མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིར་བུད་མེད་འདེམས་མི་རུང་།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཚེས་ ༡༦ ཉིན་ང་རང་ཤེས་རབ་དགའ་ཚལ་སློབ་གླིང་གི་རང་དབང་གླེང་སྟེགས་སུ་བོད་ཀྱི་བུད་མེད་ཅེས་པའི་བརྗོད་གཞིའི་འོག་བགྲོ་གླེང་ལ་སོང་བ་ཡིན། ངས་བོད་ཀྱི་བུད་མེད་ཚོའི་འགན་འཁྲིའི་འདུ་ཤེས་གོང་མཐོར་གཏོང་དགོས་པའི་ཐད་སྐད་ཆ་ཉུང་ཙམ་བཤད་རྗེས། དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་བྱས་པ་ཡིན། སྐབས་དེར་སློབ་གྲོགས་ཤིག་གིས། ད་སྐབས་ང་ཚོའི་སྤྱི་ཚོགས་ནང་དུ་ཕོ་མོ་འདྲ་མཉམ་བཤད་མཁན་མང་པོ་འབྱུང་གིན་ཡོད་ལ། དེ་བཞིན་གཞུང་གིས་ཀྱང་བུད་མེད་ཚོའི་ནུས་ཤུགས་སྤེལ་དགོས་པར་གསུང་གིན་ཡོད་པ་རེད། ངའི་ཁོར་ཡུག་གི་མི་མང་པོ་ཞིག་ལ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་བུད་མེད་ཅིག་འདེམས་དགོས་པའི་བསམ་ཚུལ་ཡང་འདུག ཁྱེད་རང་གི་ངོས་ནས་དེར་བསམ་ཚུལ་གང་ཡོད་དམ། ཞེས་དྲིས་བྱུང་། དྲི་བ་འདི་ནི་ཏག་ཏག་ངས་ནམ་རྒྱུན་བསམ་བློ་གཏོང་ས་ཞིག་ཡིན་ལ། དུས་རྒྱུན་དུ་རི་བོང་ཅལ་འདྲོགས་ཀྱི་སློབ་ཚན་ལྟར་འུར་དང་འདྲོགས་ལ་དགའ་བའི་སྤྱི་ཚོགས་འདིའི་ཁྲོད་དུ་སེམས་ཁྲལ་དང་བློ་འཚབ་ཆེ་ཤོས་ཞིག་ལ་ཡང་ཆགས་ཀྱིན་ཡོད། འདས་པའི་ལོ་ཤས་སྔོན་ནས་བོད་ཕྱི་ནང་གང་དུ་ཡང་བོད་ཀྱི་བུད་མེད་ཀྱི་ལས་དབང་གླེང་མཁན་མང་དུ་བྱུང་ཡོད་ལ། དེ་ཡང་ལོ་རྒྱུས་དང་བྱུང་བ་བརྗོད་པ་ནས་ཤར་དང་ནུབ་སོགས་ཀྱི་ལུང་དང་རིགས་པའི་སྒོ་ནས་དཔྱད་གླེང་གང་མང་བྱེད་ཀྱིན་ཡོད་ལ། དམིགས་བསལ་གྱིས་སྔར་ལོར་བོད་གཞུང་བཀའ་ཤག་གིས་ཀྱང་བོད་ཀྱི་བུད་མེད་ཚོའི་ནུས་ཤུགས་སྤེལ་བ་ཞེས་པའི་སྲིད་ཇུས་ཤིག་ཀྱང་གཏན་འབེབས་གནང་ཡོད། དེ་བཞིན་འདས་པའི་ལོ་ཤས་ནང་དུ་བོད་ཕྱི་ནང་གི་བུད་མེད་གང་མང་གིས་ཀྱང་བསམ་ཚུལ་འདྲ་མིན་སྤེལ་གྱིན་ཡོད་ལ། ཁག་ཅིག་གིས་བོད་ཀྱི་བུད་མེད་ཚོར་ཐོབ་ཐང་དང་འདྲ་མཉམ་མེད་པ་ནི་སྲོལ་རྒྱུན་གྱི་སྤྱི་ཚོགས་དང་སྐྱེས་པ་ཚོའི་སྒེར་གཅོད་ཀྱི་བསམ་བློ་ལན་པར་བརྩི་གིན་ཡོད་ལ། ཁག་ཅིག་གིས་བུད་མེད་རང་ཉིད་ཀྱིས་མ་འཇོན་པར་བརྩི་གིན་ཡོད། ང་ལ་མཚོན་ན་བོད་ཕྱི་ནང་གི་འཚོ་བ་རོལ་ཕྱོགས་དང་རིག་གནས་ཁོར་ཡུག་གི་ཁྱད་པར། ཡིག་རྨོངས་པ་དང་ཡིག་རྨོངས་པ་མིན་པ་སོགས་གནས་སྟངས་མ་འདྲ་བ་མང་པོ་ཞིག་གིས་བཟོས་པའི་རང་རང་གི་ཁྱད་ཆོས་དང་གོ་རིམ་གླེང་གིན་ཡོད་ལ། དེ་བས་ཀྱང་ང་རང་གི་ངོས་ནས་གལ་ཆེ་བ་ནི་བོད་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་ཀྱི་སློབ་གསོ་ལ་རག་ལས་ཡོད་པར་བརྗོད་ཀྱིན་ཡོད། བོད་ཀྱི་བུད་མེད་ཚོའི་འགན་འཁྲིའི་འདུ་ཤེས་ཀྱི་སློབ་གསོ་ཉུང་དྲག་པ་དང་། དེ་བཞིན་འགན་འཁྲིའི་འདུ་ཤེས་ཀྱི་མིག་རྒྱང་ཐུང་དྲག་པར་ངོས་འཛིན་གྱིན་ཡོད། ང་ཚོས་ངེས་པར་ཤེས་དགོས་པ་ཞིག་ལ་བོད་ཕྱི་ནང་གི་བུད་མེད་ཀྱི་གནས་སྟངས་གཏན་ནས་མི་འདྲ་ལ། བོད་ཕྱི་ནང་གི་བུད་མེད་ཚོའི་འགན་འཁྲིའི་འདུ་ཤེས་དང་ཕུགས་བསམ་ཡང་ཕྱོགས་མཚུངས་མིན། དེ་བས་ངས་རང་དབང་གི་སྤྱི་ཚོགས་འདི་ནས་བོད་ཀྱི་བུད་མེད་ཚོས་མི་རིགས་དང་སྤྱི་ཚོགས། རང་ཉིད་བཅས་ཀྱི་ཕྱོགས་སུ་འགན་འཁྲིའི་འདུ་ཤེས་བརྟན་པོ་ཡོད་དགོས་པ་བྱ་རྒྱུ་དང་། རང་ཉིད་ཀྱི་བསམ་བློ་དང་སྤྱི་ཚོགས་ཁྲོད་ཀྱི་མིའི་བསམ་བློ་ལ་རྒོལ་རྡུང་བྱ་དགོས་པར་ངོས་འཛིན་གྱིན་ཡོད།

    བཙན་བྱོལ་བོད་གཞུང་གི་སྡེ་ཚན་གང་སར་བོད་ཀྱི་བུད་མེད་ཚོར་ས་མིག་དམིགས་བསལ་བ་མང་པོ་ཡོད་པས། གཅིག་བྱས་ན་བཀའ་བློན་ཁྲི་པའི་འོས་འདེམས་སྐབས་སུ་ཡང་བུད་མེད་ལ་དམིགས་བསལ་སྤྲོད་ངེས་མོད། ཡིན་ན་ཡང་ང་ལ་མཚོན་ན་དམིགས་བསལ་ཞེས་པ་ནི་གང་ཞིག་གིས་ཅི་ཞིག་ལ་ནུས་པས་མ་འདང་དང་སྙིང་རྗེ་ཆེན་པོས་དམིགས་བསལ་སྤྲོད་ཀྱིན་པའི་སྣང་ཚུལ་ལམ་ཚོར་བ་ཞིག་འབྱུང་གིན་འདུག དེ་བས་གལ་ཏེ་བོད་ཀྱི་བུད་མེད་ཚོར་དམིགས་བསལ་ས་མིག་སྤྲོད་རྒྱུ་མང་དྲགས་ན་སྤྱི་ཚོགས་སྤྱིའི་བྱེད་སྒོ་མང་པོར་འཐུས་ཤོར་འགྲོ་ངེས་པས། བུད་མེད་ཚོའི་འཚར་ལོངས་ཀྱི་རྒྱུད་རིམ་ཁྲོད་དུ་བསམ་བློའི་སློབ་གསོ་ཡི་རྨང་གཞི་བརྟན་པོ་འཛུགས་དགོས་པ་དང་དེ་བཞིན་འགན་འཁྲིའི་འདུ་ཤེས་ལྡན་པའི་བུད་མེད་མང་པོ་གསོ་སྐྱོང་བྱ་དགོས་པ་གལ་ཆེ་བར་མཐོང་གིན་ཡོད། འདི་ལྟར་བུད་མེད་རྣམས་ལས་རིགས་ཁག་ཏུ་ཞུགས་པར་དམིགས་བསལ་སྤྲོད་དགོས་པའི་སྤྱི་ཚོགས་འདི་འདྲ་ཞིག་གི་ནང་དུ་ང་ཚོའི་མི་རིགས་ཀྱི་སྣེ་འཁྲིད་མཁན་དང་འགན་འཁུར་ཐུབ་མཁན་གྱི་བུད་མེད་སྐྱེས་སྦྱང་ཡོན་ཏན་ཅན་སུ་ཡོད་དམ།

     ང་ཚོའི་བཀའ་བློན་ཁྲི་པ་ནི་ཨ་རིའི་སྲིད་འཛིན་ལས་ཀྱང་གལ་ཆེ་ལ། དེ་ལས་ཀྱང་འགན་འཁྲིའི་འདུ་ཤེས་ལྡན་ལ་སྐྱེས་སྦྱང་ཡོན་ཏན་ལྷག་བསམ་འཛོམས་པ་ཞིག་དགོས་ཀྱིན་ཡོད། རྒྱལ་ཁབ་གཞན་གྱི་སྲིད་འཛིན་ཚོས་རང་ལ་རྒྱལ་ཁབ་ཀྱི་མངའ་ཁོངས་དང་མི་རིགས། དཔལ་འབྱོར་དང་རིག་གནས་སོགས་གང་ཡོད་པ་དེ་གཞི་ལ་བཞག་ནས་དེ་ལས་ཡར་རྒྱས་དང་རྒྱ་བསྐྱེད་བྱ་ཐུབ་བྱུང་ན་རབ་དང་། མ་ཐུབ་ཀྱང་གང་ཡོད་པ་དེར་སྒྲིག་འཛུགས་དོ་དམ་ནན་མོ་བྱེད་པ་ཙམ་གྱིས་འཐུས་ཀྱིན་ཡོད་པ་རེད། ཡིན་ན་ཡང་ང་ཚོའི་ཕ་ཡུལ་གཞན་གྱི་ལག་ཏུ་ཡོད་ལ། ང་ཚོའི་བུ་རབས་ཚ་རྒྱུད་ཀྱི་བསམ་བློའི་སློབ་གསོ་ལ་ཡང་བསླུ་བྲིད་ཤོར་ཡོད་པ། ད་དུང་མི་རིགས་ཁ་འཐོར་ལ་སོང་ནས་རིག་གནས་ཉམས་རྒུད་དང་ཕ་ཡུལ་གཞན་གྱིས་བཟུང་བས་ཁོར་ཡུག་གཏོར་སྐྱོན་སོགས་ཡོད་ཚད་ཤོར་ཚར་བའི་གཞན་ཡུལ་གྱི་སྐྱབས་བཅོལ་བ་ཡིན་ལ། ང་ཚོའི་བཀའ་བློན་ཁྲི་པ་ནི་ཤོར་ཚར་བ་དེ་དག་གི་ཆེད་དུ་མི་རིགས་འདིའི་འཐབ་རྩོད་ཀྱི་སྣེ་ཁྲིད་དེ་ཕ་ཡུལ་ལ་ལོག་ཐུབ་པར་ལམ་ཁ་ཉེ་རུ་བཟོ་མཁན་ཞིག་ཡིན་དགོས། དེ་བས་ང་ཚོའི་བཀའ་བློན་ཁྲི་པ་ནི་ཨ་རིའི་སྲིད་འཛིནལས་ཀྱང་གལ་ཆེ་བ་ཡོད་པས་ཨ་རིའི་སྲིད་འཛིན་ལས་ཀྱང་སྐྱེས་སྦྱང་ཡོན་ཏན་དང་དཔའ་དང་རིག་པ་ལྡན་པ་ཞིག་ཡིན་དགོས། དེ་བས་ང་ཚོའི་བཀའ་བློན་ཁྲི་བར་བུད་མེད་ཅིག་ཡོང་ཐབས་གཏན་ནས་མེད་ལ། མ་མཐར་ཡང་ད་ལྟའི་ཆར་རེ་བ་གཏན་ནས་རྒྱག་མི་ཉན། རྒྱུ་མཚན་ནི་ང་ཚོས་བློ་གཟུ་བོའི་སྒོ་ནས་ཤེས་འཇོན་དང་འགན་འཁྲིའི་འདུ་ཤེས་ལྡན་པའི་བུད་མེད་ཅིག་འཚོལ་དགོས་ན་དམིགས་བསལ་མ་སྤྲད་ཚེ་གཏན་ནས་མེད་པས་ཡིན་ནོ། སྤྱི་ཚོགས་ཁྲོད་དུ་འུར་ལངས་ནས་འདྲོགས་བཞིན་པའི་མི་ཚོས་བསམ་བློ་གསར་བརྗེ་ཡིན་མདོག་དང་དེང་རབས་ཀྱི་བསམ་བློ་ལྡན་མདོག གུ་ཡངས་པོ་ཡིན་མདོག་གིས་བཀའ་བློན་ཁྲི་པ་བུད་མེད་ཅིག་ཡོང་དགོས་པར་བརྗོད་ཀྱང་། མི་དེའི་རིགས་ཀྱིས་མི་རིགས་དང་སྤྱི་ཚོགས། རིག་གནས་དར་སྤེལ་དང་མི་རབས་གསར་བ་སོགས་ཕར་ཞོག ཐ་ན་རང་གིས་རང་ཉིད་ལ་འགན་ལེན་རྒྱུའི་འདུ་ཤེས་ཙམ་ཡང་མེད་པར་འདོད། ང་བུད་མེད་ཅིག་ཡིན་པས་ང་ནམ་ཡང་བུད་མེད་ཀྱི་ཕྱོགས་ནས་ལངས་དགོས། ངས་བུད་མེད་རྣམས་སྐྱོར་དགོས། ཡིན་ཡང་མི་རིགས་ཤིག་གི་གནད་དོན་དང་ཁེ་ཕན་ནི་བུད་མེད་ཀྱི་ཕྱོགས་རིས་ཙམ་ལ་བརྗེ་རུང་བ་ཞིག་ག་ལ་ཡིན། མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་ནི་འཇིག་རྟེན་གྱི་ཆེས་རྩ་ཆེ་ལ་ཆེས་བཀུར་བར་འོས་པའི་མིའི་ཕུགས་བསམ་དང་བསམ་བློ་ཡིན་པར་འདོད་པས། ང་ཚོས་རང་གི་གདོང་མདོག་ངོ་མ་མཐོང་བར་གནང་དགོས་ལ། མེ་ལོང་ངོས་ཀྱི་ཐལ་རྡུལ་རྣམས་གཙང་མར་བཟོས་ནས་རང་གིས་རང་ཉིད་ལ་གསལ་བོར་ལྟ་དགོས་སོ།

ཚེ་རིང་སྐྱིད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

ཆུ་ཚོད་ ༧ སྔོན་ལ།
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧

མཆན། 25

  1. བློ་ལྡན། says:
    ལོ་ 16 སྔོན།

    ཟླ་བ་ནོར་བུ་མིང་ཅན།་་སྐྱག་ལབ་སྐྱག་ཟ་རྐྱང་རྐྱང་བརྒྱབ་སྟེ་མི་ཞིག་གི་མི་གཞི་ལ་དམའ་འབེབས་བྱེད་དེ་ཅི་ཕན།དེ་ལས་མིང་དངོས་སུ་བཏོན་ཏེ་མདུན་དུ་ཤོག་དང་།ཡུན་གྱི་བལྟ་ཆོག་་་ཁྱོད་ཚོའི་ཨ་མདོ་བོད་ཡིག་ཤེས་ཟེར་མཁན་ཁྱོད་ཁྱི་འདྲ།

    Reply
  2. དགའ་བ། says:
    ལོ་ 16 སྔོན།

    འཇང་རྩེ་ཟེར་བ་འདི་དུས་བབ་ཀྱི་ལས་བྱེད་ཡིན་ན་སྐད་ཆ་བཤད་སྟངས་ཤིན་ཏུ་རྩུབ་པོ་འདུག ལྷག་པར་ཟླ་བ་ནོར་བུས་བཤད་པ་ལ་གནས་ལུགས་ཤིན་ཏུ་ཆེན་པོ་འདུག དམ་ཆོས་དཔལ་བཟང་སྒེར་བའི་ལོ་རྒྱུས་བདེན་རྫུན་སྣ་ཚོགས་བགྲངས་ཀྱང་བསུམ་པའི་སྐད་ཆ་གོ་མ་མྱོང་། དུས་བབ་ལས་བྱེད་ནང་ཚགས་ཡིན་པའི་རྒྱུ་མཚན་གྱིས་བྱེད་སྟངས་མ་དྲང་བ་བྱས་ན་ཤིན་ཏུ་མི་བཟང་།

    Reply
  3. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    འབྲོག་རྒན་ངས་དེ་རིང་མང་པོ་བཤད་ཀྱི་མིན།
    མཇང་རྩེ་ཟེར་བ་དུས་བབ་ཀྱི་ལས་བྱེད་དེ་ལ་དྲི་བ་ཞིག་དང་མཉམ་དུ་མཚམས་འཇོག་གི་ཡིན།
    དམ་ཆོས་དཔལ་བཟང་གི་སྐོར་ནས་སྐད་ཆ་ཁུངས་ལུང་ཡོད་མེད་གཉིས་ཀ་བཤད་ཆོག་ན། འབྲོག་རྒན་ངས་ཚེ་རིང་སྐྱིད་ཀྱི་སྐོར་ལ་བདེན་པ་བཤད་ན་མི་འགྲིག་པ་ཅི་རེད།
    དམ་ཆོས་དཔལ་བཟང་སྒེར་ལ་མཆན་བུ་བཏབས་པ་རྣམས་དུས་བབ་ཀྱིས་མི་གསུབས་ན། འབྲོག་རྒན་ངས་ཚེ་རིང་སྐྱིད་ཀྱི་བྱས་ཉེས་གླེང་ན་གསུབས་དགོས་དོན་ཅི་རེད།

    Reply
  4. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་དགའ་བའི་བསམ་ཤེས་ཀྱི་བྱེད་སྟངས་ལ་རྒྱབ་སྐྱོར་ཡོད།
    འབྲོག་རྒན་ངས་འདི་རུ་སྙིང་ནད་རྩོད་ཀྱི་མེད། མི་སྒེར་གྱི་བྱས་ཉེས་ཀྱི་སྐོར་ནས་བདེན་པ་བཤད་ཀྱི་ཡོད། གལ་སྲིད་མི་སྒེར་བ་ཁ་ཕོ་ཅན་རྣམས་ཀྱི་བྱས་ཉེས་མ་གླེང་བར་བཞག་པ་ཡིན་ན་ཡང་མ་འོངས་པར་མི་འདི་ཚོའི་རིགས་ཀྱིས་སྤྱི་ཚོགས་ལ་ཕན་པ་བྱེད་རྒྱུའི་ཚབ་ལ་གནོད་བྱེད་རྒྱུའི་ཉེན་ཁ་ཡོད་གི་ དགའ་བ་ལགས་ཀྱིས་ཚེ་རིང་སྐྱིད་ལ་མཛངས་མའི་མིང་གནས་ཡོད་གི་ཟེར་གི
    སྐད་ཆ་དེ་བདེན་པ་རེད། སྐད་ཆ་དྲང་མོ་དྲང་བཞག་གིས་བཤད་ན་ཚེ་རིང་སྐྱིད་བོད་ཀྱི་མཛངས་མ་མ་རེད་བློ་བཟང་དབང་རྒྱལ་གྱི་མཛངས་མ་རེད་། ད་རུང་འགྲན་ཡ་མེད་པའི་མཛངས་མ་རེད། ཚེ་རིང་སྐྱིད་ཀྱིས་སྙན་ངག་འབྲི་ཤེས་ཀི་ལབ་ན་འབྲོག་རྒན་ངས་རྣར་མི་འགྲོ་གི་ ཚེ་རིང་སྐྱིད་ལ་བརྡ་སྤྲོད་ཀྱི་རྨང་གཞི་ཡག་པོ་ཞིག་ཀྱང་མེད་ ཁྱོད་ཚོ་མི་བདེན་ན་། ཚེ་རིང་སྐྱིད་དྲ་ཐོག་ལ་སྐད་ཐོངས་དང་། ངས་བརྡ་སྤྲོད་ཀྱི་རྨང་གཞིའི་ཤེས་བྱ་འགའ་དྲི་བ་གཏོང་གི་ཡིན།

    Reply
  5. དགའ་བ། says:
    ལོ་ 16 སྔོན།

    ཨ་ཁུ་འབྲོག་པ། ཚེ་རིང་སྐྱིད་ཀྱིས་འཁྲིག་སྤྱོད་བསྟེན་ན་དེ་ལ་ངེད་གཉིས་སྙིང་ན་དགོས་དོན་མེད། དེ་བུད་མེད་ཀྱི་འཚོ་བའི་ཆ་ཤས་ཤིག་ཡིན་པ་ལས་མི་སྲིད་པ་དང་མ་རུང་བ་གང་ཡང་མིན། ཁྱོད་ཀྱིས་ཚེ་རིང་སྐྱིད་ལག་ལེན་དང་ཁ་བཤད་མཐུན་གྱི་མི་འདུག་ཟེར། དེ་ཚེ་རིང་སྐྱིད་རྐྱང་པ་གཏན་ནས་མིན། མི་བརྒྱ་ཆ་དགུ་བཅུ་ཐམ་པ་དེ་ལྟར་རེད་ཟེར་ནས་བཤད་ཀྱང་ཧམ་པར་མི་ལོག ཚེ་རིང་སྐྱིད་ལ་སློབ་སྦྱོང་གི་བརྒྱུད་རིམ་ལས་འཁྲུག་སྤྱོད་ཀྱི་བརྒྱུད་རིམ་རིང་གི་ཟེར། གལ་སྲིད་ཁྱོད་ཀྱི་གཏམ་དེ་བདེན་པའི་དབང་དུ་བྱས་ཀྱང་དེ་མོ་སྒེར་པའི་ལོ་རྒྱུས་ཀྱི་གནད་དོན་ཡིན། ཁྱོད་ཀྱིས་མ་སྐུལ་དང་བླངས་ཀྱིས་སྤྱི་ཚོགས་ཁྲོད་གཏམ་དེ་བསྒྲགས་ན་ཁྱོད་ཀྱི་སྙིང་ནད་སངས་ན་སྤྱི་སྒེར་སུ་ལ་ཕན་ཐོགས་ཡོད། ཚེ་རིང་སྐྱིད་ཀྱིས་རང་གིས་བཤད་པའི་སྐད་ཆ་ལ་འགན་ཁུར་གྱི་མི་འདུག་ཟེར། ཁྱེད་རང་གི་ཉིན་རེའི་བྱ་གཞག་ལ་བསྐྱར་ཞིབ་བྱེད་ཨེ་མྱོང་། ཁྱོད་ཀྱིས་བཤད་ལུགས་འདི་རང་གི་སྐད་ཆ་ལ་འགན་ཁུར་བའི་སྐད་ཆ་ཡིན་ཟེར་ཨེ་ཕོད། ང་ཚོས་དུས་རྟག་ཏུ་སྐབས་བབ་ཀྱི་གླེང་གཞི་ལས་ཁ་འཆལ་ནས་གང་ཟག་སྒེར་པའི་ལོ་རྒྱུས་ཐོག་ཏུ་འབབ་པ་འདི་ནོར་འཁྲུལ་ཆེ་ཤོས་ཡིན། ཡིན་ན་ཡང་ཚེ་རིང་སྐྱིད་ཀྱང་ཕྱོགས་གཅིག་ནས་བོད་པའི་བུ་མོ་ཞིག་ཡིན་པ་དང་། ཕྱོགས་གཉིས་ནས་མཛངས་མའི་མིང་གནས་ཡོད་པ། ཕྱོགས་གསུམ་ནས་སྙན་ངག་གི་ཤེས་ཡོན་པ་ཞིག་གི་མིང་ཁུར་ནས་ཡོད་སྟབས་རང་གི་ཀུན་སྤྱོད་མི་ཆོས་དང་མཐུན་པོ་ཞིག་ཡོང་བྱེད་དགོས་ཀྱི་ཡོད་ཚོད་འདུག མོའི་གཏམ་རྙོག་གོ་རྒྱུ་ཤིན་ཏུ་མང་། འདི་ཡང་སེམས་བཟང་དང་ཤ་ཚའི་གཏམ་ཡིན་པས་སེམས་མི་ཕོགས་རྒྱུའི་རེ་བ་ཡོད།

    Reply
  6. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    འབྲོག་རྒན་ང་ལ་སྙིང་རྗེ་མི་དགོས། འབྲོག་རྒན་ངས་དྲང་བཤད་མ་གཏོགས་བླུན་བཤད་མི་ཤེས།
    སྙིང་རྗེ་དགོས་རྒྱུ་ངོ་མ་དེ་བླུན་པོ་ཁྱོད་རེད་འདུག་ག ཁྱོ་ཚེ་རིང་སྐྱིད་ཀྱི་རྒྱུགས་ཁྱི་རེད་མ་ཚེ་རིང་སྐྱིད་ཀྱི་ཞབས་གཡོག་རེད། དྲ་ཐོག་ལ་ཡོང་ནས་སྤྲེལ་ལད་མ་འཁྲབ་བ།
    ཁྱོ་བུ་ངར་བ་ཡིན་ན། ངས་བཤད་པའི་སྐད་ཆ་ཚིག་གསུམ་དེ་བདེན་པ་མ་རེད་ལབ་ནས་ཁུངས་སྐྱེལ་དང་། དེ་ནས་ལྟད་མོ་བལྟ་ཆོག

    Reply
  7. མཇང་རྩེ says:
    ལོ་ 16 སྔོན།

    ཟླ་བ་ནོར་བུ་ཟེར་བ་ཁོ་རེ། གང་དྲན་གྱིན་ཡོད། ཁྱོད་མོ་ལ་མ་དགའ་ན་འགྲིག་པ་རེད། དེ་ཁྱེད་རང་གིས་མོ་རང་ལ་བཤད་དགོས་པའམ་ཡང་ན་ཁྱེད་ཀྱི་སེམས་ནས་རུལ་བར་འཇུག་དགོས། དེ་མ་གཏོགས་དྲ་ཐོག་འདི་རུ་ཁྱེད་ཀྱི་སྐད་ཆ་དེ་འདྲ་བཤད་པ་ཐལ་དྲག་རེད། སྙིང་རྗེ་དགོས་པའི་མི་ཡཱ

    Reply
  8. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    སོ་སོར་སྐྱོན་མེད་ན་སུས་སྐྱོན་བརྗོད་བྱེད་ཀྱི་རེད། སྐྱོན་ཡོད་ན་སྐྱོན་བརྗོད་བྱས་མི་ཆོག་ན་ཅི་རེད། ངས་ཚེ་རིང་སྐྱིད་ལ་སྐྱོན་བརྗོད་བྱས་ན་ཁྱོ་ལ་ཕོག་འགྲོ་དོན་ཅི་རེད།
    ངས་ཚེ་རིང་སྐྱིད་ཀྱི་སྐོར་ལ་སྐད་ཆ་གསུམ་བཤད་ཡོད། སྐད་ཆ་གསུམ་དེ་ཚོ་སོ་སོར་ང་རང་ལ་ཁུངས་བསྐྱེལ་ཡོད། ཁྲིམས་ལ་འགྲོ་དགོས་ཐུག་ན་ཡང་ཁུངས་སྐྱེལ་ཡོད།
    ཁྱོས་དོན་མེད་དུ་ཁ་གདང་ནས་ཅི་བྱེད་ཀྱི་ཡོད། དཀོན་མཆོག་གསུམ་འབྲོག་རྒན་ལ་ཞེ་དྲག་ཁོང་ཁྲོ་མ་སློང་ཨ།

    Reply
  9. མཇང་རྩེ says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལགས། ང་བོད་མི་ཞིག་དང་དུས་བབ་ཀློག་པ་པོ་ཞིག་ཡིན་པས་ངས་རང་གི་བསམ་ཚུལ་ཞིག་བཤད་འདོད་བྱུང་།
    དུས་བབ་དུ་འདི་ལྟ་བུའི་མི་ལ་དམའ་འབེབས་བྱེད་མཁན་དང་དམའ་འབེབས་བྱེད་སྟངས་ཀྱང་འདི་འདྲའི་རྫོབ་ཏོ་ཡིན་ན་མཆན་དེ་ངེས་པར་བསུབ་རོགས་ཞུ་རྒྱུ་ཡིན་ལ། དམིགས་བསལ་གྱིས་བོད་མོ་རེ་བ་ཅན་ཞིག་ལ་འདི་ལྟར་ཁ་རྡུང་གཏོང་བ་ནི་མི་རྒན་ངའི་བློ་ཡུལ་ལས་འདས་པ་ཞིག་རེད། སྐྱོན་བརྗོད་བྱེད་སྟངས་འདི་འདྲའི་རིགས་རྗེས་ཕྱོགས་བོད་མི་སུ་ལ་དྲ་ལམ་ནས་སྤེལ་ཡང་མེད་པར་བཟོ་དགོས་པ་འདུག

    Reply
  10. མཇང་རྩེ says:
    ལོ་ 16 སྔོན།

    ཚེ་རིང་སྐྱིད་ཀྱིས། ༼ང་ཚོའི་ཕ་ཡུལ་གཞན་གྱི་ལག་ཏུ་ཡོད་ལ། ང་ཚོའི་བུ་རབས་ཚ་རྒྱུད་ཀྱི་བསམ་བློའི་སློབ་གསོ་ལ་ཡང་བསླུ་བྲིད་ཤོར་ཡོད་པ། ད་དུང་མི་རིགས་ཁ་འཐོར་ལ་སོང་ནས་རིག་གནས་ཉམས་རྒུད་དང་ཕ་ཡུལ་གཞན་གྱིས་བཟུང་བས་ཁོར་ཡུག་གཏོར་སྐྱོན་སོགས་ཡོད་ཚད་ཤོར་ཚར་བའི་གཞན་ཡུལ་གྱི་སྐྱབས་བཅོལ་བ་ཡིན་ལ། ང་ཚོའི་བཀའ་བློན་ཁྲི་པ་ནི་ཤོར་ཚར་བ་དེ་དག་གི་ཆེད་དུ་མི་རིགས་འདིའི་འཐབ་རྩོད་ཀྱི་སྣེ་ཁྲིད་དེ་ཕ་ཡུལ་ལ་ལོག་ཐུབ་པར་ལམ་ཁ་ཉེ་རུ་བཟོ་མཁན་ཞིག་ཡིན་དགོས། ༽རྟ་བདུན་རྒྱལ་བོས།༼ཕོ་མོ་འདྲ་མཉམ་གྱི་མཚོན་དོན་དུ་བུད་མེད་ཞིག་འདེམས་ན་། དེ་ནི་ཧ་ཅང་གི་བླུན་པོས་བྱེད་སྟངས་ཤིག་རེད། ༽དགའ་བས། ༼བུད་མེད་བཀའ་ཁྲིར་འདེམས་རྒྱུ་མ་ཡོད་པ་རེད། བུད་མེད་བཀའ་ཁྲིར་འདེམས་རྒྱུ་མེད་པའི་རྒྱུ་མཚན། བཀའ་ཁྲི་གནོན་པའི་བུད་མེད་ཤེས་འཇོན་གཉིས་ལྡན་ཞིག་ཡོད་པ་མ་རེད། ༽
    གོང་གི་སྐད་ཆ་འདིདག་ལ་ཤིན་ཏུ་ནས་འཐད་པ་ཡིན།

    Reply
  11. མཇང་རྩེ says:
    ལོ་ 16 སྔོན།

    སྐད་ཆ་དྲང་པོ་བཤད་འདུག་གཱ མི་རིགས་ཀྱི་གནས་སྟངས་དང་བུད་མེད་ཀྱི་ནུསཔ་ལ་ལྟོས་ནས་སྐད་ཆ་བཤད་འདུག་གཱ སྐད་ཆ་བདེན་པ་བཤད་དེ་བོད་མི་རིགས་ཀྱི་མིའི་གནས་ཚད་གསལ་བོ་སྟོན་འགུག་གཱ སྐད་ཆ་བཤད་ན་འདི་འདྲ་བཤད་དགོས་པ་ལས། སྐུ་དྲག་དང་མི་དྲག་གི་ཁྱིམ་ཚང་ཁ་ཤས་ཀྱི་མིང་བཟུང་ནས་སྤྱི་འཐུས་དང་བཀའ་བློན་སོགས་ཀྱི་མིང་ཡོད་པའི་བུད་མེད་ཚོའི་ཁྲོད་དུ་བློ་རིག་ཤེས་འཇོན་ཡོད་མཁན་ཚོ་མགོ་བོ་ཀྲོག་ཀྲོག་བྱེད་ནས་མི་མང་གི་མདུན་ནས་སྟོང་ལབ་རྒྱག་ཐུབ་ན་ཚེ་རིང་སྐྱིད་ཀྱིས་གང་འདྲ་བྱེད་ནས་སྐད་ཆ་བཤད་མ་ཆོག་པ་རེད། ང་ཚོའི་སྤྱི་ཚོགས་ནང་དུ་ད་དུང་རྒྱ་ནག་གིས་བཤད་པ་བཞིན་སྨྲ་བརྗོད་རང་དབང་དང་རིགས་རུས་དབྱེ་འབྱེད་ཀྱི་ནད་ཡམས་ལྷག་འདུག
    ཨ་ཁུ་འབྲོག་པ་ཟེར་བས་ཚེ་རིང་སྐྱིད་ལ་མཐོང་ཆུང་གི་སྐད་ཆ་བཤད་སྟངས་དེ་ག་རེ་རེད་དམ།

    Reply
  12. མཇང་རྩེ says:
    ལོ་ 16 སྔོན།

    མི་སུ་འདྲ་ཡིན་ཡང་སྐད་ཆ་ག་རེ་ཡིན་ཡང་བཤད་ཆོག་ཀྱང་མི་མང་པོས་ཟིན་བྲིས་རང་རང་གི་སྙིང་ནད་སང་བར་བེད་སྤྱོད་གཏོང་ཡི་འདུག ངོ་མ་ཡིད་སྐྱོ་བ་ཞིག་རེད། ཚེ་རིང་སྐྱིད་ལ་ངན་བཤད་བྱེད་ཀྱང་སྐད་ཆ་མི་སྙན་པ་འདི་བེད་སྤྱོད་བཏང་ན་རྣམ་རྟོག་ལ་ཡང་རང་རེད་ཤག དེ་ཡིས་ཚེ་རིང་སྐྱིད་ལ་གནོད་སྐྱེལ་གྱི་ཡོད་མེད་མི་ཤེས་ན་ཡང་མཆན་འབྲི་མཁན་རང་ཉིད་གསལ་བོ་མཐོང་ཡོང་གིས

    Reply
  13. ཁྲག says:
    ལོ་ 16 སྔོན།

    ཚེ་རིང་སྐྱིད་ཟེར་བ་ཅི་འདྲ་ཞིག་ཡིན་མིན་མི་ཤེས། ཨ་ཁུ་འབྲོག་པས་འདིའི་ནང་ནས་འདི་ལྟར་བཤད་ན་ཚོར་བ་སྐྱིད་པོ་ཞིག་ཡོང་གི་མི་འདུག མི་ཞིག་ལ་དོན་མེད་དུ་མི་ཁ་བཟོ་དོན་མི་འདུག་ལ་ཁྱེད་ཚེ་རིང་སྐྱིད་ཀྱི་རྒད་པོ་ཟུར་བ་ཡིན་པའི་དབང་དུ་བཏང་ཡང་འདི་འདྲ་བཤད་སྲོལ་མེད་ཀི

    Reply
  14. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    what

    Reply
  15. དགའ་བ། says:
    ལོ་ 16 སྔོན།

    བཀའ་ཁྲིར་བུད་མེད་འདེམས་མ་རུང་བ་མ་རེད། བུད་མེད་བཀའ་ཁྲིར་འདེམས་རྒྱུ་མ་ཡོད་པ་རེད། བུད་མེད་བཀའ་ཁྲིར་འདེམས་རྒྱུ་མེད་པའི་རྒྱུ་མཚན། བཀའ་ཁྲི་གནོན་པའི་བུད་མེད་ཤེས་འཇོན་གཉིས་ལྡན་ཞིག་ཡོད་པ་མ་རེད། དེར་བརྟེན་རྩོམ་གྱི་ཁ་བྱང་ལ་་་བུད་མེད་བཀའ་ཁྲིར་འདེམས་རྒྱུ་མེད་ཟེར་ནས་བྲིས་ན་འཚམས།

    Reply
  16. གནས་ཚང་། says:
    ལོ་ 16 སྔོན།

    མཛངས་མ་བཀའ་ཁྲིའི་འོས་གཞིར་ལངས་ཆོག་པའི་ཁར། ལངས་འོས་པ་ཞིག་ཀྱང་རེད། ཚེ་རིང་སྐྱིད་ལགས། བཀྲ་ཤིས་བདེ་ལེགས་ཞུ།

    Reply
  17. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    ཚེ་རིང་སྐྱིད་ཀྱིས་བཤད་པ་ཁ་ཤས་ཤིག་བདེན་པར་འདུག བཀའ་ཁྲི་འོས་པའི་བུད་མེད་ཅིག་མེད་བཞིན་དུ་ཕོ་མོ་འདྲ་མཉམ་གྱི་མཚོན་དོན་དུ་བུད་མེད་ཞིག་འདེམས་ན་། དེ་ནི་ཧ་ཅང་གི་བླུན་པོས་བྱེད་སྟངས་ཤིག་རེད། བཀའ་ཁྲི་འདི་ཧ་ཅང་གི་གལ་ཆེན་པོའི་གོ་གནས་ཤིག་ཡིན་ཕྱིར་དེར་འོས་མི་ཚང་མ་ཤེས་འཇོན་གཉིས་ལྡན་ཞིག་ཡིན་དགོས་རྒྱུ་རེད། བཀའ་ཁྲི་འོས་པའི་བུད་མེད་སུ་འདྲ་ཞིག་འདུག་ཐེ་ཚོམ་མེད་པར་གསུང་རོགས་ཞུ།

    Reply
  18. གངས་ཕྲུག says:
    ལོ་ 16 སྔོན།

    ཚེ་སྐྱིད། ཁྱོད་ཀྱི་ལྟ་ཚུལ་{དེ་བས་ང་ཚོའི་བཀའ་བློན་ཁྲི་པ་ནི་ཨ་རིའི་སྲིད་འཛིན་ས་ཀྱང་གལ་ཆེ་བ་ཡོད་པས་ཨ་རིའི་སྲིད་འཛིན་ལས་ཀྱང་སྐྱེས་སྦྱང་ཡོན་ཏན་དང་དཔའ་དང་རིག་པ་ལྡན་པ་ཞིག་ཡིན་དགོས། དེ་བས་ང་ཚོའི་བཀའ་བློན་ཁྲི་བར་བུད་མེད་ཅིག་ཡོང་ཐབས་གཏན་ནས་མེད་ལ། མ་མཐར་ཡང་ད་ལྟའི་ཆར་རེ་བ་གཏན་ནས་རྒྱག་མི་ཉན།} ཟེར་བར་ནམ་ཡང་མོས་མཐུན་བྱེད་མི་ཐུབ་ཀི ཁྱོད་ཀྱི་བཤད་པ་ལྟར་བྱས་ན་བཀའ་བློན་སྐྱེས་པ་ཞིག་ཀྱང་རག་དཀའ་མོ་རེད། གང་ཞེ་ན་ཁྱོད་ལྟར་ན་་བཀའ་བློན་འོས་དམིགས་་ཁོ་འམ་མོ་དེའི་སྐྱེས་པའི་ཡོནྟ་དང་། སྦྱངས་བའི་ཡོན་ཏན། དཔའ་བའི་སེམས། རིག་པའི་རྩལ་བཅས་ཨ་རིའི་སྲིད་འཛིན་ལས་ཀྱང་ལྷག་པ་ལྡན་དགོས་ཁར་ད་དུང་བཀའ་ཁྲིའི་འོས་དམིགས་དེར་ཁྱོད་ཀྱིས་མ་སྨྲོས་པའི་ཆ་རྐྱེན་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་རྒྱལ་རབས་བཅས་ཀྱི་ཡོན་ཚད་མཐོ་བོ་ལྡན་དགོས། དྲྭ་གྲོཊ་ཚོ། ཁྱེད་ཚོས་ཀྱང་རང་རང་གི་བསམ་ཚུལ་རེ་སྤེལ་དངྲ།

    གལ་ཏེ དྲི་བ་་[སློབ་གྲོགས་ཤིག་གིས། ད་སྐབས་ང་ཚོའི་སྤྱི་ཚོགས་ནང་དུ་ཕོ་མོ་འདྲ་མཉམ་བཤད་མཁན་མང་པོ་འབྱུང་གིན་ཡོད་ལ། དེ་བཞིན་གཞུང་གིས་ཀྱང་བུད་མེད་ཚོའི་ནུས་ཤུགས་སྤེལ་དགོས་པར་གསུང་གིན་ཡོད་པ་རེད། ངའི་ཁོར་ཡུག་གི་མི་མང་པོ་ཞིག་ལ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་བུད་མེད་ཅིག་འདེམས་དགོས་པའི་བསམ་ཚུལ་ཡང་འདུག ཁྱེད་རང་གི་ངོས་ནས་དེར་བསམ་ཚུལ་གང་ཡོད་དམ།] ཞེས་པ་དེ་ང་ལ་དྲིས་ཡོད་ན་ངས་”མཁྱེན་ཡོན་དང་ཉམས་མྱོང་། འཇོན་ཐང་། ལྷག་བསམ་ཡོད་པ་ཞིག་ཡོད་ན་ལོས་ཡིན་་། འོན་ཀྱང་དེང་སང་བོད་གཞུང་ལས་ཁུངས་མ་ལག་ནང་བུད་མེད་ལ་དམིགས་བསལ་མང་བོ་གནང་ཡོད་པ་བཞིན་བཀའ་བློན་ལ་དམིགས་བསལ་ཐོབ་ཐང་གནང་མི་དགོས་”ཞེས་ལན་རྒྱབ་ངེས་རེད།
    ཁྱོད་རང་ནམ་རྒྱུན་བུད་མེད་ཀྱི་ཐོབ་ཐང་རྩོད་གླེང་བ་གཏེ་པོ་ཞིག་ཡིན་ན་ཡང་བོད་ཀྱི་བུད་མེད་ཀྱི་འཇོན་ཐང་སྟོན་པའི་དུས་གལ་ཆེར་སླེབས་དུས་ཁྱོད་ཀྱིས་ཡང་ནས་བསྐྱར་དུ་བཤད་པའི་ཚིག་”སྐྱོར་”ཟེར་བ་ལས་གཡོལ་ནས་བོད་ཀྱི་བུད་མེད་ལ”རེ་བ་གཏན་ནས་རྒྱག་མི་ཉེན”་”དམིགས་བསལ་མ་སྤྲད་ཚེ་ཤེས་ཡོན་དང་འགན་འཁྲིའི་འདུ་ཤེས་ལྡན་པ་གཏན་ནས་མེད།” སོགས་མི་འཇོན་མི་ཡོང་བ་ལུང་བ་གང་བཤད་དེ་ཁྱོད་ཀྱིས་བོད་ཀྱི་བུད་མེད་ཤེས་ཡོན་ཅན་ཚོར་དམའ་འབེབས་མཐོང་ཆུང་བློར་མི་གཤོངས་བ་བྱས་འདུག་པའི་འཚོར་སྣང་བྱུང་།

    Reply
  19. ཁྱུང་ཚང་། says:
    ལོ་ 16 སྔོན།

    ངའི་བསམ་ཚུལ་ལྟར་ན་ང་ཚོའི་བཀའ་བློན་ཁྲི་བ་དེ་ཨ་རིའི་སྲིད་འཛིན་ལས་ཀྱང་གལ་ཆེ་བ་ཞིག་ཏུ་མཐོང་གི་མི་འདུག དེ་བས་ཀྱང་དེ་ཙམ་ཤེས་འཇོན་གྱི་མ་རྩ་ཅན་གྱི་མི་བུ་གལ་ཆེན་ཞིག་ཡོད་དགོས་མི་འདུག གལ་སྲིད་དེ་ལྟ་བུ་ཞིག་དགོས་ཀྱང་རྙེད་རྒྱུ་ཁག་པོ་རེད། ང་ཚོར་རྒྱལ་སྤྱི་རང་བཞིན་གྱི་སློབ་སྦྱོང་དང་མཐོང་རྒྱ་མེད་མཁན་(སྤྱི་ཡོངས་ཀྱི་ཆ་ནས་)ཞིག་ལ་སྐད་ཆ་འདི་ཧ་ཅང་གི་ཆེ་དྲག་པའི་ཚོད་དུ་འདུག་སྙམ། བཀའ་བློན་ཁྲི་བ་ནི་མི་བུ་སུ་ཞིག་འདེམས་ཀྱང་ཁྱད་པར་མི་འདུག གཙོ་བོ་བོད་མི་རབས་རྗེས་མ་སྐྱེད་བསྲིང་བྱ་བར་བསམ་བློ་གུ་ཡངས་ཅན་ཞིག་དགོས་ངེས་རེད། དེ་བས་བུད་མེད་ཞིག་འདེམས་ནའང་མི་ཆོག་པ་མི་འདུག སྦྱོང་བསྡུར་གྱི་གོ་རིམ་ཞིག་ཏུ་ལྟོས་ཆོག གོང་ས་མཆོག་གི་དགོངས་པ་ཡང་བུད་མེད་ལོ་གཞོན་ཞིག་བཀའ་བློན་ཁྲི་བར་འདེམས་ཐོན་ཡོང་རྒྱུར་བསྒུག་བསྡད་ཡོད་པ་ཉག་གཅིག་རེད། ལྷག་པར་བོད་རིགས་བུད་མེད་ཀྱི་བསམ་བློའི་སྣེ་ཁྲིད་པ་ཚེ་རིང་སྐྱིད་ཀྱང་འོས་གྲལ་ལ་ལངས་ན་འགྲིག་ཐལ

    Reply
  20. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    སྤྱིར་ཁྱེད་ཀྱིས་གསུངས་བ་ལ་རྒྱུ་མཚན་འདུག་ཐུགས་རྗེ་ཆེ། ཕྱོགས་རེས་བྱས་ནས་མ་ཡིན་པར་། གལ་སྲིད་འཇོན་ཐང་ཡོད་ན་འདེམས་་རུང་དང་མི་རུང་ཞེས་གསུངས་མི་ཉན་པ་མ་ཟད། འདེམས་དགོས་དང་དགོས་སྙམ།

    Reply
  21. ཁྲག says:
    ལོ་ 16 སྔོན།

    བོད་ཀྱི་བཀའ་ཁྲི་ཟེར་བ་མི་འགས་བཤད་པ་ལྟར་ཇ་མངར་མོ་རེ་འཐུང་ནས་རྒྱ་ནག་གིས་རང་སྐྱོང་ནམ་སྟེར་ལ་སྒུག་ནས་འདུག་ཐུབ་མཁན་ཞིག་ཡིན་དགོས་པས། ལས་དོན་གལ་ཆེན་དེ་ཙམ་མེད་པའི་ལོ་འདི་དག་གི་རིང་ལ་བུད་མེད་རེ་བཀའ་ཁྲིར་བསྡད་དེ་བོད་ཀྱི་དམངས་གཙོའི་ངོ་སོ་རེ་ངོམ་ན་ཡང་མི་ཆོག་རྒྱུ་མི་འདུག
    ངོ་མ་བཤད་པ་ཡིན། བཀའ་ཁྲི་འཇོན་དྲགས་ནས་ཀྱང་ལས་རྒྱུ་མི་འདུག་ག

    Reply
  22. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    འོ་རེད་ཡ། བོད་ཀྱི་བུད་མེད་ཚོ་ཚང་མས་ཚེ་རིང་སྐྱིད་ནང་བཞིན་འབད་བརྩོན་བྱེད་ན་ལེགས་པར་མངོན། ཚེ་རིང་སྐྱིད་ནི་བོད་མི་མཛངས་མ་ཞིག་ཏུ་བགྲང་རུང་བ་རེད་འདུག་ག མུ་མཐུད་དེ་བོད་ཀྱི་རིག་གནས་ལ་བྱང་ཆུབ་པར་ཤོག།

    Reply
  23. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    ནོར་བཅོས། ༼ སྟུན་ན ༽

    Reply
  24. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    བརྒྱ་བཤད་སྟོང་བཤད་ཀྱི་དགོས་པ་གང་ཡང་ཡོད་པ་མ་རེད། བཀའ་བློན་ཁྲི་བ་ནི་ཕོ་མོ་སུ་ཡིན་ཀྱང་རུང་བ་ཞིག་རེད། ཡིན་ནའང་ཆབ་སྲིད་ཀྱི་ཐད་ནས་ཤེས་འཇོན་གཉིས་ལྡན་ཞིག་ངེས་པར་དུ་ཡིན་དགོས་རྒྱུ་རེད། གནད་འགག་གཅིག་ནི་བཀའ་བློན་ཁྲི་བར་འོས་པའི་བུ་མེད་ཅིག་ཡོད་མེད་དེ་རེད། གལ་ཏེ་མེད་ན་ཨུ་ཚུགས་བྱས་ཏེ་བཀའ་ཁྲི་བུ་མེད་མེད་ཅིག་ཡོང་ཐབས་བྱེད་དགོས་དོན་གང་ཡང་ཡོད་པ་མ་རེད། སྤྱིར་དམངས་གཙོ་རྒྱལ་ཁབ་དང་བརྟུན་ན་འོས་གཞི་སོ་སོའི་ངོས་ནས་མི་དམངས་ལ་ཞབས་འདེགས་སྒྲུབ་རྒྱུ་ཆེད་དུ་བཀའ་བློན་ཁྲི་བ་ཐོབ་ཐབས་བྱེད་རྒྱུ་དེ་རེད་མ་གཏོགས། མི་དམངས་ངོས་ནས་ཕར་འཚལ་དགོས་རྒྱུ་མ་རེད་ལ། ད་མི་དམངས་ངོས་ནས་ག་རེ་བྱེད་དགོས་པ་རེད་ཅེས་ན། ང་ཚོའི་བློ་གཟུ་བོར་གནས་པའི་ངང་ནས་འོས་ཤོག་བླུག་རྒྱུ་དེ་རེད། །

    Reply
  25. བདེ་འབྱུང་ says:
    ལོ་ 16 སྔོན།

    བུ་མོ་འདི་རྣམ་པ་ཡག་པ་ཙམ་གྱི་ག་ལ་ཚད། ཚིག་སྦྱོར་སྙོམས་པ། བརྗོད་དོན་འབུར་བ། རྗོད་ཁ་གསལ་བ། དངོས་ནས་ཡིན། ང་བུ་མོ་འདི་ལ་ཡིད་སྨོན་འཆོར་སོང་། བྱས་ཙང་ང་མོ་རང་གི་ལྟ་བ་ལ་མོས་མཐུན་ཡོད་ལ། མ་འོངས་པ་ཡིན་ནའང་མོས་ཇི་གསུངས་བཀའ་བསྒྲུབས་དང་རྒྱབ་སྐྱོར་བྱེད་འདོད་ཡོད། སྐུ་ཚེ་རིང་བར་ཤོག འདོད་དོན་འགྲུབ་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese