མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་ལྗང་ཁུ་ཚོགས་པའི་དུས་སྟོན་ནང་གི་བོད།

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་༡༧ ཉིན་ཡུ་རོབ་ལྗང་ཁུ་ཚོགས་པས་གོ་སྒྲིག་འོག་ལོ་འདིའི་ཕྱོགས་འགལ་བའི་དུས་སྟོན་ festival de la dissidence དེ་རྒྱལ་ས་ཕ་རི་སའི་ཉེ་འཁྲིས་Vincennes Cartoucherie ས་གནས་སུ་ཉིན་གཅིག་རིང་ཚུགས་ཡོད་ལ། དེར་ཆེད་མཁས་གདན་འདྲེན་གྱིས་རྒྱལ་སྤྱི་དང་། དམིགས་བསལ་ཨེ་ཤ་ཡའི་ཡུལ་ལུང་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བགྲོ་གླེང་གནང་ཡོད། འདི་ལོའི་ཡུ་རོབ་སྤྱི་འཐུས་ཀྱི་འོས་འཕེན་ནང་འགྲན་ཞུགས་གནང་ཡོད་པའི་བོད་མོ་སྐལ་བཟང་སྒྲོལ་མ་ལགས་ཀྱིས་དུས་སྟོན་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགྲེལ་བརྗོད་གནང་ཡོད།

གསལ་བརྡ་འབྱོར་བ་ལྟར་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ་ང་རང་ Vincennes Cartoucherie ས་གནས་སུ་འབྱོར། དུས་སྟོན་དངོས་གཞི་ཚུགས་ས་ནི་ཉི་མ་ཟློས་གར་ཁང་ theatre du soleil ནང་རེད། ཟློས་གར་ཁང་གི་སྒོའི་སྟེང་དུ་ཧྥ་རན་སི་དང་བོད་ཀྱི་རྒྱལ་དར་ཆེན་པོ་གཉིས་ལྷན་དུ་བསྒྲེངས་ཡོད་པ་དེས་དུས་སྟོན་འདི་བོད་དམ། དམིགས་བསལ་བོད་དང་འབྲེལ་བའི་དུས་སྟོན་ཞིག་ཡིན་པའི་སྣང་བ་སྟེར། འོན་ཀྱང་འདི་ནི་ཡུ་རོབ་ལྗང་ཁུ་ཚོགས་པས་ལོ་ལྟར་ཚོགས་བཞིན་པ་ལས་དམིགས་བསལ་བོད་དང་འབྲེལ་བའི་དུས་སྟོན་ཞིག་མ་རེད། ཟློས་གར་ཁང་དུ་འཛུལ་སྐབས་ང་རང་ཧང་སངས་པར་གྱུར། གཞི་རྒྱ་ཆེ་བའི་ཟློས་གར་ཁང་འདིའི་བརྩིགས་ངོས་ཡོངས་སུ་སྒྲོལ་མའི་སྐུ་སྟོད་གཙོ་སྐུ་བྱས་པའི་སངས་རྒྱས་སྟོང་སྐུའི་ལྡེབ་རིས་བྲིས་ཡོད་པ་མ་ཟད། ལྡེབ་རིས་དེ་དག་ལོ་སྟོང་ཕྲག་འགོར་བ་ལྟར་ཧ་ཅང་གི་ལྡེབ་རིས་རྙིང་བ་ལྟར་བྲིས་འདུག གར་སྟེགས་ཀྱི་རྒྱབ་ཡོལ་སྟེང་སངས་རྒྱས་ཀྱི་སྤྱན་ཟུང་ཆེན་པོ་གཉིས་བྲིས་འདུག་ལ། ཀ་བ་དང་སྐས་འཛེགས་སོགས་ཀྱི་ངོས་སུ་ཡང་བཀྲ་ཤིས་རྟགས་བརྒྱད་སོགས་བོད་ལུགས་ཀྱི་རི་མོས་ཁེངས་འདུག བགྲོ་གླེང་གནང་མཁན་ཚོར་ཡང་དུས་རྒྱུན་ལྟར་ཕྱི་ལུགས་ཀྱི་ཅོག་ཙེ་དང་རྐུབ་སྟེགས་གང་ཡང་མེད་པར་གར་སྟེགས་སྟེང་བོད་ལུགས་ཀྱི་འབོལ་གདན་སྲབ་མཐུག་སྙོམ་པ་ཞིག་བཏིངས་འདུག་པ་ཙམ་རེད། ཟུར་དུ་དེང་རབས་ཀྱི་རོལ་གཞས་གཏོང་སའི་སྟེགས་བུ་ཞིག་ཡོད་པ་ཙམ་ལས། དེ་མིན་ང་རང་ཡུ་རོབ་གླིང་གི་ཟློས་གར་ཁང་ཞིག་ནང་སླེབས་པ་ལས་བོད་པའི་དགོན་སྡེ་གང་རུང་གི་འདུ་ཁང་ཆེན་མོ་ཞིག་གི་ནང་སླེབས་པའི་ཚོར་བ་སྟེར། རྗེས་སུ་རྒྱུས་ལོན་བྱས་པ་ལྟར་ན། བོད་ཀྱི་རྒྱལ་དར་བསྒྲེངས་ཤིང་ད་ལོའི་དུས་སྟོན་ཚོགས་ཡུལ་ཉི་མ་ཟློས་གར་ཁང་འདེམས་པ་ནི་ཡུ་རོབ་ལྗང་ཁུ་ཚོགས་པས་དམིགས་བསལ་བོད་ལ་མཐོང་ཆེན་དང་རྒྱབ་སྐྱོར་མཚོན་ཆེད་ཡིན་འདུག

བགྲོ་གླེང་དངོས་གཞི་ནི་ཚན་པ་འགར་བགོས་འདུག ལྗང་ཁུ་ཚོགས་པས་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་འོས་འཕེན་ཆ་ཤས་ལེན་སྟངས་དང་། རྒྱལ་སྤྱི་དང་ཨེ་ཤ་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་སྐབས་བབ་ཀྱི་བགྲོ་གླེང་མ་བྱས་སྔོན་དུ་བརྗོད་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཐུང་ངུ་རེ་སྟོན་ཞིང་། དེ་རྗེས་བགྲོ་གླེང་དངོས་གཞི་མགོ་འཛུགས་ཀྱི་འདུག འགྲོ་བ་མིའི་ཐོབ་ཐང་མེད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་ར་ཤི་ཡ་དང་ཨབ་རྒན། རྒྱ་ནག བོད། འབར་མ་བཅས་ཚུད་འདུག་ལ། བགྲོ་གླེང་གནང་མཁན་ནི་ཡུལ་ལུང་དེ་དག་གི་ནང་འགྲོ་བ་མིའི་ཐོབ་ཐང་བརྩོད་ལེན་པ་དང་ཉམས་ཞིབ་པ། ལས་འགུལ་བ། ཆེད་ལས་མཁས་པ་སོགས་གདན་འདྲེན་བྱས་འདུག བོད་དང་རྒྱ་ནག་གཉིས་ཚན་པ་གཅིག་ཏུ་བཀར་འདུག ཧོང་ཀོང་ནས་ཆེད་དུ་ཕེབས་པའི་རྩོམ་པ་པོ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཝང་ཏིང་ཧྥུང་གིས་ ༼ བརྒྱད་ཅུ་གྱ་དགུའི་ལོར་ང་ཐེན་ཨན་མིན་དོན་རྐྱེན་ནང་ཞུགས་པ་ཡིན། དེ་ནས་ད་བར་དུ་ལོ་ཉི་ཤུ་འགོར་ཡོད། ལོ་འདི་དག་གི་ནང་རྒྱལ་ཁབ་ཁག་དང་སྲིད་གཞུང་ཁག ཐ་ན་བརྒྱུད་ལམ་ཁག་གིས་ཀྱང་རྒྱ་ནག་ལ་ལྟ་སྟངས་འགྱུར་ཡོད། ཁོང་ཚོས་ལོ་འདི་དག་གི་ནང་རྒྱ་ནག་ལ་འགྱུར་ལྡོག་བྱུང་བ་དང་། དེ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་འདོད་ཀྱིན་འདུག འོན་ཀྱང་ང་རང་ལྟ་སྟངས་དེར་མོས་མཐུན་མེད། རྒྱ་ནག་མི་དམངས་ད་དུང་འཇིགས་སྐྲག་དང་དངངས་འཚབ་ཀྱི་ནང་འཚོ་བཞིན་ཡོད་ལ། འདི་རང་དབང་དང་དམངས་གཙོ་གཅིག་བུའི་གནད་དོན་མ་ཡིན་པར་མི་སྒེར་ཀྱི་འཚོ་གནས་དང་ལས་ཀ་སོགས་ཐད་ནས་ཀྱང་དེ་ལྟར་ཆགས་ཡོད་། དེར་བརྟེན་རྒྱ་ནག་ལ་ད་བར་དུ་འགྱུར་བ་གང་ཡང་ཕྱིན་མེད། འགྱུར་ལྡོག་ཅིག་བྱུང་ཡོད་ན་དེ་ནི་ཕྱི་ཚུལ་དང་རྫུས་བག་གི་འགྱུར་བ་ཙམ་རེད།༽ ཅེས་ད་ལྟའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་དམིགས་བསལ་ཞིང་བ་དང་ལས་བཟོ་བས་རང་གི་འཚོ་གནས་ལ་འཇིགས་སྐྲག་དང་དངངས་འཚབ་ལས་གདེང་ཚོད་མེད་ཚུལ་སོགས་གསུངས་ཡོད། སྐལ་བཟང་སྒྲོལ་མ་ལགས་ཀྱིས་བོད་སྐོར་གཏམ་བཤད་གནང་སྐབས༼ དེ་རིང་འདིར་ཕེབས་པའི་ཚོགས་ཞུགས་པ་ཡོངས་ཀྱིས་བོད་ཟེར་དུས་རྒྱ་ནག་གི་ཡིན་པར་དགོངས་ཀྱི་ཡོད། དོན་དངོས་སུ་དེ་ལྟར་མིན། ཕྱི་ལོ་ལྔ་དགུ་ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་པའི་སྔོན་དུ་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན།  རྒྱ་ནག་གིས་བཙན་འཛུལ་དེའི་སྐབས་བོད་མི་ས་ཡ་གཅིག་ལྷག་རྐྱེན་ལམ་དུ་བཏང་བ་མ་ཟད། བོད་ཀྱི་དགོན་སྡེ་དྲུག་སྟོང་གིས་གཙོས་པའི་རིག་དངོས་ཤུལ་བཞག་རྩ་གཏོར་དུ་བཏང་ཡོད། ད་བར་དུ་མི་ལོ་ལྔ་བཅུའི་རིང་རྒྱ་ནག་གིས་བོད་མི་ཚོར་སོ་སོའི་མངོན་འདོད་དང་མཐུན་པའི་རིག་གཞུང་དང་ཆོས་དད། འཚོ་གནས་ཀྱིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་གང་ཡང་སྤྲད་མེད་ལ།  ཚང་མས་མཁྱེན་གསལ་ལྟར། འདས་ལོར་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་དེར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མི་ལས་འགུལ་བ་ཚོ་དམར་གསོད་དང་། ཉེས་རྡུང་། བཙོན་འཇུག ཚད་ལས་འདས་པའི་ཁྲིམས་གཅོད་སོགས་ལག་བསྟར་བྱས་དང་བྱེད་བཞིན་ཡོད། ༽ཅེས་བོད་ནང་གི་གནས་སྟངས་གསལ་བཤད་གནང།
དུས་སྟོན་འདིའི་སྟེང་ཡུ་རོབ་ལྗང་ཁུ་ཚོགས་པའི་ལྷོ་ནུབ་ཚོགས་སྡེའི་མགོ་ཁྲིད་དང་ཕྱི་ལོ་༢༠༠༧ལོའི་ཧྥ་རན་སིའི་སྲིད་འཛིན་འོས་གཞི་སྐུ་ཞབས་བྷོ་བུ ཇོ་སེ་ Bové José ལགས་ཀྱིས་གཙོས་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་། ཧྥ་རན་སའི་ས་གནས་གཞུང་འཛིན་དཔོན་རིགས་ཁག་ཅིག་ཕེབས་ཡོད་པ་ལ། དེ་བཞིན་རྒྱལ་སྤྱི་དང་ཡུ་རོབ་ནང་སྙན་གྲགས་ཅན་གྱི་ཆབ་སྲིད་པ་དང་། གསར་འགོད་པ། སྒྱུ་རྩལ་པ། དངོས་བྱུང་གློག་བརྙན་བཟོ་བསྐྲུན་པ་སོགས་གནད་ཡོད་མི་སྣ་གང་མང་ཞིག་ཕེབས་ཡོད་འདུག བགྲོ་གླེང་གི་བར་གསེང་སྐབས་སྐུ་ཞབས་བྷོ་བུ ཇོ་སེ་ལགས་དུས་སྟོན་འདིར་ཡོང་བའི་བོད་མི་ཚོར་འཚམས་འདྲིར་ཕེབས་ཤིང་། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཁོང་ལ་ཡུ་རོབ་ལྗང་ཁུ་ཚོགས་པས་འདི་འདྲའི་དུས་སྟོན་སྐབས་བོད་དོན་བགྲོ་གླེང་གནང་བ་དང། དམིགས་བསལ་ཡུ་རོབ་འཐུས་མིའི་འོས་གཞི་ནང་བོད་མི་ཞིག་དམིགས་འཛུགས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཤིང་། སྐབས་དེར་ཁོང་གིས་༼ འཛམ་གླིང་གང་སར་ཚོགས་པ་མང་པོས་བོད་ཐོག་རྒྱབ་སྐྱོར་གནང་བཞིན་པ་དང་བསྡུར་ན་ང་ཚོས་བྱས་པ་དེ་ཆུང་ཆུང་རེད། འོན་ཀྱང་ངས་ལས་ཀ་ཆུང་ཆུང་འདི་མ་འོངས་པའི་མགོ་འཛུགས་ཡག་པོ་ཞིག་ཆགས་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད། ང་རང་ལ་མཚོན་ན་དེ་སྔོན་བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་པའི་སྡོད་གནས་སུ་གནས་ཚུལ་ལེན་པར་འགྲོ་མྱོང་། བོད་མིའི་མངོན་འདོད་གང་ཡིན་པ་དེ་ངས་གསལ་བོ་ཤེས་ཀྱི་ཡོད་ལ། དེར་རང་ནུས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་དེ་ངའི་ལས་འགན་རེད་ ༽ཅེས་གསུངས།

 ཉིན་གཅིག་གི་དུས་སྟོན་འདིའི་མཛད་རིམ་མང་ཤོས་བགྲོ་གླེང་གིས་ཟིན་ཡོད་ནའང་། དུས་སྟོན་གཞན་དག་ལྟར་བར་གསེང་དང་བཞེས་ལག་གི་དུས་ཚོད་ནམ་འཁེལ་ལ་རོལ་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་ཡོད་ལ། དགོང་དྲོ་ཆུ་ཚོད་བདུན་པ་ནས་དགུ་དང་ཕྱེད་ཀའི་བར་དམིགས་བསལ་གྱི་ཞབས་བྲོ་དང་རོལ་གཞས་གོ་སྒྲིག་གནང་འདུག

ཡུ་རོབ་ས་གནས་གསར་འགོད་པ་ཟླ་བ་ཚེ་རིང་གིས།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 10

  1. གངས་ཕྲུག says:
    ལོ་ 17 སྔོན།

    དེང་སང་ཡི་གེ་འབྲི་སྐབས་གཟབ་ཙམ་བྱེད་ན་མ་གཏོགས་སུམ་རྟགས་དག་གསུམ་གྱི་དགེ་རྒན་ཚ་པོ་དེ་འདྲ་ཕེབས་འདུག་དཱ། ང་ཚོས་ཡིག་མགོ་འབྲི་སྲོལ་དེ་ཡང་ཉམས་པ་སླར་གསོ་བྱེད་དགོས་འདུག ངའི་བཤེས་གཉེན་ཞིག་གིས་གསུངས་པར་རྒྱ་འདྲེས་བོད་ལ་མགོ་རྔ་མེད་ཟེར་བ་མཚོན་དོན་དུ་ཡིག་མགོ་མེད་པ་བཟོ་གང་ཐུབ་བྱས་ཏེ་མཐར་ལམ་དུ་སོང་བ་རེད། འདིར་བཙན་བྱོལ་ནང་དུ་ཡང་མནོ་བསམ་མི་བཏང་བར་རྒྱ་རྗེས་སུ་འབྲངས་བཞིན་འདུག་ཅེས་པ་ནི་ངེས་པར་ཐུགས་མད་པའི་གཏམ་དུ་གོའོ།།

    Reply
  2. བསྟན་འཛིན་ཚེ་དཔག says:
    ལོ་ 17 སྔོན།

    དྲ་གྲོགས་དཀོན་མཆོག་ལགས།

    བསམ་ཚུལ་སྤེལ་བར་དགའ་གུས་ཞུ། ཁྱེད་ལ་འདྲི་བར་བྱ་བ་འདི་ཡོད། རང་༼སྐྱོན༽ལ་རང་༼རྐྱོན༽ཅེས་ར་མགོ་བྲིས་འདུག་པ་དང༌། འདི་འདྲ་བ་༼ཞིག༽་ལ་འདི་འདྲ་བ་༼ཤིག༽ སྤེལ་༼ཡོང༽་ན་ལ་སྤེལ༼ཡོངས༽ན། ཞེས་བྲི་ལུགས་འདི་ལུང་སྟོན་པ་གང་གི་ལུགས་ཡིན་ནམ། ཡི་གེ་ཐིག་ཕྲེང་གཉིས་རེའི་ནང་ཡིག་ནོར་གསུམ་རེ་སྤེལ་བ་འདི་སུ་ཞིག་གིས་བསླབས་སམ། གང་ཞིག་ནས་བསླབས་སམ། ཨ་ལ་ཀུ་རེ་ཡིན། ཐུགས་གཟབ་ཅིག་གནང་རེས་ཞུས་པ་ཙམ་མོ།།

    Reply
  3. དཀོན་མཆོག says:
    ལོ་ 17 སྔོན།

    གྲོགས་པོ་བསྟན་འཛིན་ཚེ་དཔག་ལགས། གཞན་ལ་དམའ་འབེབས་བྱེད་ན་ཤིན་ཏུ་སྟབས་བདེ་པོ་རེད། ཡིན་ནའང་རང་རྐྱོན་མ་ཤེས་ན་དེ་ལས་ཁྱད་མཚར་རེད། ཁྱེད་རང་གིས་ཀྱང་དྲྭ་ཚིགས་འདི་འདྲ་བ་ཤིག་བཟོ་ནས་ཡིག་ནོར་མེད་པ་ཞིག་སྤེལ་ཡོངས་ན་་་་་་་་་་་་་་་་་་་་་་་་དེ་ནས་་་་་་

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ནོར་དང་མི་ནོར་མཚམས་ནས་བསམ་ཤེས་གནོངས།།
    བཏགས་དང་མ་བཏགས་བར་ནས་བསམ་བློ་གཏོང་།།
    འགྲིག་དང་མ་འགྲིག་བྱུང་ན་བཟོད་བསྒོམ་བྱོས།།
    གཅིག་སེམས་གཅིག་ལ་སྟོན་དང་བོད་ཀྱི་མི།།
    ཤ་ཁྲག་རུས་གསུམ་གཅིག་པའི་སྤུན་ཟླ་ཡིན།།

    Reply
  5. རི་སྐྱེས་ཁ་བ་འཚོ། says:
    ལོ་ 17 སྔོན།

    གཞན་གྱིས་ནོར་ན་ཡིག་ནོར་རེད།། རང་གིས་ནོར་ན་གཏགས་ནོར་རེད།།
    སྐད་ཆ་བཤད་ན་མཁས་བ་རེད།། ལག་ལ་བཞག་ན་གཅིག་པ་རེད།།

    Reply
  6. རོགས་ཆུང་ལོ། says:
    ལོ་ 17 སྔོན།

    ལགས་སོ། ཡིན་ཡང་། གནངས་ནི་གནང་གི་འདས་པ་རེད་ལབ་ན་འགྲིག་མི་འདུག་སྙམ། ཁོང་གིས་འདི་ནས་ཕྱག་ལས་གནང་བ་རེད་ཅེས་བཤད་དུས་འདས་པ་ཡིན་ཡང་། ཕྱག་ལས་གནངས་པ་རེད་ཅེས་འབྲི་གིན་ཨེ་ཡོད། བྱ་ཚིག་ལ་ལ་ནི་དུས་གསུམ་དང་སྐུལ་ཚིག དགག་ཚིག་སོགས་གང་དུའང་མི་འགྱུར་བ་དང་། ཁག་ཅིག་ནི་འདས་པ་དང་ད་ལྟ་བའི་སྐབས་སུ་གཟུགས་མི་འགྱུར་བ་སོགས་ཡོད་པ་རེད། ཡོད་ཚད་སྤྱི་འགྲུས་གཅིག་གི་ནང་དུ་བརྒྱབས་ན་ག་ལ་འགྲིག་སྙམ།

    Reply
  7. བསྟན་འཛིན་ཚེ་དཔག says:
    ལོ་ 17 སྔོན།

    ༡ ཀློག་མཁན་ཚོར་ཞུ་རྒྱུར།

    ༼གསར་ཁང་སྨྱུ་གུ་༽ནི་༼གསར་ཁང་གི་སྨྱུ་གུ༽ ༼མིག་འདུག༽་ནི་༼མིན་འདུག༽ ༼རྡོ་རྩུས༽་ནི་༼རྡོ་རྫུས༽ཞེས་སུ་བཅོས་གནང་རོགས།

    ༢ དྲ་གྲོགས་རོགས་ཆུང་ལོར་ཞུ་རྒྱུར།

    ༼གནངས༽་ནི་འདས་པའི་བྱ་བ་སྟོན་པའི་ཚིག ༼གནང༽་ནི་ད་ལྟ་བའི་བྱ་བ་སྟོན་པའི་ཚིག དཔེར་ན། ༼བྱས༽་དང་༼བྱེད་༽ལྟ་བུའོ།།
    ༼སླེབས་པ་ནས༽ ༼ཀློག་ཐེངས་གཅིག་གི་མིག་འོག་ནས༽༼ཞུས་དག་བཏང༽བཅས་ནོར་ཁོངས་སུ་བགྲངས་པ་ཁྱེད་མ་བརྟག་པར་འདུག་པས་དཔྱད་འཚལ་ཞུའོ།།

    Reply
  8. བསྟན་འཛིན་ཚེ་དཔག says:
    ལོ་ 17 སྔོན།

    དྲ་གྲོགས་རོགས་ཆུང་ལོ་ཁྱེད་ཤིན་ཏུ་ནས་མད། ངས་གཏགས་ནོར་ཤོར་འདུག ང་ནོར་འདུག གྲོགས་པོས་མཛུབ་འཛུགས་གནང་བ་ཐུགས་རྗེ་ཆེ། ང་ཚོས་འདི་ལྟར་གཅིག་གིས་གཅིག་ལ་ཞུས་དག་བཏང་ནས་ཕྱིན་པ་ཡིན་ན། དྲ་ངོས་འདི་ཡིག་ནོར་གྱི་གད་སྙིགས་གསོག་ས་ཞིག་ནས་རྣམ་པ་གཞན་ཞིག་ཏུ་བསྒྱུར་བའི་རེ་བ་ཆེ་བར་མཐོང་གི་ཡོད། མུ་མཐུད་ཡིན་དཱ། འདི་འདྲའི་གླེང་བཤད་ནི་ང་ཚོར་དགོས་ངེས་ཅན་དུ་མཐོང་ངོ༌།།

    Reply
  9. རོགས་ཆུང་ལོ། says:
    ལོ་ 17 སྔོན།

    ཚེ་དཔག་ལོ་ལོ། (གསར་ཁང་སྨྱུ་གུ་) ལབ་ན་ཅི་རེད། དེ་བཞིན་དུ། (གནངས་དང་གནང་) (མིག་འདུག) (རྡོ་རྩུས) (སླེབས་པ་ནས) (གཅིག་གི་མིག་འོག) (ཞུས་དག་བཏང) སོགས་ཅི་རེད། སྤྱིར་ན་མཁྱེན་ལྡན་ཉིད་ལ་འདི་ལྟར་ཞུ་ག་ལ་རུང་མོད། རང་གི་བློ་དོགས་མ་ཆོད་པར་ཉིད་ལ་འདི་དག་གི་ཐད་གསལ་བཤད་རེ་གནང་རྒྱུ་ཡོད་ན་གནང་རོགས་ཞུ་རྒྱུ་ཡིན། རྗེས་ཕྱོགས་ནས་ང་ཚོས་བོད་ཡིག་འབྲི་མཁན་ཚོར། ཡིག་ནོར་འབྲི་རྒྱུའི་ཐོབ་ཐང་སུ་ལའང་མེད་ཅེས་བཤད་ན་གང་འདྲ་འདུག ང་མ་དགའ་ནས་བཤད་པ་མིན། དོ་སྣང་ཡོད་མཁན་གྱི་རིགས་ཀྱང་འདི་འདྲ་ཡིན་ན་མེད་མཁན་གྱི་རིགས་ལ་ཅི་བྱེད་བསམ་ནས་བྲིས་པ་ཡིན།

    Reply
  10. བསྟན་འཛིན་ཚེ་དཔག says:
    ལོ་ 17 སྔོན།

    ༄༅།། བོད་ཀྱི་དུས་བབ་གསར་ཁང་སྨྱུ་གུ་འཛིན་མཁན་ཚོར་ཞུ་རྒྱུར།

    དེ་རིང་ངས། ཁྱེད་རང་ཚོས་སྤེལ་བའི་གསར་འགྱུར་གསར་ཤོས་དག་བཀླགས་པ་ཡིན། ཐོག་མར། ཁྱེད་རང་ཚོས་དུས་ཐོག་གསར་འགྱུར་འགྲེམས་སྤེལ་གནངས་དང་གནང་བཞིན་པར་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག ད་དུང་ཡང་ཡིག་ནོར་ལ་གཟབ་དགོས་ནས་འདུག་ཅེས་ཞུ་བར་བཅར་བ་ཡིན།
    ཟླ་བ་ཁས་ཤས་ཀྱི་སྔོན་ལ་སྐུ་སྒེར་ཡིག་ཚང་གི་བསྔོ་རྟེན་དང་སྐྱབས་རྟེན་བྱུང་འཛིན་ལས་འཕྲོས་ཏེ་༼ཏཱ་ལའི་བླ་མའི་ཡིག་ནོར༽ཞེས་པ་ཞིག་བྲིས་ཤིང༌། དེའི་ནང་གོང་ས་མཆོག་ནི་སྙན་ངག་པ་ཞིག་མིན་པ་སོགས་ཀྱི་ཚིག་བསྟར་ཡོད་པ་དེ་བོད་ཀྱི་དུས་བབ་གསར་ཁང་གིས་གསར་ཤོག་དང་དྲ་རྒྱ་གཉིས་ཀའི་ནང་ཡོངས་བསྒྲགས་བྱས། དེ་དུས། ཟླ་བ་ཚེ་རིང་སྐད་པ་དེ་ནི་ཡིག་ནོར་སྤེལ་མཁན་ཞིག་མིག་འདུག་སྙམ་པ་བྱུང་ལ། བོད་ཀྱི་དུས་བབ་ཀྱིས་རང་ཉིད་ཀྱི་ཡིག་ནོར་ཐོན་སྐྱེད་ལ་ཅི་མི་སྙམ་པའི་སྟངས་སྟབས་དེར་ཡང་ཡ་མཚན་པོ་བྱུང༌།
    ད་ལྟ་བལྟས་པས། ཟླ་བ་ཚེ་རིང་སྐད་པ་ཁོང་ཡང་དུས་བབ་ཀྱི་གསར་འགོད་པ་ཚོ་ནང་བཞིན་ཡིག་ནོར་སྤེལ་མཁན་ཞིག་ལས་གཞན་གང་ཡང་རེད་མི་འདུག དུས་བབ་གསར་ཁང་གིས་ཉི་མ་རེ་རེ་བཞིན་ཡིག་ནོར་མང་པོ་སྤེལ་འོང་གི་འདུག་པ་འདི། ཀློག་མཁན་ཅིག་གི་ངོས་ནས་བཤད་ན། ཕངས་སེམས་སྐྱེ་གཞི་ཞིག་རེད་ཅེས་ངས་ཉེ་བའི་ཟླ་ཤས་རིང་སྐད་མགོ་མཐོན་པོས་བཤད་གླེང་བྱས་པ་ཡིན། དེ་དུས་དུས་བབ་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཟེར་བས་ས་རྩུབ་རྡོ་རྩུས་བྱ་རྩིས་ཆེར་བྱས་སོང་ཡང༌། རྩོམ་སྒྲིག་པ་ལུང་རིགས་སླེབས་པ་ནས་ཡིག་ནོར་གྱི་དབྱར་དགུན་དེའི་ཕྱི་ནང་བརྗེས་པར་གྱུར། མངོན་གསལ་གྱིས་ཡིག་ནོར་ཇེ་ཉུང་དུ་སོང༌། འོན་ཏེ། ད་དུང་ཡང་ཡིག་ནོར་གྱི་རྒྱུན་མ་ཆོད་པར་འདུག
    ད་ཆ་ངས། གསར་འགྱུར་འདི་ཀློག་ཐེངས་གཅིག་གི་མིག་འོག་ནས་ཐར་མ་ཐུབ་པའི་ཡིག་ནོར་དག་ངོ་སྤྲོད་དང༌། འབྲེལ་ཡོད་ནས་བཟོ་བཅོས་ཀྱི་རེ་བའང་སྟབས་གཅིག་འདོན་གྱི་ཡིན། དེ་ལ་ཡིག་ནོར་ནི་དཔེར་ན། ༼སྤྱི་འཐུས་འོས་གཞིའི་༽ནང་འགྲན་ཞུགས་ཟེར་དགོས་རྒྱུ་ལ་༼སྤྱི་འཐུས་འོས་འཕེན་༽ནང་འགྲན་ཞུགས་ཞེས་ནོར་ནས་བཀོད་པ་ནས་མགོ་བཙུགས་ཏེ་ཞུས་ན། ཟློས་གར་ཁང་འདིའི་༼རྩིག་༽ངོས་ཞེས་མིང་ཚིག་གིས་བསྙད་དགོས་རྒྱུ་ལ༼བརྩིགས༽ངོས་ཞེས་བྱ་ཚིག་གིས་བསྙད་པ་དེ་ནོར། དེ་ནས་རིམ་པས། ཐོབ་ཐང་༼རྩོད༽ལེན་ལ་ཐོབ་ཐང་༼བརྩོད༽ལེན། གཅིག་༼པུ༽ ལ་གཅིག་༼བུ༽ མི་སྒེར་༼གྱི༽ལ་མི་སྒེར་༼ཀྱི༽ ༼བརྫུ་༽བག་ལ་༼རྫུས་༽བག ༼ང་༽དགུ་ལ་༼ལྔ༽དགུ་སོགས་ནོར་ནས་བཀོད་འདུག་པ་འདི། དུས་བབ་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོས་རྩོམ་ཡིག་འདིའི་ཐོག་མའི་མ་ཟིན་ལ་ཞུས་དག་བཏང་ནས་སྤེལ་མེད་པ་ཡིན་ན། འབྲི་མཁན་གྱིས་འདི་ལས་མང་བའི་ཡིག་ནོར་སྤེལ་ཡོད་མེད་ལ་ཚོམ་པ་མི་དགོས་པ་ཞིག་རེད། དེས་ན། དུས་བབ་ཀྱི་གསར་འགོད་པ་ཚོས་སྔོན་དང་བསྡུར་ན་ཡིག་ནོར་ཉུང་དུ་བཏང་འདུག་པ་དགའ་སྤྲོའི་གནས་རེད་ཀྱང༌། ད་དུང་ཡང་ཡིག་ནོར་གྱི་རྒྱུན་འདི་གཙང་ཆོད་ཀྱི་རེ་བས་འདི་ཙམ་ཞུ་བར་ཐལ་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese