མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་མཛངས་མའི་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༩ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་འཆར་ཟླའི་ཚེས་ ༥ ནས་ ༧ བར་ཡིན་པ་དང་། མཐའ་མཇུག་གི་དབུ་བརྒྱན་གཡོག་པའི་མཛད་སྒོ་དེ་ཕྱི་ཚེས་ ༧ ཉིན་བོད་གཞུང་ཟློས་གར་ཁང་དུ་འཚོགས་རྒྱུ་ཡིན་འདུག

བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་བསྒྲགས་པ་ལྟར་ན། ལོ་འདིའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ཕྱི་ཚེས་ ༥ ནས་ ༧ བར་ཡིན་པ་དང་། མཛངས་མ་དང་པོ་དེར་མཛངས་མའི་དབུ་བརྒྱན་གཡོག་པ་དང་མཉམ་དུ་ཧིན་སྒོར་འབུམ་ ༡ དང་། གཉིས་པར་ཧིན་སྒོར་ ༥ ཁྲི། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་འབུལ་རྒྱུ་ཡིན་འདུག

བློ་བཟང་དབང་རྒྱལ་ལགས་ཀྱིས་འདི་ག་གསར་ཁང་དུ་བཤད་པ་ལྟར་ན། ལོ་འདིར་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་འཛུལ་ཞུགས་ཀྱི་སྙན་ཞུ་རྒྱག་མཁན་བུ་མོ་ ༧ ཡོད་པ་དང་། ཁོང་ཚོ་མཐའ་དག་འགྲན་བསྡུར་ཁྲོད་ཞུགས་ཐུབ་མིན་ནི་ད་ལྟའི་ཆར་བཤད་ཁག་པོ་རེད། འགྲན་ཞུགས་པ་རྣམས་ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་ངྷ་སར་འབྱོར་དགོས་པ་དང་། ཕྱིི་ཚེས་ ༢༩ ཉིན་ནས་བདུན་ཕྲག་གཅིག་གི་རིང་འགྲན་བསྡུར་གྱི་སྦྱོང་བརྡར་སྤྲོད་རྒྱུ་དང་། ཉིན་དེ་དག་རིང་འགྲན་ཞུགས་པ་རྣམས་བོད་གཞུང་གི་ལས་ཁུངས་མ་ལག་ཁག་དང་། བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག སྒྲིག་འཛུགས་ཁག་བཅས་ཀྱི་ལྟ་སྐོར་ལ་འཁྲིད་རྒྱུ་ཡིན་འདུག

འགྲན་བསྡུར་དངོས་གཞི་དེ་ཕྱི་ཚེས་ ༥ ཉིན་ནས་མགོ་བརྩམ་རྒྱུ་དང་། ཉིན་དང་པོ་དེར་ Asia Health Resorts མགྲོན་ཁང་ནས་ཆུ་རྐྱལ་འགྲན་བསྡུར་བྱ་རྒྱུ་དང་། འགྲན་ཐེངས་ ༢ པ་དང་ ༣ གཉིས་ཕྱི་ཚེས་ ༦ ཉིན་བྱ་རྒྱུ་དང་། གཏམ་བཤད་དང་འཇོན་ཐང་གཞན་པའི་རིགས་ཕྱི་ཚེས་ ༧ དགོང་མོ་བྱ་རྒྱུ་ཡིན་འདུག

མཐའ་མཇུག་གི་མཛངས་མའི་དབུ་བརྒྱན་གཡོག་པའི་མཛད་སྒོ་དེ་ཕྱི་ཚེས་ ༧ ཉིན་བོད་གཞུང་ཟློས་གར་ཁང་དུ་འཚོགས་རྒྱུ་ཡིན་འདུག

ལོ་འདིའི་ཕྱི་ཟླ་ ༦ པའི་ཚེས་ ༡ ཉིན་ནས་བཟུང་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་དེའང་བཞུགས་སྒར་ངྷ་སར་ཚུགས་ཀྱིན་ཡོད་སྟབས། དབྱར་དཀྱིན་འདིར་ངྷ་སའི་མི་དམངས་ཀྱི་རྩེད་འཇོའི་སྣང་བ་དེའང་རང་བཞིན་གྱིས་མཐོ་རུ་ཕྱིན་ཡོད་པ་རེད།

མཆན། 20

  1. ཨརྱ། says:
    ལོ་ 14 སྔོན།

    མཆན་འབྲི་བ་རེ་ཟུང་ལ་ངོ་མ་དེ་ཡིན་འདི་ཡིན་མི་འདུག ང་ཚོ་རྒྱལ་ཁབ་དང་མི་རིགས་འཚོལ་བཞིན་པའི་ཡུལ་གྱར་བ་ཡིན་པས་ན་སྤྱི་ཚོགས་ཀྱི་ལས་རིགས་གང་ཞིག་ཡིནའང་འཛམ་གླིང་གཞན་ལ་འགོས་ན་ང་ཚོ་ལའང་ངེས་པར་དུ་དགོས་ངེས་རེད། འཛངས་མ་ཚད་ལྡན་མི་ལྡན་གང་ལྟར་གྱང་རང་ཚོ་ལ་གང་ཡོད་པ་དེ་ལ་མིང་ཐོབ་དེ་སྤྲད་ན་འོས་འཚམས་རེད།

    Reply
  2. དུང་མཚོ་སྐྱིད། says:
    ལོ་ 14 སྔོན།

    བོད་ཀྱི་མཛངས་མའི་འགྲན་བསྡུར་ཁྲོད་༢༠༠༨ མཛངས་མ་དེ་ནི་མངོན་ནས་མཛེས་མ་དང་མཛངས་གཉིས་ཀྱི་མཚན་གཞི་འོས་ངེས་ཞིག་རེད་འདུག་ དེ་ནི་མཐོང་བ་ཉིད་ནས་ཕོ་བརྒྱའི་ཅིན་པ་ཤོར་ས་དང་མོ་བརྒྱའི་སྙིང་རློང་འཕྱོ་ས་ཞིག་རེད་འདུག དེ་་ཨ ་་་ཨ་་་་ཨ།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    བདེ་འབྱུང་ལགས་ཀྱི་མཆན་དེ་བསུབས་པ་ཡིན། རྗེས་ཕྱོགས་འདི་འདྲའི་མཆན་མི་འགོད་པའི་རེ་བ་ཡང་ཡང་ཞུ།

    Reply
  4. རུ་དམ་ལུང་གི་བུ། says:
    ལོ་ 14 སྔོན།

    ༼ཕ་རོ་ཟ་རྒྱུ་ཚོ།༽ ཕ་མེས་ཀྱི་རོ་ཟ་དགོས་གི་རེད་དང་། སུའི།
    དངོས་གནས་སྤུན་ཟླའི་ཐོག་ལ་དེ་འདྲའི་གཏམ་ཁ་ནས་ཐོན་པ་ལ།
    ང་ཚོ་ཚང་མ་སྤུན་ཟླ་རེད། །
    ཕ་ཡུལ་ཤོར་བའི་སྤུན་ཟླ་རེད། །
    ཕ་ཡུལ་དགོས་པའི་སྤུན་ཟླ་རེད། །
    ཕ་རོ་ཟོ་ཞེས་མ་ལབ་རོགས།
    ཕ་བཟང་བུ་ཞིག་ཡིན་ན། །
    ཕ་ཆོས་ཐོབ་ལ་བརྩོན་ནས། །
    ཕ་རོལ་དགྲ་བོའི་ཐོག་ལ། །
    ཕར་རྒོལ་བྱེད་ལ་བརྩོན་མཛོད། །

    Reply
  5. གངས་གླག says:
    ལོ་ 14 སྔོན།

    PÅ-zŤ-q¼-P-±ôÅ-zôh-ˆÛ-¤²PÅ-¤-¤IÛm-zÇkݼ-ºhÛ¼-fG-GTÛG-bà-hGG-q-MG-q-¾Åü hïºÛ-¤ÛP-zbGÅ-ÇePÅ-fh-¾-zŤ-±ß¾-¼ï-JÀïP-m-z¸P-lj¤ü uÛ-zbP-mÅ-ºhï-¿e-zÞºÛ-¾Å-ºGݾ-HÛÅ-zôh-ˆÛ-ºfz-z¯ôh-¾-wm-ºhôGÅ-Mã-¾Å-Gmôh-m¤-»P-zB¾-Mã-¤-¼ïh-lj¤ü P-±ôÅ-ˆP-hïP-¼zÅ-uÛ-±ôGÅ-ˆÛ-ºIôÅ-xôGÅ-¾-¤ÛG-z¿eôÅ-¼ï-‚ïh-¾ôÅ-hGôÅü hïP-ÅP-º²¤-JÀÛP-»Þ¾-Iâ-¤P-qô¼-M¾-qôºÛ-¼ÛGÅ-hzP-¤ïh-Mãm-º²Ûm-‚ïh-q-hP-º²PÅ-¤-ºIÛm-zÇkݼ-ÅôGÅ-‚ïh-q-hïºP-Vz-ÆÛh-ˆÛ-hGôÅ-hzP-hP-m¤-»P-ƒ¾-fzÅ-¤ïh-lj¤ü ºhÛ-¿e-zÞºÛ-Æô¾-Gbôh-ˆÛ-¾Å-ºGݾ-HÛ-¤Û-¼ÛGÅ-ŸÛG-GÛ-fÞm-¤Ûm-Eh-VôÅ-¤±ôm-fÞz-ˆÛ-»ôh-¼ïh-¾ü Eh-q¼-P-±ôºÛ-¤®m-‚ô¾-uÛ-±ôGÅ-¾-¤±ôm-mü hï-zÅ-ˆP-Ez-zOGÅ-hP-¤Û-±ôºÛ-hô-ÇoP-GôP-Çtï¾-‚ïh-q¼-wm-fôGÅ-Vïm-qô-»ôhü »Ûm-mºP-PÅ-zŤ-q¼-¤²PÅ-¤-¤IÛm-zÇkݼ-ºhÛ-¾-zôh-ˆÛ-¤²PÅ-¤-¤IÛm-zÇkݼ-ŸïÅ-ºzôh-q-¾Å-z®m-‚ô¾-¤²PÅ-¤-¤IÛm-zÇkݼ-ŸïÅ-ºzôh-m-¼m-ÁôÅ-¼ïh-lj¤ü ¤-GbôGÅ-qÅü xÛ-JÀÛP-q-±ôÅ-zôh-ˆÛ-zÞ-¤ô-¤²PÅ-ÁôÅ-hP-¤²ïÅ-ÁôÅ-ºhÛ-hG-»Ûm-q¼-hGôPÅ-m-hPôÅ-GmÅ-P-±ô-Pô-GmôP-hGôÅ-q-ŸÛG-¼ïhü zôh-mP-zŸÝGÅ-qºÛ-zÞ-¤ô-hï-±ôÅ-P-±ô¼-Fï¾-hGôh-hP-DPÅ-¼-‚ïh-hGôÅ-q-ŸÛG-ˆP-¾ôÅ-»Ûmü ¼ïh-¤-¼ïhü i-IôGÅ-±ôü

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    བན་དེ་སྐྱ་མིན་སེར་མིན།
    སངས་རྒྱས་བསྟན་པའི་དགྲ་བོ།
    མི་ཐོན་ས་ཞིག་མེད་ཐལ།
    མི་བཤད་གཅིག་ཀྱང་མི་འདུག
    གལ་སྲིད་སྟོན་པ་བཞུགས་ན།
    འདུལ་བར་ཁ་སྣོན་བྱེད་ངེས།
    ངྷ་ས་ཁྲིམས་ལ་སྦྱོར་སྲིད།
    གལ་སྲིད་དེ་ལྟ་མིན་ན།
    ངྷ་སའམ་ལོག་ས་གང་ཡིན།
    གཏིང་ཐག་ཅིག་ཁྱོན་ནས་མ་ཆོད།

    ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིག་གོ།

    Reply
  7. དབང་ལྡན་མཚོ་མོ། says:
    ལོ་ 14 སྔོན།

    བློ་བཟང་དབང་རྒྱན་ལགས་ཁྱེད་ཀྱི་མཛངས་མ་འགྲན་བསྡུར་དེ་སྔོན་མ་ལས་ལྷག་ཞིག་ཡོང་བའི་རེ་བ་ཞུ་གིན་ཡོད། དེ་མིན་སྔོན་དང་གཅིག་མཚུངས་ཡིན་དུས་བོད་སྤྱི་ལ་ཕེན་ཐོག་ཡ་ཕ་བཞག་ལྷག་པར་བོད་ཀྱི་བུ་སྨད་དག་གིས་མཚན་ཞལ་ཆག་ཡ་རེད།
    སྤྱིར་ན་དེ་རིང་སེང་ཉིན་འདི་འདྲས་བསྐོར་དགོས་ཁོ་ཡང་དེ་ཙམ་མིན་འདག

    Reply
  8. གངས་རིའི་གླིང་བུ། says:
    ལོ་ 14 སྔོན།

    མཛསང་མ་་འགྲན་བསྡུར་ལ་ང་ཚོ་ཚང་མས་ངོ་རྒོལ་བྱེད་ཡཱ།

    Reply
  9. འབྲོང་བུ says:
    ལོ་ 14 སྔོན།

    བོད་ཀྱི་མཛངས་མ་ཟེར་བ་འདི་བཟང་ན་ངན་ན་ང་ཚོ་བོད་ཀྱིས་ཟེར་བའི་མིང་དེ་ཐོགས་ཚར་བ་ཡིན་ཙང་དེ་ལ་སྐྱོན་བརྗོད་བྱེས་ན་འགྲིགས་འེ་ཡོངས་་་་

    Reply
  10. འབྲོང་བུ says:
    ལོ་ 14 སྔོན།

    ཚེ་རིང་སྐྱིད་འདྲ་བ་ཞིག་མིན་པའི་སྨོན་ལམ་འདེབས་་་་་་་་་་་་་་་་་་་་་ and for the English writer, it’s ok don’t be fell bad, it happens.

    Reply
  11. གངས་གླག says:
    ལོ་ 14 སྔོན།

    I am very sorry for writen in English, because few days back, my lap got demaged and almost all the installed softwares in it have gone with it , i will try to install our languege soon. plz, hope u all can understand it

    Reply
  12. གངས་གླག says:
    ལོ་ 14 སྔོན།

    ok , guys , let see, who will be the next so called ” Zangma”

    Reply
  13. གངས་ཕྲུག says:
    ལོ་ 14 སྔོན།

    བློ་དབང་ཟེར་བའི་ཕོ་མ་མོ་དེས་གཞོན་ནུ་མ་དེ་ཚོར་་་་་་འོ་་་་ད་གཡུགས་ཞོག

    Reply
  14. རུ་དམ་ལུང་གི་བུ། says:
    ལོ་ 14 སྔོན།

    ཀླད་རྙིང་བལྟ་བ་ཞིག་གམ་གང་ཞིག རང་རེའི་མི་རིགས་འདིའི་རྒས་གཞོན་མང་ཆེ་བས། འཛངས་མའི་འགྲན་བསྡུར་ཟེར་དུས་མི་འདོད་པའི་རྣམ་འགྱུར་ཞིག་ཤུགས་ཀྱིས་ཡོང་གི་འདུག འཛངས་མའི་འགྲན་བསྡུར་དེ་ཕྱིའི་འཕྱོར་སྒེག་ལང་ཚོ་གཅིག་པུ་མ་ཡིན་པར། ནང་གི་ཤེས་རིག་ཡོན་ཏན་འགྲན་གི་ཡོད་རེད།
    གལ་སྲིད་ཤེས་འཇོན་ཅན་གྱི་འཛངས་མ་གནས་འདི་ནས་ཐོན་ན་འཛམ་གླིང་ཐོག་ལ་བོད་དོན་དྲིལ་བསྒྲགས་བྱེད་ཐུབ་པའི་ལམ་བུ་ཁྱེད་ལ་ཐོབ་ཀྱི་རེད། དེས་ན་བོད་ཀྱི་བུད་མེད་རྣམས་འགྲན་བསྡུར་ཕེབས་ཤིག བོད་མིའི་ཆེད་དུ་ཕེབས། མི་རིགས་གི་ཆེད་དུ་ཕེབས། ཆད་པར་དུ་བོད་ཀྱི་བུད་མེད་ཀྱི་ཆེད་དུ་ཕེབས།

    Reply
  15. རྭ་ལོ། says:
    ལོ་ 14 སྔོན།

    ཨ་ཁུ་ལགས། ཚིག་འདི་འདྲའི་སྡུག་ཅག་མ་བཤད་ཡ། ཆོ་ག་རེ་ཡོད་པ་རེད། ཁྱོད་ཀྱིས་སོམས་དང་། ཁྱོད་རང་གཅིག་པུ་དྲ་ཐོག་ན་ཡོད་པ་འདྲ་ཞིག་ཡིན་ཡང་། ཁྱོད་ཀྱིས་དོན་དངོས་སུ་མི་སྟོང་ཕྲག་མང་པོའི་ནང་ཁ་འཁོར་ནས་སྐད་ཆ་བཤད་ཀིན་ཡོད་པ་རེད།

    Reply
  16. བློ་བཟང་རབ་དགའ། says:
    ལོ་ 14 སྔོན།

    འོ་ཡ་ད་ཡང་ལྡི་ལིའི་སྲང་ཁྱིམ་ནས་ཡོང་བའི་རྐུབ་ཚོང་བུ་མོར་མཛངས་མའི་མཚན་སྲོལ་རྒྱུ་ཡིན་པ་ཐག་ཆོད།

    Reply
  17. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་མཛངས་མ་མེད་ཚུལ་བརྗོད་པ་ནི་ཧམ་པ་རེད།

    ལར་ནས་འདི་དང་དེའི་མཛངས་མ་བདམས་ཟེར་དུས། ཡུལ་དུས་གནས་སྐབས་དེ་ལ་དཔགས་པའི་མཛངས་མ་ལ་ཟེར་བ་རེད།

    Reply
  18. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    མོ་ཡིན་པ་ཙམ་གྱིས་ཆོག་གི་རེད་མ་གཏོགས། བཙན་བྱོལ་སྤྱི་ཚོགས་ནང་ནས་མཛངས་མ་ཚད་ལྡན་ཞིག་ཉིན་མོའི་སྐར།

    Reply
  19. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དཀོན་མཆོག་མཁྱེན་།
    མཛངས་མའི་འགྲན་བསྡུར་ནང་འཛུལ་ཞུགས་བྱེད་མཁན་གཅིག་ལས་མེད་པ་ཤོག།
    རྨོ་རྨོ་མཚམས་གཅོད་ལ་ཡང་མཛངས་མའི་དབུ་བརྒྱན་དང་འབུམ་གཅིག་་་་་་་་་་ཧ་ཧ་་་་་་།

    Reply
  20. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་པ་ཚོ་ལ་འཛངས་མ་ཞིག་བཙལ་ན་རྙེད་ཀི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist