མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་རིམ་བཅུ་བའི་རྒྱུགས་འབྲས།

བོད་ཀྱི་དུས་བབ།
༢༠༠༩/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོ་ ༢༠༠༩ ལོའི་ཕྱི་ཟླ་ ༣ ནང་བཏང་ཡོད་པ་དང༌། ཕྱི་ཟླ་ ༥ ཚེས་ ༢༦ དང་ཚེས་ ༢༩ སོ་སོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་ཡོངས་ཁྱབ་ཏུ་གསལ་བསྒྲགས་བསྐྱངས་ཡོད། ༢༠༠༩ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག ༢༧  གྱི་འཛིན་རིམ་བཅུ་པའི་སློབ་མ་གྲངས་ ༡༦༧༢ འཛུལ་ཞུགས་གནང་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༤༥༣ ཙམ་གྱིས་ཡིག་རྒྱུགས་འཕྲོད་ཡོད་པ་དང༌། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༢༡༧ དང༌། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༢ བྱུང་ཡོད་འདུག འདི་ལོའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༨༦་༩ ལ་སླེབས་ཡོད་སྟབས། སྔར་ལོ་ལས་བརྒྱ་ཆ་ ༡་༢ མཐོ་བ་བྱུང་ཡོད། གོང་གི་གྲངས་ཐོ་དེའི་ནང་ནས་སློབ་ཕྲུག་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༥་༧༥ དང༌། སློབ་ཕྲུག་བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༧་༤༦ ཙམ་ཟིན་སྟབས། ད་ལོ་སློབ་ཕྲུག་བུ་ལས་བུ་མོ་ཅུང་ལེགས་པ་བྱུང་ཡོད།

 

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཆེན་མོར་ཞུགས་མཁན་བོད་མིའི་སློབ་གྲྭ་ཁག་ ༢༧ ཡོད་པ་ལས། སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཉིན་སློབ་དང༌། སེ་ལ་ཁུལ་བོད་ཁྱིམ། མོན་གྷོ་གཏན་སློབ། ཨོ་རི་ས་ཉིན་སློབ་བཅས་ནི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་བརྒྱའི་གྲུབ་འབྲས་ཐོབ་ཡོད། འདི་ལོ་བོད་པའི་སློབ་གྲྭ་ཁག་ཡོངས་ཀྱི་སློབ་ཕྲུག་ཚོའི་ནང་ནས་ཧར་པ་སྤུར་གྱི་སློབ་མ་རུ་ཆི་ཁ་བྷཌེ་ (Ruchika Bhatt )  ལ་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་ ༩༣ ལ་སོན་པས་ཨང་དང་པོ་དང༌། ཨི་ཏཱ་ཨག་གྷར་ཝལ་ (Ekta Aggarwal ) ལ་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་ ༩༠་༦ ལ་སོན་པས་ཨང་གཉིས་པ་དང༌། སེ་ལ་ཁུལ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་རྒྱལ་ཆོས་ལ་བརྒྱ་ཆ་ ༨༨་༤ སོན་ཡོད་པས་བོད་ཕྲུག་ཁོངས་ནས་ཨང་རིམ་དང་པོ་ཡིན་འདུག

 

བོད་ཁྱིམ་ཅོན་ཏ་ར་སློབ་གྲྭའི་འཛིན་རིམ་བཅུ་པ་འདི་ལོ་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་ཐེངས་དང་པོར་འཛུལ་ཞུགས་བྱས་པ་ཡིན་འདུག་ལ། རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་ཁྱོན་བསྡོམས་སློབ་མ་གྲངས་ ༨༡༥༤༠༠ འཛུལ་ཞུགས་བྱས་པའི་ཁོངས་ནས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༠་༠༧ ཙམ་ལ་སླེབས་ཡོད་པའི་གནས་ཚུལ་ཐོན་ཡོད།

 

ལོ་འདིའི་འཛིན་རིམ་བཅུ་བའི་ཡིག་རྒྱུགས་དེ་ ༢༠༠༢ ལོ་ནས་བཟུང་གྲུབ་འབྲས་ཆེས་ལེགས་པའི་ཡིག་རྒྱུགས་དེ་ཆགས་ཡོད་པ་དང། ལོ་སྔོན་མའི་བརྒྱ་ཆ་ ༨༥༌༧ ལས་འཕར་ཏེ་བརྒྱ་ཆ་ ༨༦༌༩ ཟིན་ཡོད། སློབ་གྲྭ་ཁག་ ༢༧ ཙམ་གྱི་ཁྲོད་ཡིག་རྒྱུགས་བརྒྱ་ཆ་བརྒྱ་འཕྲོད་ཟིན་པའི་སློབ་གྲྭ་ཁག་བཞི་ཡོད་པ་ནི་སྤེལ་ཀོབ་བདེ་སྐྱིད་གླིང་ cvp གཏན་སློབ་དང་སེ་ལ་ཀོལ་བོད་ཁྱིམ། མོན་གྷོ་གཏན་སློབ། ཨོ་རི་ས་གཏན་སློབ་བཅས་རེད། 

 

སྤེལ་ཀོབ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་རྒྱལ་ཆོས་ཀྱིས་བརྒྱ་ཆ་ ༨༨༌༤ བླངས་ཏེ་ཨང་དང་པོ་དང༌། གྷོལ་པ་པུར་སློབ་མ་ཀུན་བཟང་རྒྱ་མཚོས་བརྒྱ་ཆ་ ༨༧༌༨ བླངས་ཏེ་ཨང་གཉིས་པ། སེ་ལ་ཀོབ་གཏན་སློབ་ཀྱི་རིག་འཛིན་རྡོ་རྗེས་བརྒྱ་ཆ་ ༨༧༌༨ བླངས་ཏེ་ཨང་གཉིས་པ། ཀོ་ལི་གྷལ་གཏན་སློབ་ཀྱི་ཚེ་རིང་ལྷ་མོས་བརྒྱ་ཆ་ ༨༧༌༦ བླངས་ཏེ་ཨང་གསུམ་པ་བཅས་ཡིན། འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད་སློབ་ཕྲུག་བུ་ ༧༧༩ ཡོད་པའི་ཁྲོད་ ༦༨༨ ཡིས་ཡིག་རྒྱུགས་འཕྲོད་ཡོད་པ་དང༌། ཆ་སྙོམས་སྐར་གྲངས་ ༨༥༌༧༥ ཡིན། བུ་མོ་ ༨༦༡ འཛུལ་ཞུགས་བྱས་པའི་ཁྲོད་ ༧༥༣ གྱིས་ཡིག་རྒྱུགས་འཕྲོད་ཡོད་ལ། ཆ་སྙོམས་སྐར་གྲངས་ ༨༧་༤༦་གྲུབ་འབྲས་བླངས་ཏེ། ལོ་འདིའི་རྒྱལ་ཡོངས་འཛིན་རིམ་བཅུ་བའི་སྤྱིའི་ཡིག་རྒྱུགས་འཕྲོད་ཚད་ནི་བརྒྱ་ཆ་ ༩༠་༠༧ ཡིན་ལ། བོད་སློབ་འཛིན་རིམ་བཅུ་བའི་སྤྱིའི་ཡིག་རྒྱུགས་འཕྲོད་ཚད་ནི་བརྒྱ་ཆ་ནི་ ༨༦་༩ ཟིན་ཡོད་པ་རེད།

 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 2

  1. jamyangdakpa says:
    ལོ་ 17 སྔོན།

    Zôh-fdghgfdhgfhf

    Reply
  2. སེར་བྱེས་ལྷོ་པ་རིན་ཆེན་རྣམ་རྒྱལ། says:
    ལོ་ 17 སྔོན།

    ༄༅།།ཏཱ་ལའི་བླ་མ་ངོ་མ་ཤེས་པའི་བོད།

    འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་སྲིད་
    འཛིན་དང་སྲིད་བློན། གཞུང་འཛིན་གྲོས་ཚོགས་ཁག་གི་ཚོགས་གཙོ་དང་དྲུང་ཆེ། གཞུང་འབྲེལ་
    མ་ཡིན་པའི་སྲིད་དོན་དང་། སྲིད་དོན་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་ཆོས་ལུགས་འདྲ་མིན་
    གྱི་དབུ་ཁྲིད་དང་བླ་ཆེན་ཁག ཚན་རིག་པ་དང་ཁྲིམས་ལུགས་པ་མཁས་ཅན། ཤེས་ཡོན་ཅན་དང་
    བསམ་བློ་བ། ལོ་རྒྱུས་སྨྲ་བ་གྲགས་ཅན་དང་མང་གཙོ་དོན་གཉེར་བ། ཀུན་ཕན་འཇིག་རྟེན་གྱི་
    བྱ་གཞག་སྒྲུབ་མཁན་སོགས་འཛམ་གླིང་འདིའི་སྟེང་དུ་མིང་གྲགས་ཡོད་པའི་གནད་ཡོད་མི་སྣ་དག་གི་གཙོས་གཞི་རིམ་མི་མང་དང་བཅས་པས་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེས་
    གུས་བཀུར་དང་གདེང་འཇོག བསྟོད་བསྔགས་སོགས་ཞུ་བཞིན་པ་འདིའི་རྒྱབ་ལྗོངས་ནི། དུས་རབས་འདི་དག་གི་ནང་དུ། ༧གོང་ས་མཆོག་གི་འཛམ་གླིང་སྤྱི་ཡོངས་ལ་འཕྲལ་ཕུག་གཉིས་ཀར
    ཕན་རླབས་ཆེ་བའི་དགོངས་གཞི་དང་མཛད་འཕྲིན། དོན་སྙིང་ཧ་ཅང་ཟབ་ཅིང་མཐའ་གཅིག་ཏུ་
    ཕན་པའི་རང་བཞིན་ཅན་གྱི་ལམ་སྟོན་བཀའ་སློབ་སོགས་ལ་ཆ་དང་ཟུར་ཐམས་ཅད་ནས་ངོས་འཛིན་
    དང་ལྟ་ཚུལ་མ་ནོར་བར་བྱེད་ཐུབ་ཅིང་། དེ་དག་གི་རིན་ཐང་ཡོངས་སུ་རྟོགས་པའི་སྒོ་ནས་༧གོང་ས་
    མཆོག་གི་མི་གཞི་དང་། རྣམ་དཔྱོད་ཀྱི་བྲོ་བ་ཇི་བཞིན་མྱོང་བའི་དབང་གིས་ཡིན་ལ། དེ་དག་རྒྱུ་མཚན་དུ་བྱས་ནས་བརྩི་བཀུར་དང་། གདེང་འཇོག་བྱས་པ་དེ་ནི་༧གོང་ས་མཆོག་
    ངོ་ཤེས་པའམ་ངོས་ཟུན་པ་ངོ་མ་དེ་ཡིན་ཀྱང་། ཆེས་བློ་ཕམ་པ་ཞིག་ལ་རང་ཅག་བོད་པ་
    ཚང་གི་ནི་སྐྱ་སེར་གཉིས་ཀའི་སྤྱི་ཚོགས་ཀྱི་ནང་དུ། རླབས་ཆེ་བའི་དགོངས་གཞི་དང་། མཛད་འཕྲིན་ལམ་སྟོན་ཁག་ངོས་ཟིན་རྒྱུ་དང་དེ་དག་གི་རིན་ཐང་ཤེས་རྒྱུ་ལྟ་བཞག དེ་དག་ཅི་ཞིག་ཡིན་པ་དང་ཅི་ཞིག་གསུངས་ཀྱི་ཡོད་པའི་དོ་སྣང་ཙམ་ཡང་མེད་ལ། འགའ་ཞིག་ལ་དོ་སྣང་ཕྲན་ཙམ་རེ་ཡོད་ཀྱང་རིན་ཐང་ནམ་ཡང་སྤྲོད་མི་ཤེས། འོན་ཀྱང་སྐྱ་སེར་གཉིས་ཀའི་དོ་སྣང་ཕྲན་བུ་དང་རྣ་ཅོག་གཏད་ཙམ་རེ་བྱེད་པ་ནི། ༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་ཀྱི་སྐབས་སུ་དོལ་རྒྱལ་བསྟེན་གསོལ་མི་རུང་
    བའི་བཀའ་སློབ་རེ་གནང་ན་གྲྭ་བཙུན་ཚོས་རྣ་ཅོག་གཏད་ཙམ་རེ་བྱེད་ལ། དེ་མིན་གྲྭ་བཙུན་ཚོ་ལ་བཀའ་བཀྱོན་ཕྲན་བུ་རེ་གནང་ན་སྐྱ་བོ་ཚོས་ཅི་ཞིག་གོ་བ་ལྟར་རྣ་ཅོག་གཏད་
    ཙམ་དང་དད་པ་ཆེ་མདོགས་རེ་བྱེད། དེ་ལས་གཞན་གསུང་ཆོས་དང་བཀའ་སློབ་སོགས་
    གང་གི་སྐབས་སུ་ཡང་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ནང་དོན་དང་། འཛམ་གླིང་སྤྱི་ཁྱབ་ལ་ཕན་པའི་
    བཀའ་སློབ་ལམ་སྟོན་སོགས་ཅི་ཙམ་གསུངས་ཀྱང་ག་རེ་གསུངས་ཀྱི་ཡོད་པའི་ཇུས་ཏོག་ཙམ་ཡང་
    མེད་པར་གཉིད་ཁུག་པ་དང་། སྐད་ཆ་བཤད་པ། ཡང་ན་ཟ་མ་ཟ། མང་ཆེ་བས་ནི་དོ་སྣང་ཅི་ཡང་
    མ་བྱས་ཀྱང་བྱིན་རླབས་སམ་དབང་། ཡང་ན་ལུང་རྒྱུན་དང་ཁྲིད་ཙམ་ཞིག་ཐོབ་པའི་གྲངས་གསོག་
    རྒྱུ་དང་གཞན་ལ་ངོམས་རྒྱུ་ཙམ་བྱུང་ན་དེས་ཆོག་པའི་བསམ་ཚུལ་དང་ལྟ་ཚུལ་ཡོད་མཁན་ནི་ཅི་བས་མང་།
    ད་དུང་དེ་བས་ག་ལ་ཚད་དེ་སྐྱ་སེར་གཉིས་ཀའི་ནང་དུ་ཆེན་པོར་རློམས་མཁན་དག་གིས་ཀྱང་། མངོན་སུམ་དུ་མཐོང་ཐོས་ཡོད་པའི་མཛད་འཕྲིན་དང་། དགོངས་གཞི་བཀའ་སློབ་དག་ལ་གདེང་
    འཇོག་དང་དོ་སྣང་ཅི་ཡང་སྤྲོད་མི་ཤེས་པར་རང་ཉིད་ལ་ཆེས་ལྐོག་ཏུ་གྱུར་པའི་གཞན་གྱི་རྒྱུད་ཚོད་ལ་སྦར་ཟིན་བྱས་ཏེ་གནས་ལུགས་དང་རྒྱུ་མཚན་ཅི་ཡང་བགྲང་དུ་མེད་པར་༧གོང་ས་མཆོག་ནི་སྤྱན་རས་གཟིགས་སྐུ་མངོན་སུམ་དང་། སྐུ་ཤ་རློན་པ་རེད་སོགས་ཟེར་ཏེ་མིག་ཟིམ་ཟིམ་དང་། ཐལ་མོ་སྦྱོར་ཁུལ་རེ་བྱས་ནས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཞིག་མིན་ན་གཞན་ཅི་ལ་ཡང་རིན་ཐང་སྤྲོད་མི་ཤེས་པའི་རང་རྟགས་ཕྱིར་ངོམས། དེས་ན་རྒྱུ་མཚན་འདི་དག་ལ་ཡང་ཡང་བསམ་ན་གོང་ས་མཆོག་དགུང་གྲངས་བདུན་ཅུ་ལས་བརྒལ་
    ཀྱང་རང་རེ་བོད་པས་ད་དུང་༧གོང་ས་མཆོག་ངོ་ཤེས་མེད་པ་དང་ངོས་ཟུན་མེད་ལ། ༧གོང་ས་མཆོག་གི་བྲོ་བ་མྱོང་ཐུབ་མེད་ཅིང་རིན་ཐང་སྤྲོད་སྟངས་ཤེས་མེད་པ་འདི་ནི་ཅི་འདྲའི་བློ་
    ཕམ་པ་དང་། ཡི་ཐང་ཆད་དགོས་པ་ཞིག་མ་ཡིན་ནམ། གྲོགས་པོ་ལགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese