཆར་གཞི་གང་ཡང་མེད་པར་བཤད་མི་ཐུབ་ཀྱང་། ཕལ་ཆེར། དེ་འདྲ་མེད་པའི་སྐྱོན་ཞིག་ཏན་ཏན་ཡོང་གི་འདུག དེའི་སྟབས་ཀྱིས་བོད་པ་ཚང་གི་ལས་དོན་གང་ཞིག་མཇུག་ཡོད་པ་ཞིག་ཡོང་ཐུབ་ཀྱི་མེད་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese